82
i ག་་ཨ་ལོ་ ་ཚོགས་དང་པ་ཚོགས་ངས་དང་པ་ས་ མཛད་མ་དང་ ས་ད། ཚོགས་དཔོན་ ་བན་� ག་་ཨ་ལོ་ ་ཚོགས་དང་པ། ཚོགས་ངས་དང་པ།

འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

  • Upload
    others

  • View
    6

  • Download
    0

Embed Size (px)

Citation preview

Page 1: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

i

འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས་དང་པའི ་ཚོགས་ཐེ ངས་དང་པ་གི ས་

མཛད་རི མ་དང་གྲོ ས་ཆོ ད།

ཚོགས་དཔོན་ ཚེ ་བརྟ ན་� །

འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས་དང་པ།

ཚོགས་ཐེ ངས་དང་པ།

Page 2: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

ii

Publisher : Election Commission of Bhutan Post Box 2008, Pedzoe Lam

Phone : +9752334851/2

Fax : +9752334763

Email : [email protected]

Website : www.ecb.bt

Copyright: ECB, 2016

Anybody wishing to use the name, cover, photos, cover design, material part or whole thereof in any form in any publication may do so with due acknolegement

Publication Date : December 2016

Page 3: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

iii

དཀར་ཆག

༡. འགོ་བཙུགས་རྟེན་འབྲེལ་གྱི་མཛད་རིམ།.................................................................................................................................༡

༢. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་དཔོན་གྱིས་ འབྱོན་པ་ལེགས་སོའི་གསལ་བཤད།.............................................༡

༣. མི་དབང་འབྲུག་རྒྱལ་བཞི་པའི་ཞབས་བརྟན།.........................................................................................................................༢

༤. མི་དབང་འབྲུག་རྒྱལ་ལྔ་པའི་ཞབས་བརྟན།............................................................................................................................༢

༥. འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱི་གསུང་བཤད།...................................................................................................༢

༦. སྐུ་མགྲོན་གཙོ་བོ་ རྒྱལ་འཛིན་ཞིབ་འཚོལ་དང་བློ་གྲོས་ཚོགས་སྡེ་ལས་ དྲགོས་ཀུན་བཟང་དབང་འདུས་ཀྱི་གསུངས་

བཤད།...........................................................................................................................................................................................༦

༧. བཀྲིན་དགའ་ཚོར་གྱི་གསལ་བཤད་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན།.........................༨

༨. འབྲུག་གི་ཨ་ལོའི་སྤྱི་ཚོགས་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་ཡོད་པའི་མཛད་རིམ་ཆ་ཚང།.........༡༡

༩. འབྲུག་གི་ཨ་ལོའི་སྤྱི་ཚོགས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ཡོད་པའི་མཛད་རིམ་ཆ་ཚང།............༣༥

༡༠. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱིས་ ཚོགས་ཁང་སོ་སོའི་ནང་ གྲོས་གཞི་ཐོག་གྲོས་བསྡུར་གནང་བའི་ལྷན་ཞུགས་

འཚོགས་རིམ་ཟིན་ཐོ།.............................................................................................................................................................༥༥

༡༡. འབྲུག་གི་ཨ་ལོའི་སྤྱི་ཚོགས་ལྷན་ཞུགས་ཀྱི་གྲོས་ཆོད།.....................................................................................................༧༥

Page 4: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

iv

Page 5: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

1

འབྲུག་གི་ཨ་ལོའི་སྤྱི་ཚོགས་དང་པའི་ཚོགས་ཐེངས་དང་པ་གིས་མཛད་རིམ་དང་གྲོས་ཆོད།

༡. འགོ་བཙུགས་རྟེན་འབྲེལ་གྱི་མཛད་རིམ།

གནམ་ལོ་ཤིང་མོ་ལུག་ལོ་ ཟླ་༡༡ པའི་ཚེས་༢༥ ལུའམ་ སྤྱི་ལོ་༢༠༡༦ ཟླ་༠༡ པའི་ཚེས་༤ ལུ་ འབྲུག་གི་ཨ་ལོའི་སྤྱི་

ཚོགས་དང་པའི་ཚོགས་ཐེངས་དང་པ་འདི་ གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིནམ་དང་བསྟུན་ དམངས་གཙོའི་

ཁང་བཟང་གི་བཞི་པ་ཆེན་པོའི་ཚོགས་ཁང་ནང་ འབྲུག་མི་ཡོངས་བཀྲིན་ཅན་གྱི་བདག་ཉིད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ ཆོས་སྲིད་གཉིས་ཀྱི་མངའ་བདག་ མི་དབང་མངའ་བདག་རིན་པོ་ཆེའི་རྣམ་གཉིས་ཀྱི་ཞབས་བརྟན་ཕུལ་ཏེ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ནང་ བཙག་འཐུ་གྲུབ་པའི་འཐུས་མི་ཚུ་ལུ་ སྐུ་མགྲོན་གཙོ་བོ་ལས་ ལག་ཁྱེར་ཚུ་ཞུ་ཐོག་ལས་ འགོ་བཙུགས་གནང་ཡི།

༢. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་དཔོན་གྱིས་ འབྱོན་པ་ལེགས་སོའི་གསལ་བཤད།

བླ་མའི་ཐུགས་རྗེ་ དཀོན་མཆོག་གི་བྱིན་རླབས་ གོངམ་བསོད་ནམས་ཅན་ཚུ་དང་ དམིགས་གསལ་གྱིས་ འབྲུག་རྒྱལ་ཁབ་ཀྱི་འབྲུག་གཞུང་རྩ་བ་གསུམ་གྱི་ སྐུ་དང་གྲིབ་མ་ལས་བརྟེན་ ད་རེས་ འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་ཀྱི་ཞལ་ལས་ཡང་ ལེགས་པའི་ཕྱོགས་སུ་ རྟེན་འབྲེལ་བཟང་པོ་གྲིགས། །ཕུན་སུམ་ཚོགས་པ་རང་གིས་བྱེད་པས་ཆོག །ཟེར་གསུངས་དོ་བཟུམ་ ད་རེས་ རྟེན་འབྲེལ་ག་ནི་བ་ལེགས་པའི་ཉིམ་འདི་ནང་ལུ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་ཐེངས་དང་པ་ འགོ་བཙུགས་རྟེན་འབྲེལ་འདི་ནང་ གཞུང་འབྲེལ་གྱི་ཕྱག་ལཱ་ མང་ཧིངས་རྫོགསཔ་ཅིག་ རྒྱབ་ཁར་བཞག་སྟེ་ ང་བཅས་ཀྱི་ལས་རིམ་འདི་ ག་ནི་བ་ཁག་ཆེཝ་ཅིག་སྦེ་ བརྩི་མཐོང་དང་ ཆ་འཇོག་བསྐྱེད་དེ་འབྱོན་གནང་མི་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱི་དྲག་ཤོས་སྐུ་བགྲེས་ལྷན་འཛིན་སྤྱི་ཁྱབ་དང་ དྲག་ཤོས་ལྷན་འཛིན་སྤྱི་ཁྱབ་ ལྷན་འཛིན་རྣམ་གཉིས་ དེ་ལས་ བརྩེ་གདུང་ རང་གི་ཕམ་བ་ལྷག་པའི་ རྫོག་ཁག་ ༢༠ ལས་བྱོན་མི་ སློབ་ཕྲུག་བདག་འཛིན་པ་སློབ་དཔོན་ག་ར་ལུ་དང་ དམིགས་གསལ་གྱི་ད་རེས་ཚོགས་ཁང་ནང་ལུ་ རྫོག་ཁག་ ༢༠ གི་ཨ་ལོ་སྤྱི་ཚོགས་ཀྱི་འཐུས་མི་ག་ར་ལུ་ དང་པ་རང་ ཚོགས་དཔོན་ང་རའི་ཁ་ཐུགས་ལས་ སྐུ་གཟུགས་བཟང་པོ་ཟེར་ཞུ་ནི་དང་འབྲེལ་ འབྱོན་པ་ལེགས་སོ་ཟེར་ཞུ་ནི་ཨིན།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ལས་ཡང་ གཏམ་གྱི་འགོ་དཀའ། བྱ་བའི་གཞུང་དཀའ། ཆོས་ཀྱི་མཐའ་དཀའ། ཟེར་གསུངས་དོ་བཟུམ་ ང་བཅས་རང་འཇིག་རྟེན་འདི་ནང་ལུ་ ལཱ་དང་བྱ་བ་ག་ཅི་རང་འབད་རུང་ འཇམ་ཏོང་ཏོ་ཅིག་མེན་མི་འདི་ཡང་ འཇིག་རྟེན་མགོན་པོ་ཉམས་མྱོང་ཅན་ཚུ་གིས་ དཔེ་གཏམ་ནང་ལས་ཡང་ ལཱ་ཨ་པས་འབད་ཚེ་འཇམ་འཇམ་འདྲ། །ལྟོ་ཨ་མས་བཟོ་ཚེ་ཞིམ་ཞིམ་འདྲ་ཟེར་སླབ་དོ་བཟུམ་ ག་ཅི་གི་ཐད་ལས་ཡང་ འཇམ་ཏོང་ཏོ་ཅིག་མེད་དེ་རང་འབད་རུང་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱིས་ ང་བཅས་འབྲུག་པའི་ན་གཞོན་ཚུ་ མ་འོངས་པ་གི་འགོ་ཁྲིད་ཨིནམ་ལུ་ ཐུགས་ཁར་བསྣམས་ཏེ་ ང་བཅས་ལུ་ དམིགས་གསལ་གྱི་ བརྩེ་གདུང་སྦོམ་བསྐྱེད་དེ་ འདི་བཟུམ་མའི་ལཱ་དང་ལས་རིམ་བརྩམས་གནང་མི་འདི་ལུ་ ག་ཅི་དེ་དགའ་ཚོར་ཡོད་ཟེར་ཞུ་ནི་དང་འབྲེལ་ དེ་བཟུམ་མའི་ལས་རིམ་འདི་ ང་བཅས་སློབ་ཕྲུག་ན་གཞོན་ཕོ་མོ་མང་ཤོས་ཅིག་ལུ་རང་ ག་ཅི་དེ་སྐལ་བ་བཟང་པའི་གི་ ལས་རིམ་ཅིག་ཨིནམ་མ་

Page 6: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

2

ཚད་ དམིགས་གསལ་གྱི་ལས་རིམ་འདི་ འགོ་ཐོག་དང་པ་ སྒོ་བྱེད་འབདཝ་དང་འབྲེལ་ ང་བཅས་འདི་ནང་ལུ་ འཐུས་མི་སྦེ་ བཅའ་མར་གཏོགས་ནི་གི་སྒོ་སྐབས་ཐོབ་མི་ལུ་ ག་ཅི་དེ་བཀྲིན་དགའ་ཚོར་ཆེ་ཟེར་ཞུ་ནི་ཨིན་ལགས། འདི་བཟུམ་མའི་གི་ལས་རིམ་འདི་ ན་གཞོན་ག་ར་གིས་མ་ཐོབ་རུང་ ང་བཅས་འབྲུག་གི་ན་གཞོན་ཚུ་གི་ངོ་ཚབ་སྦེ་ ནཱ་ལུ་ལྷོད་བཞིནམ་ལས་ ནི་ལུ་འགན་འཁུར་ཐེབས་འབད་རང་འབག་སྟེ་ ཕྱག་ཕྱིད་ཞུ་ནི་གི་ ཁས་བླངས་དམ་བཅའ་ཡང་ ད་རེས་འགོ་བཙུགས་རྟེན་འབྲེལ་དང་འབྲེལ་ ཕུལ་ནི་ཨིན་ཟེར་ཞུ་ནི་ཨིན་ལགས།

ནཱ་དྲག་ཤོས་མཆོག་ལུ་ སྙན་ཞུ་བཟུམ་ཅིག་སྦེ་ཞུ་བ་ཅིན་ ད་རེས་ཚོགས་ཁང་འདི་ནང་ལུ་ རྫོང་ཁག་ ༢༠ ལས་ བཙག་འཐུ་ལས་གྲུབ་ཡོད་པའི་ འཐུས་མི་ ༢༠ དང་ བཙག་འཐུ་ལས་གྲུབ་ཡོད་པའི་ རྒྱལ་ཡོངས་ཚོགས་འདུ་གི་འཐུས་མི་ ༤༣ དང་ དེ་ལས་ བདག་འཛིན་པ་ སློབ་དཔོན་ ༢༢ བསྡོམས་ཏེ་ ཡོངས་བསྡོམས་ མི་ངོ་ ༨༥ དེ་ཅི་ཡོད་ཟེར་ཞུ་ནི་ལགས།

ལས་རིམ་འདི་ འགོ་བཙུགསཔ་དང་འབྲེལ་ ད་ལས་ཕར་ འགོ་བཙུགས་བཙུགསཔ་ས་རང་ གཏན་དུ་གནས་ནི་དང་ ང་བཅས་ འདི་བཟུམ་མའི་ལས་རིམ་འདི་མཇུག་བསྡུ་སྟེ་ ལོག་འགྱོ་སྟེ་རང་འབད་རུང་ སློབ་གྲྭ་ནང་ལྷོདཔ་དང་ རང་གི་ཆ་རོགས་ཚུ་ལུ་ཉེན་བརྡ་འབད་ཞིནམ་ལས་ མཇུག་ཤུལ་མ་ འཐུས་མི་ནི་བཟུམ་ཅིག་ལས་མེད་དེ་རང་འབད་ས་ཅིག་རུང་ དོ་འགྲན་འབད་མི་འདི་ཚུ་ གཅིག་བ་གཉིས་ མང་ཧིངས་རྫོགསཔ་ཅིག་སྦེ་འཐོན་ཏེ་ ང་བཅས་ཀྱི་འདི་ནང་ལུ་ ལས་རིམ་འདི་ ག་ཅི་དེ་ སྤྲོ་ཅན་ཅིག་དང་ ཁེ་ཕན་ཅན་ཅིག་སྦེ་བཟོ་ནི་གི་རེ་བ་ཡོད་ཟེར་ཞུ་ནི་ཨིན་ལགས།

དེ་འབདཝ་ལས་བརྟེན་ དོ་རུང་ཡང་ཚར་ཅིག་ དམིགས་གསལ་གྱི་འབྲུག་པའི་ན་གཞོན་ཕོ་མོ་ག་ར་ལུ་ རང་གི་བུ་གཞིས་ལས་ལྷག་པའི་ བྱམས་སྐྱོངས་དང་བརྩེ་གདུང་ རྒྱུན་ཆད་མེད་པར་བསྐྱེད་པའི་རྟགས་དང་རྟེན་འབྲེལ་ལུ་ ལས་རིམ་འདི་བཟུམ་ཅིག་འགོ་འདྲེན་འཐབ་གནང་མི་ལུ་ མི་རྗེ་དྲག་ཤོས་མཆོག་དང་ ལྷག་པར་དུ་ བཙག་འཐུ་ལྷན་ཚོགས་ནང་ཕྱག་ལཱ་གནང་མི་ག་ར་ལུ་ ང་བཅས་ག་ར་གིས་ བཀྲིན་དགའ་འཚོར་ཡོད་ཟེར་ཞུ་ནི་དང་ དེ་བཟུམ་གྱི་དུས་སྐབས་འདི་ ནམ་ཡང་བརྗེད་མ་ཚུགས་པའི་དུས་སྐབས་ཅིག་ཨིན་ཟེར་ཞུ་ནི་ཨིན་ལགས། བཀྲིན་ཆེ།།

༣. མི་དབང་འབྲུག་རྒྱལ་བཞི་པའི་ཞབས་བརྟན།

༤. མི་དབང་འབྲུག་རྒྱལ་ལྔ་པའི་ཞབས་བརྟན།

༥. འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱི་གསུང་བཤད།

ག་ར་གིས་མཁྱེནམ་བཞིན་དུ་ དུས་ཅི་ སྤྱི་ལོ་ ༢༠༡༦ འདི་ ཁྱད་དུ་འཕགས་པའི་ལོ་ཨིན་མི་འདི་ཡང་ འགོ་བཙུགསཔ་ད་རང་ སྔར་ཐོས་མ་མྱོང་བའི་ རྒྱལ་རབས་ནང་ཚུད་དུ་རུང་བའི་མཛད་རིམ་འདི་ནང་ལུ་ སྐུ་མགྲོན་གཙོ་བོ་སྦེ་བྱོན་གནང་མི་ འབྲུག་ཐུགས་སྲས་ དྲགོས་ཀུན་བཟང་དབང་འདུས་མཆོག་ལུ་ ཧིངས་དྭངས་མའི་དཀྱིལ་ལས་རང་ ང་བཅས་རའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་དང་ སློབ་དཔོན་ཚུ་ དེ་ལས་བཙག་འཐུ་ལྷན་ཚོགས་ནང་ ཕྱག་ཞུ་མི་ག་ར་གི་ཁ་ཐུགས་ལས་ དམིགས་གསལ་གྱི་འབྱོན་པ་ལེགས་སོ་ཟེར་ཞུ་ནི་ཨིན།

Page 7: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

3

དྲགོས་མཆོག་ ང་བཅས་རའི་དམངས་གཙོའི་རིང་ལུགས་ཀྱི་བྱ་རིམ་ཚུ་ གོམ་པ་མདུན་དུ་སྤོ་བའི་དུས་ལས་རང་ བཙག་འཐུ་ལྷན་ཚོགས་ཀྱི་དབུ་ཁྲིད་སྦེ་ ཕྱག་ཞུ་སྟེ་རྒྱལ་ཡོངས་ཀྱི་གནས་ཚད་ལུ་ ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལུ་ ཕྱག་ལཱ་ག་དེ་སྦེ་གནང་ཡི་ག་ གྲུབ་འབྲས་དེ་ཚུ་ རྟེན་འབྲེལ་གྱི་ཕྱིར་དུ་ དྲན་གསོ་བཟུམ་ཅིག་འབད་ཞུ་བ་ཅིན་ ད་རེས་ཀྱི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་མཛད་རིམ་འདི་ དྲག་ཤོས་ཀྱི་དབུ་ཁྲིད་ཀྱི་ཐོགས་ལས་མཛད་མཛདཔ་ཨིན་པའི་ གྲུབ་འབྲས་ཅིག་ཨིན་ཟེར་ཞུ་ནི་ཨིན།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་མཛད་རིམ་འདི་ ཅི་དང་མ་འདྲ་བའི་རྟེན་འབྲེལ་གྱི་ཐོགས་ལས་ འགོ་བཙུགས་ཡོད་མི་འདི་ཡང་ དཔྱེ་འབད་ཞུ་བ་ཅིན་ ང་བཅས་ཀྱི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྩ་ཁྲིམས་དེ་ མ་ཆེན་སྐུ་མདུན་ལུ་ ཞག་གཅིག་ གསུངས་ཆོག་དང་ལྷ་བསངས་དེ་ཚུ་གནང་སྦེ་ མཚན་རྟགས་བཀོད་ནི་གི་དོན་ལུ་ བྱ་སྒོའི་རིམ་པ་དེ་ཚུ་ཡང་ གནས་ཁྱད་པར་ཅན་ སྤུང་ཐངས་བདེ་བ་ཆེན་པོའི་ཕོ་བྲང་ནང་ དྲགོས་ཀྱི་དབུ་འདྲེན་ཐོག་ལས་ ཚེས་ཡང་ དུས་ཆེན་ལྔ་འཛོམས་པའི་ཉིན་མར་ རྟགས་དང་རྟེན་འབྲེལ་གྱི་སྒོ་ལས་ མཚན་རྟགས་བཀོད་གནང་ཡི།

དེ་བསྒང་ དྲགོས་མཆོག་གིས་ གསུངས་བཤད་གནང་པའི་སྐབས་ལུ་ཡང་ གནམ་མེད་ས་མེད་ རྟེན་འབྲེལ་འགྲིགས་པའི་བསྐོར་གསུངས་མི་འདི་ ན་ལུ་དྲན་གསོ་བཟུམ་ཅིག་སྦེ་ཞུ་བ་ཅིན་ དེ་ཚེ་ཉི་མ་ སྤྱི་ཟླ་༦ པའི་ཚེས་ ༢ ལུ་ ཡ་མཚན་ཅན་གྱི་མཛད་རིམ་གཞན་ཅིག་ ཀུན་གསལ་ཕོ་ཕྲང་ལུ་སྦེ་ མི་དབང་རྒྱལ་ཡུམ་གྱི་དབུ་འདྲེན་ཐོག་ལས་ མི་གྲངས་ ༡༠༠ གིས་ ཆུ་ཚོད་ ༡ གི་ནང་འཁོད་ལུ་ ཤིང་གི་ལྕམ་ སྟོང་ཕྲག་ ༤༩ ལྷག་ཙམ་ཅིག་ བཙུགས་ཡོདཔ་ལས་ འཛམ་གླིང་ཡོངས་གྲགས་ཀྱི་ཐོ་དེབ་ནང་ལུ་ ང་བཅས་རའི་རྒྱལ་ཁབ་ཀྱི་མཚན་ཐོ་ཚུད་སོངཔ་ལས་ གནམ་མེད་ས་མེད་ ཡོངས་གྲགས་ཀྱི་རྟགས་མཚན་ཨིནམ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ དགུང་ལོ་ ༦༠ བཞེས་པའི་གུས་ཞབས་དང་བཅསཔ་སྦེ་ བྱ་རིམ་དེ་ཚུ་ འགོ་འདྲེན་འཐབ་པའི་ཉིནམ་དེ་ཁར་ དྲགོས་ཀྱིས་གསུངས་བཤད་ནང་གསུངས་མི་དང་ཅོག་ར་ཐདཔ་སྦེ་ ང་བཅས་རའི་ དམངས་གཙོའི་སྡེ་ཕྲན་འདི་ཡང་ ཤིང་གི་ལྕམ་བཟུམ་སྦེ་ ཡར་འཕེལ་དང་ དམངས་གཙོའི་ལྗོན་ཤིང་ལུ་ འགྱུར་ནི་གི་ཐུགས་སྨོན་ཚུ་ཡང་གནང་ ཀུན་གསལ་ཕོ་བྲང་ལུ་ འཛམ་གླིང་ཡོངས་གྲགས་ཀྱི་ཐོ་དེབ་ནང་ཚུད་ནི་གི་དོན་ལུ་ ཤིང་གི་ལྕམ་བཙུགས་དོ་བཟུམ་སྦེ་ དམངས་གཙོའི་སྡེ་ཕྲན་ཚུ་གིས་ དམངས་གཙོའི་ལྕམ་བཙུགས་ཏེ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྩ་ཁྲིམས་གུར་ མཚན་རྟགས་བཀོད་དེ་ དམངས་གཙོའི་རིང་ལུགས་ཟེར་རུང་ མི་དབང་ཡབ་སྲས་གཉིས་ཀྱི་དགོངས་བཞེད་ རིང་ལུགས་རྩ་བརྟན་བཟོ་ནི་གི་ དམངས་གཙོའི་ལྗོན་ཤིང་འདི་ ལོ་འདབ་ཕྱོགས་བཅུ་ནང་ དར་ཁྱབ་འགྱོ་ནི་གི་རྟེན་འབྲེལ་ཨིན་པས་ཟེར་གསུངས་མི་འདི་ ད་རེས་དངོས་མཐོང་སྦེ་ སྨོན་ལམ་འཐེབ་དོ་བཟུམ་གྱི་སྣང་བ་འབད་ དྲག་ཤོས་ཁོ་ར་སྐུ་དངོས་སྦེ་ བྱོན་གནང་ རྒྱལ་རབས་ཅན་གྱི་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་འཚོགས་ཐེངས་དང་པ་དེ་ཡང་ སྒོ་གསུམ་གུས་པ་ཆེན་པོའི་སྒོ་ལས་ མཚན་གསོལ་བའི་མངའ་བདག་བཞི་པ་ཆེན་པོའི་ཚོགས་ཁང་ནང་ལུ་སྦེ་ ཆ་མཉམ་གྱིས་ འབྲེལ་གཏོགས་གནང་མི་འདི་ལུ་ རྟགས་དང་རྟེན་འབྲེལ་བཟང་ཡི་ཟེར་ཞུ་ནི་ཨིན།

འགོ་བཙུགས་ཀྱི་རྟེན་འབྲེལ་དང་ཅོག་རང་ཐདཔ་སྦེ་ ང་བཅས་ཀྱིས་ གོམས་འདྲིས་ལས་རིམ་ ཉིན་གྲངས་ ༣ གྱི་རིང་ འགོ་འདྲེན་འཐབ་མི་ནང་ལུ་ཡང་ བཅའ་མར་གཏོགས་མི་ག་ར་གིས་ ཁ་ཙམ་ཚིག་ཙམ་མེན་པར་ ཧིངས་དྭངས་པའི་དཀྱིལ་ལས་རང་ སྒོ་གསུམ་གུས་པའི་སྒོ་ལས་ དད་དམ་ལུ་ལྷད་མེད་པར་ བཅའ་མར་གཏོགས་ས་ ག་ར་གིས་

Page 8: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

4

མཁྱེན་ས་དང་གཟིགས་ས་ཨིན་ཟེར་ཞུ་ནི། འདི་བཟུམ་གྱི་ དང་འདོད་དང་ བརྩོན་ཤུགས་བསྐྱེད་ནི་འདི་ བཙག་འཐུ་ལྷན་ཚོགས་ཀྱི་ལས་རིམ་ལུ་ གུས་ཞབས་འབད་མེན་པར་ དང་པ་མི་དབང་ཡབ་སྲས་ཚུ་གི་དགོངས་བཞེད་གྲུབ་ཐབས་དང་ གཉིས་པ་ན་གཞོན་ཚུ་གིས་ རང་སོའི་འགན་ཁག་ཉམས་སུ་ལེན་པའི་རྟགས་མཚན་ཅིག་འབད་ མཇལཝ་མས་ཟེར་ཞུ་ནི་ཨིན།

ང་བཅས་ གནམ་མེད་ས་མེད་ ཡི་རངས་དང་ བསམ་པ་རྫོགས་ཏེ་ཡོད་ཟེར་ཞུ་ནི་དང་གཅིག་ཁར་ ཁྲི་འཛིན་དང་ཚོགས་དཔོན་གྱི་བཙག་འཐུ་གྲུབ་ད་ལུ་ཡང་ ཆ་མཉམ་གྱིས་ སླབ་ཐངས་གཅིག་དང་ འབད་ཐངས་སོ་སོ་སྦེ་མེན་པར་ ལྕོགས་གྲུབ་ཡོད་མི་འདི་ལུ་རང་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཕུལ་སྦེ་ ཚོགས་རྒྱན་གྱི་གྲངས་ཚད་ལས་འབད་རུང་ ཚོགས་དཔོན་དང་ཁྲི་འཛིན་གཉིས་ཆ་ར་གིས་ ཚོགས་རྒྱན་ ༡༡ རེ་ཐོབ་སྟེ་ ཁྱད་འཕགས་ཅན་གྱི་གྲངས་ཚད་ཀྱི་རྟེན་འབྲེལ་སྒོ་ལས་ ངོས་ལེན་དང་བཙག་འཐུ་གྲུབ་སྟེ་ཡོད་ཟེར་ཞུ་ནི་ཨིན།

འདི་བཟུམ་སྦེ་ བཀོད་ཁྱབ་ཀྱི་ཚོགས་ཆུང་ཡང་ དྲག་པའི་ནང་ལས་དྲགཔ་ཚུ་བཙག་འཐུ་གྲུབ་སྟེ་ཡོད། ཚོགས་དཔོན་དང་ཁྲི་འཛིན་གཉིས་ཀྱི་གནས་ཡུན་དེ་ རང་གི་སྡེ་ཕྲན་དང་ སློབ་གྲྭ་ནང་ལུ་སྡོདཔ་ད་རྐྱངམ་ཅིག་ཨིནམ་ལས་ གལ་སྲིད་ གནས་སོར་སྦེ་ སློབ་གྲྭ་གཞན་ནང་འགྱོ་དགོ་རུང་ བཀོད་ཁྱབ་ཚོགས་ཆུང་ལས་བརྒྱུད་དེ་ ཚོགས་ཆུང་གི་འཐུས་མི་ ཡང་ན་ ཚོགས་དཔོན་འོགམ་དང་ ཁྲི་འཛིན་འོགམ་དེ་ཚུ་གིས་ ཕྱག་ཞུ་ནི་གི་བྱ་སྒོའི་རིམ་པ་དེ་ཚུ་ཡང་ གསུངས་གྲོས་གནང་སྟེ་ གཏན་འཁེལ་སོང་མི་དེ་གིས་ ལྕོགས་གྲུབ་བཏོན་པའི་རྟགས་མཚན་ཨིན་པའི་ རྗེས་སུ་ཡི་རངས་ཏེ་ཡོད་ཟེར་ཞུ་ནི་ཨིན།

འཕྲལ་ཁམས་ཀྱི་ཐུགས་ཁར་བསྣམས་དགོ་པའི་གནད་དོན་དག་པ་ཅིག་འདི་ ད་ལས་ཕར་ ཚོགས་ཁང་གཉིས་ཆ་རང་གིས་ ཕྱག་ལཱ་གནངམ་ད་ལུ་ སྟབས་བདེ་ནི་ལུ་ དྲག་ཤོས་མཆོག་གི་སྐུ་མདུན་ལུ་ དོན་ཚན་གཉིས་གསུམ་དེ་ཅིག་ཞུ་བ་ཅིན་ དང་པ་འདི་ ང་བཅས་བཙག་འཐུ་ལྷན་ཚོགས་ཀྱིས་ དམངས་གཙོའི་རིང་ལུགས་རྩ་བརྟན་བཟོ་ཐབས་ལུ་ ཕྱག་ཞུ་ནི་གི་གནད་ལས་འབད་རུང་ བཙག་འཐུ་གི་བྱ་སྒོའི་རིམ་པ་དེ་ཚུ་ འཕྲལ་ཕུགས་གཉིས་ཆ་རང་ནང་ སྟབས་བདེ་ཧིངས་གི་དོན་ལུ་ དྲགོས་མཆོག་གི་དབུ་ཁྲིད་བཟང་པོའི་འོག་ལུ་ རང་གི་སྔར་སྲོལ་དང་ལམ་ལུགས་བདག་འཛིན་འཐབ་ནི་འདི་ སྐད་ཡིག་ལུ་བརྟེན་ཞིནམ་ལས་ བརྡ་དོན་འཐབ་ནི་ལུ་ བརྩོད་ཤུགས་བརྒྱ་ཆ་ལས་བརྒྱ་ཆ་བསྐྱེད་དེ་ གཞུང་སྐད་དར་ཁྱབ་དང་ཉམས་སྲུང་འབད་ནི་འདི་ ང་བཅས་ཀྱི་འགན་འཁུར་གཙོ་བོ་མེན་ཏེ་འབད་རུང་ ཕྱག་ཞུ་བའི་ཞར་དང་ཞོར་ཁ་ལུ་ གཞུང་སྐད་རྫོང་ཁ་ལུ་ གནམ་མེད་ས་མེད་ བཙོན་ཤུགས་བསྐྱེད་བཞིན་ཡོད།

དམངས་གཙོའི་རིང་ལུགས་ཟེར་རུང་ བཙག་འཐུའི་བྱ་སྒོ་རིམ་པ་ཟེར་རུང་ སྔར་མེད་པའི་ཆོས་ཚན་བཟུམ་ཅིག་སྦེ་ཨིན་ནི་འདི་གིས་ འདི་ནང་ལུ་ གཞི་རྩ་དང་ དམངས་གཙོའི་རིང་ལུགས་ཀྱི་ལྟ་བ་དེ་ཚུ་ རང་བཞིན་གྱིས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ལྷོདཔ་དང་ ཚིག་གསརཔ་འདྲ་མིན་སྣ་ཚོགས་ཚུ་ དོན་མཐུན་དགོ་པ་ཅིན་ མིང་དང་ཚིག་བརྗོད་པ་གསུམ་ལུ་ རག་ལས་དགོ་ནི་འདི་གིས་ ངེས་ཚིག་དང་ཚིག་གསརཔ་དེ་ཚུ་མེད་པ་ཅིན་ བརྡ་འཕྲོད་ནི་འདི་ཕར་འབད་བཞག་ གོ་བ་ལེན་ནི་འདི་ཡང་ ཉེན་ཁ་འོང་ནི་ཨིནམ་ལས་ དམངས་གཙོ་དང་བཙག་འཐུའི་བྱ་སྒོ་རིམ་པ་ནང་ལུ་ བཅའ་ཁྲིམས་དང་སྒྲིགས་གཞིས་ནང་ དམངས་གཙོ་དང་ བཙག་འཐུ་དང་འབྲེལ་བའི་ཚིག་གསརཔ་དེ་ཚུ་ ཉམས་སུ་བླངམ་དང་ བག་ཡེངས་དང་ཕྱི་བཤོལ་སྦེ་མ་བཞག་པར་ བརྩོན་ཤུགས་བསྐྱེད་དེ་ མཐའ་ན་ ཨིང་སྐད་ལས་ གཞུང་སྐད་ཐོག་ལུ་

Page 9: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

5

ཕབ་པའི་སྐབས་ གཞན་ཕྱི་ཁའི་མཁས་མཆོག་དེ་ཚུ་ལུ་ རེ་མ་དགོ་པར་ ང་བཅས་རའི་ནང་ན་ལས་ འགན་འཛིན་པ་ཚུ་གིས་ ཕྱག་ཞུ་སྦེ་ཡོད། དྲག་ཤོས་མཆོག་གི་དབུ་ཁྲིད་བཟང་པོའི་འོག་ལུ་ ང་བཅས་ནང་འཁོད་ཀྱི་ཕྱག་ཞུ་མི་ཚུ་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ གོ་སྐབས་དེ་ཚུ་གནང་ཐོག་ལས་འགྲུབ་གྲུབ་པའི་ བཅའ་ཁྲིམས་དང་སྒྲིགས་གཞིས་ ཡིག་ཆ་༥༠ ལྷགཔ་ཅིག་ཡོད་མི་ཚུ་ ཆ་མཉམ་རང་ དྲག་ཤོས་དབུ་ཁྲིད་ཀྱི་འོག་ལུ་ ཕྱག་ཞུ་ཞུཝ་གཙང་ཙ་ཨིན་ཟེར་ཞུ་ནི།ནི་བཟུམ་འབད་རང་ འབྲུག་གི་ཨ་ལོ་སྤྱི་ཚོགས་ནང་ཕྱག་ཞུཝ་ད་ལུ་ཡང་ བརྩོན་ཤུགས་དང་དྲན་པ་རྩེ་གཅིག་ཏུ་བསྐྱེད་དེ་ ཚིག་གསརཔ་དེ་ཚུ་ཡོད་དེ་འབད་རུང་ ད་རེས་དང་ནངས་པ་སྦེ་ དྲགོས་ཀྱིས་ལམ་སྟོན་གནང་དོ་བཟུམ་ཅིག་རང་འདི་ དཔེ་དེབ་ གསར་བསྐྲུན་དང་དཔར་བསྐྲུན་འབད་མ་ཚུགས་ ཨིན་རུང་ དམངས་གཙོའི་རིང་ལུགས་དང་ བཙག་འཐུའི་བྱ་སྒོ་རིམ་པ་དང་འབྲེལ་བ་ཡོད་པའི་ཚིག་ ཡོངས་སུ་རྫོགསཔ་འབད་ ཚིག་མཛོད་བཟུམ་ཅིག་སྦེ་ མགྱོགས་པ་རང་ དཔར་བསྐྲུན་འབད་དེ་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་འཐུས་མི་དང་ སློབ་གྲྭ་ཁག་གི་སློབ་དཔོན་ཚུ་ལུ་ བཀྲམ་སྤེལ་འབད་ནིའི་ ཕྱག་ཞུ་ནི་གི་གོ་སྐབས་ཡོད་ཟེར་ཞུ་ནི་ཨིན།

འདི་དང་ཅོག་འཐདཔ་འབད་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་འདེམས་ཁོངས་དང་ས་ཁོངས་ནང་ལུ་ཡང་ གཡུས་དང་གཡུས་ཚན་གྱི་མིང་ སྤྱི་འོག་གི་མིང་ ག་ཐོབ་སྦེ་སྣང་བ་གང་ཤར་འབད་མེན་པར་ ཧེ་མ་ཡོད་མི་འདི་ ཤུལ་ལས་ཟུར་ཆ་དུམ་གྲ་རེ་ཉམས་ཡར་སོངཔ་འབད་ མིང་ར་གསརཔ་འབད་དར་ཁྱབ་འགྱོ་དོ་བཟུམ་ཅིག་མཐོང་མི་འདི་ཚུ་ཡང་ ག་ར་དྲགོས་ཀྱི་དབུ་ཁྲིད་བཟང་པོའི་འོག་ལུ་ བཅད་མཚམས་ཀྱི་ཕྱག་ལཱ་གནངམ་དང་ སྔོན་གྱི་མིང་དེ་ཚུ་ ཤུལ་ལས་སྒྲ་ཉམས་འགྱོ་མི་དེ་ཚུ་ཡང་ ལོག་སྟེ་དར་ཁྱབ་འགྱོ་བཅུག་ནི་དོན་ལུ་ ཕྱག་ལཱ་མང་ཧིངས་རྫོགསཔ་ཅིག་གནང་ཡི།

དར་ཁྱབ་བཏང་ནི་གི་དོན་ལུ་ སྤྱི་རུབ་ཀྱི་ཐོག་ལས་ འགན་འཁུར་ལེན་དགོ་ནི་འདི་གིས་ དཔར་བསྐྲུན་འབད་འབདཝ་ ཡང་ཅན་ མ་འབད་བ་སྦེ་ དེ་ཚུ་ཡང་ འདྲ་རེ་རེ་ཕུལ་ནི་ཨིན། དཔྱེ་ཆུང་ཀུ་ཅི་ཞུ་བ་ཅིན་ ཕུན་ཚོགས་གླིང་ལུ་ ས་གནས་སློབ་ཉེ་ཁ་ཟེར་མི་འདི་ ང་བཅས་ཀྱི་ཞིབ་འཚོལ་འབད་བལྟཝ་དང་ གླང་ངལ་ས་ཟེར་ཨིན་པས། ནི་བཟུམ་གྱི་ཧེ་མ་ལས་ཡོད་པའི་ ལས་སྲོལ་དང་འབྲེལ་བའི་མིང་དེ་ཚུ་ རྫོང་ཁ་ནང་འབྲི་རུང་ དོན་དང་ལྡནམ་སྦེ་ ཨིང་སྐད་ནང་འབྲི་རུང་ ཟུར་ཆ་ཉམས་མ་བཅུག་པར་ ཞབས་ཀྱུ་གི་ཚབ་ལུ་ U དང་ རེ་ཅིག་སྐབས་ DOUBLE O བཙུགས་པ་ཅིན་ འདི་གི་བརྗོད་སྒྲ་ལུ་ དུམ་གྲ་ཅིག་ཕན་ཐོགས་ནི་མས། དེ་ཚུ་ཡང་ དྲགོས་ཀྱིས་ཁྱབ་བསྒྲགས་དང་ བརྡ་བརྒྱུད་ མི་སྡེ་ཚུ་ནང་སྤེལ་རུང་ ང་བཅས་ཀྱིས་མནོ་བསམ་གཏང་དོ་བཟུམ་སྦེ་འགྱོ་མ་ཚུགས།

ཡང་ལས་ཡང་དུ་ བཅད་འཚམས་ཀྱི་བཀའ་རྒྱ་དང་འཁྲིལ་བའི་མིང་མེན་པར་ བྲིས་མི་ཚུ་གིས་ སྣང་བ་གང་ཤར་ཐོག་ལས་ ག་ཐོབ་སྦེ་བྲིས་སྲོལ་ཡོད་མི་འདི་ སྤྱི་ཚོགས་ཀྱིས་ དེ་ལུ་རྒྱབ་སྐྱོར་དང་འགན་འཁུར་ཉམས་སུ་བླངས་ཏེ་ བརྩོན་ཤུགས་བསྐྱེད་དགོ་པའི་ཡུལ་ཨིནམ་བཟུམ་སྦེ་མཇལཝ་མས་ཟེར་ཞུ་ནི།

དྲན་གསོ་ཞུ་དགོ་པའི་གནད་དོན་གཞན་གཅིགཔོ་འདི་ དམངས་གཙོའི་སྡེ་ཕྲན་༡༥༠ རྐྱངམ་ཅིག་མེན་པར་ གྱངས་ཁ་ཡར་སེང་གི་དོན་ལུ་ སྤྱི་ཚོགས་ནང་ལས་རང་ གྲོས་འབུལ་དང་གྲོས་ཆོད་ཀྱི་སྒོ་ལས་ཁ་སླབ་པ་ཅིན ཕྱག་ལཱ་གནང་མི་ཚུ་གིས་ཡང་ ངོས་ལེན་འབད་འོང་ཟེར་མནོཝ་མས། འབྲུག་གི་ཨ་ལོའི་སྤྱི་ཚོགས་འདི་ གཙུག་སྡེ་གསརཔ་ཅིག་ཨིནམ་ལས་ ཕྱག་ཞུ་བའི་བསྒང་ དུམ་གྲ་རེ་ དཀའ་ངལ་འཐོན་སྲིད། ཨིན་རུང་ དམིགས་ཡུལ་ག་ཅི་གི་དོན་ལུ་ གཞི་བཙུགས་འབད་འབདཝ་ཨིན་ན་དེ་ཚུ་ ཐུགས་ཁར་བསྣམས་ཏེ་ དམིགས་ཡུལ་དང་འཁྲིལ་འགྱོ་དགོཔ་འདི་ ང་བཅས་ག་

Page 10: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

6

ར་གིས་ འགན་འཁུར་ཨིན་ཟེར་ཞུ་ནི་ཨིན། དམངས་གཙོའི་རིང་ལུགས་ནང་ལུ་ གཞི་བའི་ལས་ཚོགས་དང་ བརྡ་བརྒྱུད་ དེ་ལས་གཞན་གཙུག་སྡེ་ལེ་ཤ་ཡོད་པའི་ནང་ལུ་ རེ་རེ་གཉིས་གཉིས་ཀྱིས་ རང་དོན་འགྲུབ་ཐབས་ལུ་ ང་བཅས་རའི་གཙུག་སྡེ་འདི་ ལོག་སྤྱོད་དང་ ལག་ལེན་འཐབ་ནི་ལུ་ ཐུག་བཅུག་ནི་མི་འོང་ཟེར་ དྲན་གསོ་ཞུཝ་ཨིན། དཔྱེ་འབད་ཞུ་བ་བ་ཅིན་ འབྲུག་གི་ཨ་ལོའི་སྤྱི་ཚོགས་འདི་ སྲིད་ཚོགས་དང་འབྲེལ་བ་རྩ་ལས་མེདཔ་དང་ འདི་ཅོག་འཐདཔ་སྦེ་ དངོས་མཐོང་དང་བརྡ་བརྒྱུད་ནང་ལས་ཕར་མཐོང་དོ་བཟུམ་སྦེ་ བརྒྱ་ལས་བརྒྱ་ཆ་ འདྲ་བཤུས་རྐྱབ་སྟེ་འབད་དགོ་ཟེརཝ་མེད། གོང་ལས་ཞུ་མི་དྲན་གསོ་དེ་ཚུ་ ཐུགས་ཁར་བསྣམས་ཏེ་ གཞན་དང་མ་འདྲ་བའི་ གཙུག་སྡེ་གཅིག་འབད་ དབུ་བརྙེས་ཚར་ཡི། ད་རེས་འགོ་ཐོག་དང་པ་ཨིན་པས། ན་ལས་ཕར་ སྤྱི་ཚོགས་དང་པ་གཉིས་པ་འབད་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་དམིགས་ཡུལ་དང་འཁྲིལ་ཏེ་ མི་དབང་ཡབ་སྲས་ཚུ་གི་དགོངས་བཞེད་བསྟར་དུ་ གཞི་བཙུགས་མཛད་མཛདཔ་གི་གཙུག་སྡེ་གཅིག་སྦེ་བཞག་ཐབས་ལུ་ བརྩོན་ཤུགས་ཐེབས་འབད་ར་བསྐྱེད་འོང་མདོ་བའི་རེ་བ་ཡོད།

ང་བཅས་ཁ་ཐུགས་ལས་ དོགས་པ་དང་དོགས་སྣང་ག་ནི་ཡང་མེད་པའི་ཁར་ འདི་ཐུགས་ཁར་བསྣམས་ཞིནམ་ལས་ ཕྱག་ཞུ་ནི་འདི་ གལ་ཆེ་ཟེར་ཞུ་ནི་ཨིན། བཅུད་དེ་རང་ ང་བཅས་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྩ་ཁྲིམས་ཀྱི་ལས་རྟགས་འདི་ནང་ཡོད་པའི་ནོར་བུ་འདི་ མི་དབང་མངའ་ཞབས་ཀྱི་དགོངས་དོན་འགྲུབ་ནི་གི་དོན་ལས་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་ནིའི་དོན་ལས་ ནམ་མཁའི་མཐའ་དང་མཉམ་པའི་བརྡ་མཚོན་ལུ་ གནམ་ཧོནམ་གི་ཁ་མདོག་སྦེ་ཡོད་མི་འདི་ ཨ་ལོ་བུཚ་དང་བུམོ་ཚུ་གིས་ ཡར་བཏེགས་ཏེ་ མི་དབང་ཡབ་སྲས་ཚུ་གི་དགོངས་བཞེད་ལྟར་དུ་ དམངས་གཙོའི་རིང་ལུགས་འདི་ རྩ་བརྟན་འབད་གནས་ཐབས་ལུ་ གྲ་སྒྲིག་ཡོད་པའི་བརྡ་མཚོན་ལུ་ཨིན། ད་རེས་ཀྱི་སྤྱི་ཚོགས་འགོ་དང་པ་བཙུགསཔ་དང་ལུ་ཡང་ རྟགས་དང་རྟེན་འབྲེལ་གྱི་སྒོ་ལས་འགོ་བཙུགས་པ་གི་མ་ཚད་ འབྲུག་ཐུགས་སྲས་ དྲགོས་མཆོག་གི་དགོངས་གཏེར་ལས་གྲུབ་པའི་ འབྲུག་གི་ཨ་ལོའི་སྤྱི་ཚགས་ཀྱི་ཚོགས་ཐེངས་དང་པ་ནང་ འབྱོན་གནང་མི་འདི་ལུ་ གནམ་མེད་ས་མེད་ དགའ་ཚོར་སྦོམ་བྱུང་ཡི་ཟེར་ཞུ་ནི། བཀྲིན་ཆེ།

སྐུ་མགྲོན་གཙོ་བོ་གི་ཕྱག་ལས་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ལག་འཁྱེར་ཞུ་ཡི།

༦. སྐུ་མགྲོན་གཙོ་བོ་ རྒྱལ་འཛིན་ཞིབ་འཚོལ་དང་བློ་གྲོས་ཚོགས་སྡེ་ལས་ དྲགོས་ཀུན་བཟང་དབང་འདུས་ཀྱི་གསུངས་བཤད།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་དཔོན།འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཁྲི་འཛིན།འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་མཆོག།བཙག་འཐུ་ལྷན་འཛིན་གཉིས།ཚོགས་ཁང་གོང་འོག་གཉིས་ཀྱི་འཐུས་ཡོངས་ཁྱབ་དྲུང་ཆེན།བཙག་འཐུ་ལྷན་ཚོགས་ཀྱི་དྲུང་ཆེན།ནཱ་ལུ་འབྱོན་མི་ཕོ་མོ་ག་ར་ལུ།བསམ་བརྗོད་ལས་འདས་པའི་ དགའ་བ་དང་ཡིད་ཆེས་སྦོམ་ཤོས་ དམངས་གཙོའི་རིང་ལུགས་ནང་ འབྲུག་གི་བཙག་

Page 11: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

7

འཐུ་གི་ཕྱག་ཕྱིད་ཞུ་མི་འགན་འཛིན་པ་ ག་ར་གིས་མགྲིན་ཚབ་སྦེ་ མི་དབང་སའི་ཚངས་པ་ མངའ་བདག་འབྲུག་རྒྱལ་ལྔ་པའི་ཐུགས་བྱམས་བརྩེའི་ཞབས་ལས་ ང་ལུ་ འབྲུག་ཐུགས་སྲས་ཀྱི་ངོས་འཛིན་གནང་བའི་ དུས་སྐལ་བཟང་པོའི་འོག་ལས་རི་ ད་རེས་ཀྱི་ཉིནམ་འདི་ཨིནམ་བཟུམ་ཚོརཝ་མས།

ང་བཅས་ཀྱིས་ སྤྱི་ཐོག་ ལས་འགུལ་སྦོམ་ཤོས་སྦེ་ བརྩི་མཐོང་བསྐྱེད་མི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ རྩོམ་གནང་མི་འདི་ཨིན། ད་རེས་འགོ་ཐོག་ལྷན་ཞུགས་ཀྱི་མཛད་རིམ་ འ་ནི་དམངས་གཙོའི་ཁང་བཟང་ འདི་ནང་མཛདཔ་ད་ དམིགས་བསལ་གྱིས་ དཔའ་ངོམ་ཅན་གྱི་གྲུབ་འབྲས་ཨིན་མས་ཟེར་ཞུ་ནི། དམིགས་བསལ་གྱིས་ཁྱད་པར་འཕགས་པའི་ ད་རེས་ཀྱི་ཞལ་འཛོམས་ནང་ལུ་ སྐུ་མགྲོན་གཙོ་བོ་ ཆེ་མཐོ་དང་ཆེ་བསྟོད བསོད་ནམས་དང་མངའ་ཐང་ལྡན་མི་ཅིག་ ཞུ་ནིའུ་འོས་འབབ་སྦོམ་སྦེ་རང་འདུག་ ཨིན་རུང་ དྲགོས་ཆོས་རྒྱལ་དང་ ལྷན་ཚོགས་ནང་ཕྱག་ལཱ་གནང་མི་ གེ་རའི་ཁ་ཐུགས་ལས་ རྒྱལ་རབས་ཅན་གྱི་ གོ་སྐབས་བཟང་པོ་འདི་བཟུམ་་ང་ལུ་གནང་མི་འདི་ལུ་ ཧིངས་ཀྱི་ལྡིང་ལས་རང་ ཚད་མེད་པའི་དགའ༌ཚོར་བྱུང་ཡི།

ང་བཅས་ཀྱིས་ རེ་འདོད་དང་འཁྲིལ་ ད་ལས་ཕར་ མ་འོངས་པའི་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ བདག་འགན་བཞེས་མི་ མང་ཤོས་རང་ ཨ་ལོའི་སྤྱི་ཚོགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ མཛད་འོང་མནོ་མས།

ད་རེས་ སྤྲོ་སྣང་ཅན་གྱི་རྟེན་འབྲེལ་བཟང་པོའི་ མཛད་རིམ་འདི་ཁར་ འབྲུག་གི་དྲང་ཁྲིམས་ལྷན་སྡེ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་མཆོག་གིས་དབུ་ཁྲིད་འོག་ འབྲུག་གི་སྤྱི་ཚོགས་ ཚོགས་དཔོན་ བློན་པོ་འཇིགས་མེད་བཟང་པོའི་དབུ་ཁྲིད་འོག་ ལྷན་རྒྱས་གཞུང་ཚོགས་ བློན་པོ་ཚེ་རིང་སྟོབས་རྒྱས་མཆོག་གི་དབུ་ཁྲིད་འོག་ ཤེས་རིག་ལྷན་ཁག་ ཤེས་རིག་བློན་པོ་ མིང་བུ་འབྲུག་པའི་དབུ་ཁྲིད་འོག་ རྫོང་བདག་དང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་བཟའ་ཚང་ ག་རའི་ཁ་ཐུགས་ལས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ ངོ་མ་སྦེ་ མཐར་འཁྱོལ་ཅན་བཟོ་ཐབས་ལུ་ རྒྱབ་སྐྱོར་ཧྲིལ་བུ་གནང་མི་ལུ་ ང་རའི་ཁ་ཐུགས་ལས་ གནམ་མེད་ས་མེད་དགའ་ཚོར་ཡོད།

དམིགས་བསལ་དུ་ རྒྱལ་ཁབ་ཀྱི་ས་གནས་ ཐདམ་ཐད་ཁར་ཡོད་པའི་ སློབ་གྲྭ་ཚུ་གིས་ རང་སོའི་སློབ་གྲྭ་ནང་ དཀའ་ཐུབ་ཀྱི་གདོང་ལེན་ལུ་ མ་ཚེར་བར་ རྒྱལ་ཁབ་ཀྱི་མཐའ་དོན་ གདོང་ཁར་ལེན་ཏེ་ དམངས་གཙོའི་སྡེ་ཕྲན་གཞི་བཙུགས་འབད་ཡོདཔ་མ་ཚད་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ གཞི་བཙུགས་སྐབས་ལུ་ སེམས་ཤུགས་བསྐྱེད་དེ་ འབྲེལ་གཏོགས་འབད་དེ་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད།

ད་རེས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དང་པའི་ཚོགས་ཁང་ གོང་འོག་གཉིས་ནང་ མཐར་འཁྱོལ་ཅན་གྱི་ བཙག་འཐུ་གྲུབ་ཡོད་མི་རེ་རེ་བཞིན་ལུ་ ང་རའི་ཁ་ཐུགས་ལས་ བཀྲིས་བདེ་ལེགས་ཡོད། ཁྱེད་ག་ར་ དནལ་ལྡན་འབྲུག་པའི་བུ་དང་བུམོ་ཚུ་འབདཝ་ལས་ གཞན་དང་མ་འདྲཝ་སྦེ་ འཐུས་མིའི་རྣམ་གཞག་ ལེགས་ཤོམ་གྱི་ཐོག་ལས་ ཕྱག་ཞུ་ཞིནམ་ལས་ དང་པ་ཁྱོད་རའི་སློབ་གྲྭ་ གཉིས་པ་ རང་སོའི་དམངས་གཙོའི་སྡེ་ཕྲན་ ད་རུང་ དེ་བ་ལྷགཔ་ གསུམ་པ་ རང་སོའི་ཕམ་ ཡིད་རང་དང་ ངལ་རངས་བའི་དགའ་འཛུམ་ ཚད་མེད་པར་འབྱུང་ཚུགས་པའི་ རེ་བ་བསྐྱེད་དགོ་ཟེར་ཞུ་ནི་ཨིན།

Page 12: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

8

ནཱ་བུ་རེ་རེ་བཞིན་དུ་ དབུ་འཕང་མཐོ་བའི་སྤྱི་ཚོགས་ནང་ འཐུས་མི་ཅིག་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དང་པའི་ཚོགས་ཐེངས་དང་པ་གིས་མཛད་རིམ་དང་གྲོས་ཆོད། འབདཝ་ལས་ ཕྱག་ཞུ་ཐངས་ ག་དེ་ཟབ་ཟབ་སྦེ་ ནཱ་ཚོགས་ཁང་ནང་ལུ་གསུང་གྲོས་ཚུ་ ག་ཅི་རང་གནང་རུང་ རྒྱལ་ཡོངས་ཀྱི་མི་མང་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ དཔེ་ལེན་བཏུབ་སྦེ་ འདུག་མནོ་བའི་ མཐོང་སྣང་འཆར་བཅུག་དགོ་ ཁྱེད་ཀྱི་ནཱ་ལུ་ བྱ་སྒོའི་རིམ་པ་ཚུ་ཡང་ གནས་ཚད་མཐོ་ཤོས་དང་ འོས་འབབ་དང་ལྡན་པའི་་གནད་དོན་ཚུ་ལུ་ གསུངས་གྲོས་ལེགས་ཤོམ་སྦེ་གནང་ཐོག་ གྲོས་ཆོད་ཚུ་བཏོནམ་འདྲཝ་འབད་བ་ཅིན་ རྒྱལ་ཡོངས་ཀྱི་སྤྱི་ཚོགས་ནང་ལུ་ རང་བཞིན་གྱིས་ གསུངས་གྲོས་གནང་ནི་ལུ་ འོས་འབབ་ཡོདཔ་སྦེ་གཟིགས་འོང་ཟེར་ཞུ་ནི་ཨིན།

ང་གིས་ དེ་སྦེ་ཞུ་མི་འདི་ ང་བཅས་རང་ ཨ་ལོའི་སྤྱི་ཚོགས་ཀྱི་དམིགས་ཡུལ་འདི་ རྒྱལ་ཡོངས་སྤྱི་ཚོགས་ཀྱི་མེ་ལོང་བཟུམ་ཅིག་ཨིན། འ་ནི་མེ་ལོང་ནང་ རང་གི་ཨིནམ་ གཟུགས་བརྙན་ཤར་དོ་བཟུམ་སྦེ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ནང་ འཐུས་མི་ཚུ་གིས་ རང་བཞིན་གྱི་རྣག་གཞག་ དྲང་པོའི་སྒོ་ལས་ གསལ་ཏོག་ཏོ་སྦེ་ འབྲུག་གི་མི་སེར་ ཕོ་དང་མོ་ ཨ་ལོ་རེ་རེ་གི་ བདེ་སྡུག་ལེ་བརོྩན་ཤུགས་བསྐྱེད་པའི་ འགན་ལེན་གྱི་མཐོང་སྣང་ཚུ་ རང་རང་སོ་སོ་གིས་ གཟིགས་ཚུགས་ནི་མས། དེ་མ་ཚད་ ད་རུང་ མེ་ལོང་འདི་གིས་ ང་བཅས་རའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཉེན་ཁག་དང་ཉེན་ཚུབས་ག་ཅི་ལུ་ཡང་མ་ཚེར་བར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་བདེ་སྲུང་དང་ རང་དབང་རང་བཙན་གྱི་མཐའ་དོན་ལུ་ རང་དོན་རྒྱབ་ཁར་སྤང་ རང་སྲོག་མེན་ཚད་བློས་གཏང་སྟེ་ ཤ་ཞེན་དབག་སྟེ་ ཕྱག་ཞུ་བའི་གཟུགས་བརྙན་དངོས་སུ་ གཟིགས་ཚུགས་ནི་ཨིན་མས།

ད་རེས་ ནཱ་ལུ་ ང་བཅས་རང་ སྤྱི་མཐུན་གྱི་གསོལ་འདེབས་ཕུལ་གེ། དང་པ་རང་ ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིདཔ་ཚུ་གི་བྱིན་རླབས་ གཉིས་པ་ མ་འོངས་མངོན་གཟིགས་ཅན་གྱི་མངའ་བདག་ཡབ་སྲས་ཚུ་གི་ གཏན་འཇགས་ལམ་སྟོན༌གྱི༌དབུ༌ཁྲིད༌དང༌ གསུམ་པ་ ཆོས་སྲུང་དམ་ཅན་ཚུ་གི་སྐྱབས་དང་མགོན་ཞུ་སྟེ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱིས་ ཕྱག་ལཱ་ཚུ་ མཐར་འཁྱོལ་ཅན་སྦེ་ གནང་མི་གཅིག་ལུ་ ཞུགས་ཚུགས་པའི་སྨོན་ལམ་གཅིག་ཁར་བཏབ་གེ་ལེགས།

ད་ལས་ཕར་ མི་དབང་བཞི་པ་ཆེན་པོ་གིས་ ཐུགས་མཁྱེན་རྒྱ་བླན་མེད་པའི་སྒོ་ལས་ འབྲུག་གི་དམངས་གཙོའི་རིང་ལུགས་ གཞི་འགྱམ་སྒྲིང་སྒྲིང་སྦེ་ རྩ་བརྟན་བཟོ་གནང་མི་ལུ་ ཕྱག་ཕྱིད་ཞབས་ཏོག་ཞུ་མི་ མ་འོངས་པའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ལོ་ལེ་ཤཱ་གི་རིང་ རྒྱུན་མ་ཆད་པར་ དམངས་གཙོའི་ཁང་བཟང་གི་ཚོགས་ཁང The Great Fourth བརྒྱུད་དེ་ འཐོན་ནི་གིས་ ལམ་སྲོལ་དབུ་བརྙེས་གནང་བའི་རྟེན་འབྲེལ་ཨིན་པས།དེ་སྦེ་ གཏན་འཇགས་བསམ་དོན་ཡིད་བཞིན་དུ་ གྲུབ་པའི་སྨོན་ལམ་དང་གཅིག་ཁར་ དགའ་སྐྱིད་སྤྲོ་བའི་ངང་ལས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ ལྷན་ཞུགས་ཀྱི་འཚོགས་ཐེངས་དང་པའི་ མཛད་རིམ་འདི་ “འགོ་བཙུགས་གནང་” །།

༧. བཀྲིན་དགའ་ཚོར་གྱི་གསལ་བཤད་ འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན།

དང་པ་རང་ ད་རེས་ ནཱ་ལུ་འབྱོན་མི་ག་ར་ལུ་ སྐུ་གསུགས་བཟང་པོ་ཟེར་ཞུ་གེ ད་རེས་འབྲུག་མི་ཡོངས་དང་ ལྷག་པར་དུ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ སྤྱི་མཐུན་བསོད་ནམས་ལས་གྲུབ་པའི་ བཟའ་སྐར་ཕུན་སུམ་

Page 13: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

9

ཚོགས་པའི་གུ་ལུ་ རྟེན་འབྲེལ་ལུ་མངའ་བརྙེས་དགོ་པའི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་ཐེངས་དང་པའི་ མཛད་སྒོའི་རྟེན་འབྲེལ་འདི་ནང་ལུ་ སྐུ་མགྲོན་གཙོ་བོ་འབད་ སྐུ་སྒེར་གྱི་ཕྱག་ལཱ་དང་ གཞུང་འབྲེལ་གྱི་ཕྱག་ལཱ་ མ་འདྲཝ་ལེ་ཤ་ཅིག་ཡོད་རུང་ ང་བཅས་ན་གཞོན་གྱི་མཐའ་དོན་ལུ་གཟིགས་ཏེ་ དེ་ཚུ་ག་ར་ རྒྱབ་ཁར་བསྐྱུར་བཞག་སྟེ་ སྐུ་འོ་བརྒྱལ་བ་དང་ ཐུགས་ཀྱི་འཚེར་སྣང་ཕར་བཞག་ ང་བཅས་ཚུ་ལུ་ ཐུགས་ཀྱི་བྱམས་བརྩེ་དང་བརྩི་བཀུར་ དག་སྣང་ ཧིངས་ལས་རང་བསྐྱེད་དེ་ བྱོན་གནང་མི་ ང་བཅས་རའི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་སྐུ་བགྲེས་དྲགོས་མཆོག་ལུ་ ང་བཅས་ཡོངས་ཀྱི་ཧོངས་ལས་དང་ ལྷག་པར་དུ་ང་རའི་ཧོངས་ལས་ ཧིང་དྭངས་པའི་དཀྱིལ་ལས་རང་ བཀྲིན་ཆེ་ཟེར་ཞུ་ནི་ལགས།

སྐྱེ་བུ་ཆེན་པོ་ དྲགོས་མཆོག་གི་ཐུགས་བྱམས་པ་ དྷ་ན་ཀོ་ཤའི་མཚོ་ལས་འཁྲུངས་པའི་ མ་འོངས་དམིགས་གཏད་ཅན་དང་ ཁེ་ཕན་ཅན་གྱི་དགོངས་གཏེར་ཡིད་བཞིན་ནོར་བུ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ས་བོན་བྱུང་མི་འདི་ལུ་ ང་བཅས་འབྲུག་མི་ཡོངས་དང་ ལྷག་པར་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཡོངས་ ཡ་མཚན་ཆེ་ཡི་ཟེར་ཞུ་ནི་ཨིན་ལགས། དེ་བཟུམ་གྱི་ལས་རིམ་གྱི་ཐོག་ལས་ འབྲུག་གི་ཨ་ལོ་དང་ན་གཞོན་ཚུ་ལུ་ དལ་དབང་དང་འགན་འཁུར་ རྒྱལ་རབས་དང་ལྡནམ་བཟོ་གནང་མི་འདི་ལུ་ ནམ་ཡང་བརྗེད་པར་ཕངས་པའི་བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ནི་ལགས། དེ་མ་ཚད་ དྲགོས་མཆོག་གི་མཛད་བྱ་དེ་ཚུ་ ང་བཅས་འབྲུག་མི་ཡོངས་འདི་ཕར་བཞག་ མཐའ་ན་ཕྱི་མི་ཚུ་གིས་ཡང་ མ་མཁྱེནམ་མེད་ཟེར་ཞུ་ནི་ལགས། འོས་འབབ་འཁྲུལ་མེད་གཟིགས་ཏེ་ མི་དབང་མངའ་ཞབས་མཆོག་གི་ཞབས་ལས་ དྲགོས་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་བཞེས་མི་དེ་ལུ་ ང་བཅས་ཡོངས་ཀྱི་ཧོངས་ལས་ བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི་ཨིན་ལགས།

དེ་གི་མ་ཚད་ དྲགོས་མཆོག་གི་ཐུགས་ཀྱི་བང་འཛོད་ནང་ལས་ ང་བཅས་ཚུ་ལུ་ གསུང་བྱིན་རླབས་ཅན་གྱི་བཀའ་སློབ་ ཚིག་ཉུང་བ་ དོན་ཟབ་པ་ གསེར་གྱི་ཐིག་པ་དེ་བཟུམ་ཅིག་གནང་མི་དེ་ལུ་ཡང་ ག་ཅི་དེ་བཀྲིན་ཆེ་ཟེར་ཞུ་ནི་དང་གཅིག་ཁར་ ང་བཅས་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་ཧོངས་ལས་འབད་རུང་ མི་དབང་མངའ་བདག་ཡབ་སྲས་གཉིས་ཀྱི་ཐུགས་ཀྱི་དགོངས་བཞེད་ དམངས་གཙོའི་རིང་ལུགས་འདི་ སྒྲིང་སྒྲིང་དང་རྩ་བརྟན་ ཡུན་བརྟན་སྦེ་གནས་ཐབས་ལུ་ ང་བཅས་ཡོངས་ཀྱི་ཧོངས་ལས་ མི་དབང་མངའ་བདག་མཆོག་གི་དགོངས་བཞེད་གྲུབ་ནི་གི་དོན་ལུ་ དྲགོས་མཆོག་གི་གསུང་བྱིན་རླབས་ཅན་གྱི་བཀའ་སློབ་ཚུ་ སེམས་ཁ་ལུ་ངེས་ཏེ་ ཕྱག་ཕྱིད་གང་དྲག་ཞུ་ནི་གི་དད་དམ་ལྷད་མེད་ཀྱི་སྒོ་ལས་ དམ་ཚིག་དཔང་དུ་བཙུགས་ཏེ་ ཁས་བླང་ཕུལ་ནི་དང་བཅས་ དམིགས་གསལ་དུ་ ད་རེས་ཚོགས་ཁང་འདི་ནང་ལུ་ཡོད་པའི་ན་གཞོན་ཚུ་ལུ་ མ་འོངས་སྤྱི་ཚོགས་ཀྱི་ཚོགས་ཁང་ནང་ བཅའ་མར་གཏོགས་ནི་གི་རེ་བ་དང་ སེམས་ཤུགས་བྱུང་ཡི་ཟེར་ཞུ་ནི་ལགས།

དེ་འབདཝ་ལས་ མ་འོངས་པ་ལུ་ ང་བཅས་རྒྱལ་ཁབ་ཀྱི་དམངས་གཙོ་ནང་ལུ་ འབྲེལ་གཏོགས་འབད་ནི་གི་ཁས་བླང་ཡོད་ཟེར་ཞུ་ནི་ལགས། དེ་དང་འདྲཝ་སྦེ་ ད་རེས་གོ་སྐབས་ཐོབ་ད་ལུ་ ང་དང་འབྲུག་གི་ཨ་ལོ་སྤྱི་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་ཧོངས་ལས་འབད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ཡང་ ང་བཅས་རའི་དོན་ལུ་ ལས་རིམ་འདི་བཟུམ་ཅིག་བརྩམས་གནང་མི་དེ་ལུ་ ག་ཅི་དེ་བཀྲིན་ཆེ་ཡི་ཟེར་ཞུ་ནི་ཨིན་ལགས། བཀྲིན་ཆེ།

Page 14: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

10

Page 15: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

11

སྤྱི་ལོ་༢༠༡༦ སྤྱི་ཟླ་༡ སྤྱི་ཚེས་༥ ལས་༦ ཚུན་ འགོ་དང་

པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ རྒྱལ་ཡོངས་ཚོགས་འདུའི་

ནང་ གསུང་གྲོས་གནང་ཡོད་པའི་མཛད་རིམ་ཆ་ཚང།

Page 16: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

12

སྤྱི་ལོ་༢༠༡༦ སྤྱི་ཟླ་༡ སྤྱི་ཚེས་༥ ལས་༦ ཚུན་ འགོ་དང་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་ནིའི་གྲོས་གཞི་ ཁ་གསལ་རིའུ་དམིགས།

སྤྱི་ཚེས་༥-༡-༢༠༡༦ དྲོ་པའི་ ཆུ་ཚོད་ ༩-༡༡ ཚུན།

གོ་རིམ་ཨང་ གྲོས་གཞི།

༡སློབ་ཕྲུག་ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ལོ་ཚད་འདི་ ད་ལས་ཕར་ སྐྱེས་ལོ་༦ ལས་ ༥ ལུ་མར་ཕབ་འབད་དགོཔ།

༢ རྫོང་ཁའི་ཆོས་ཚན་འདི་ ཡན་ལག་ཆོས་ཚན་འབད་མིན་པར་ རྩ་བའི་ཆོས་ཚན་སྦེ་བཟོ་དགོཔ།

༣ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ།

༤ ན་གཞོན་ལ་ལུ་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད༌པར༌ ཡོན་ཏན་སྦྱང་ནི་ལུ་དཀའ་ངལ་ཡོདཔ།

༥ སློབ་ཕྲུག་ན་གཞོན་བུམོ་ལ་ལུ་ ལོ་ན་ཆུང་ཀུའི་སྒང་ལས་ གཉེན་རྐྱབ་པའི་དཀའ་ངལ།

༦ སློབ་གྲྭའི་ངལ་གསོ་གི་དུས་ཡུན་འདི་ གནམ་བྱར་དང་ དགུན་འདྲ་མཉམ་བཟོ་དགོཔ།

༧ སློབ་གྲྭ་ལྟེ་བ་འདི་ རྒྱལ་ཁབ་ཀྱི་ས་གནས་མཐའ་ཟུར་ཚུ་ནང་ གཞི་བཙུགས་འབད་དགོཔ།

༨ སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་ཚུ་ བཙུགས་མ་ཆོགཔ།

༩ སློབ་གྲྭ་ཁག་ཚུ་ནང་ དམངས་གཙོའི་སྡེ་ཕྲན་གྱི་འཐུས་མི་ཁ་གྱངས་གཏན་འཁེལ་བཟོ་དགོཔ།

༡༠སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་མི་དེ་གིས་ སློབ་གྲྭའི་སློབ་དབུ་འཛིན་མང་ཤོས་རང་ ལོག་སྟེ་སློབ་དཔོན་གྱི་འགན་ཁུར་འབག་དགོཔ་འབྱུང་ནི་ཨིན་པའི་བྱ་སྟབས་མ་བདེཝ་འབྱུང་ནི་ཨིནམ།

གསོལ་ཇ་གི་བམ་གྲོལ་ནི།

ཆུ་ཚོད་ ༡༡.༣༠ - ༠༡.༠༠ ཚུན།

༡༡ན་གཞོན་ཚུ་གིས་ ལཱ་ངན་མར་ཕབ་ལུ་ སློབ་གྲྭའི་ངལ་གསོ་སྐབས་ ན༌གཞོན༌གྱི༌ལས༌རིམ༌ Camp ཚུ་ ལེ་ཤ་འགོ་འདྲེན་འཐབ་དགོཔ།

༡༢ སློབ་གྲྭའི་ནང་ལུ་ སློབ་ཕྲུག་ཚུ་གིས་ འགྲུལ་འཕྲིན་ལག་ལེན་འཐབ་ཆོགཔ་མ་ཆོགཔ།

༡༣ སློབ་གྲྭ་ཁག་ཚུ་ནང་ མཐུན་རྐྱེན་ཚུ་ ལངམ་སྦེ་གནང་དགོཔ།

༡༤སློབ་རིམ་༡༠ པ་དང་ ༡༢ པའི་ནང་ རྫོང་ཁའི་ཆོས་ཚན་འདི་ རྩ་བའི་ཆོས་ཚན་སྦེ་བཙུགས་གནང་དགོཔ།

༡༥ཉིན་ལྟོ་ཐོབ་ནི་མེད་པའི་སློབ་ཕྲུག་ ས་ཐག་རིང་ལས་འོང་དགོ་མི་ཚུ་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་གནང་དགོཔ།

Page 17: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

13

༡༦ སློབ་གྲྭ་རྙིངམ་ཚུ་ ཉམས་བཅོས་འབད་དེ་ གནས་སྟངས་ལེགས་ཤོམ་བཟོ་དགོཔ།

༡༧ སློབ་རིམ་༡༠ པ་དང་ ༡༢ པའི་ཆོས་རྒྱུགས་ཀྱི་སྐུགས་ཚད་ནང་ point མེདཔ་བཟོ་དགོཔ།

༡༨ སྤྱིར་བཏང་གི་སློབ་དཔོན་མ་བཏང་བར་ ཆོས་ཚན་གྱི༌མཁས་རིག་སློབ་དཔོན་བཏང་དགོཔ།

༡༩སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་ སློབ་གྲྭ་གནས་སོར་བཏང་སྐབས་ སློབ་གྲྭ་རེ་རེ་གི་ཁྱད་ཚད་ཐོག་མིན་པར་ སྤྱིར་བཏང་ཤོག་མཉམ་གྱི་ཁྱད་ཚད་ཐོག་འབད་དགོཔ།

༢༠ འབྱུང་རབས་ཀྱི་ཆོས་ཚན་འདི་ རྫོང་ཁའི་ཐོག་ལས་ སློབ་སྟོན་འབད་དགོཔ།

གསོལཝ་གི་བམ་གྲོལ་ནི།

ཉི་མའི་ཆུ་ཚོད་ ༠༢-༠༤ ཚུན།

༢༡སློབ་གྲྭ་ཚུ་ནང་ གློག་རིག་ཀམ་པུའུ་ཀྲར་གི་ཆོས་ཚད་འདི་ སློབ་རིམ་༧-༡༠ ཚུན་རྐྱངམ་ཅིག་ཡོད་མི་དེ་ སློབ་རིམ་འོག་མ་ཚུ་ལུ་ཡང་ གཞི་བཙུགས་འབད་དགོཔ།

༢༢སློབ་གྲྭ་ཁག་ཚུ་གི་བར་ན་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་གི་ལམ་སྲོལ་བརྗེ་སོར་གྱི་ལམ་རིམ་འགོ་འདྲེན་འཐབ་དགོཔ།

༢༣སློབ་རིམ་༡༠ པའི་ཆོས་རྒྱུགས་ནང་ལས་ མཐོ་རིམ་འོག་མའི་སློབ་གྲྭ་ལུ་ མཐར་འཁྱོལ་མ་ཚུགས་མི་སློབ་ཕྲུག་ཚུ་གི་དོན་ལས་ རྒྱལ་ཁབ་ནང་ འཕྲུལ་རིག་སྤེལ་ཁང་གི་སྦྱོང་བརྡར་ ལེ་ཤ་གཞི་བཙུགས་འབད་དགོཔ།

༢༤སློབ་གྲྭའི་སྣ་ཚོགས་ལས་རིམ་ཚུ་གི་སྐབས་ལུ་ ཕྱི་རྒྱལ་གྱི་ལམ་སྲོལ་ཐོག་མིན་པར་ ང་བཅས་རའི་རྒྱལ་ཁབ་ཀྱི་ལམ་སྲོལ་ཐོག་ འགོ་འདྲེན་འཐབ་དགོཔ།

༢༥རྒྱལ་ཁབ་ནང་ལུ་ འཛོམས་འདུ་དང་ ཞལ་འཛོམས་ག་ཅི་རང་འགོ་འདྲེན་འཐབ་རུང་ ང་བཅས་རའི་རྒྱལ་ཡོངས་ཁ་སྐད་ རྫོང་ཁའི་ཐོག་ལས་འབད་དགོཔ།

༢༦རྒྱལ་ཁབ་ནང་ ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་དང་འཁྲིལ་ ན་གཞོན་སློབ་ཕྲུག་བུམོ་ཚུ་ལུ་ ལས་རིམ་འདྲ་མིན་སྣ་ཚོགས་ཚུ་ནང་ བཅའ་མར་གཏོགས་བཅུག་དགོཔ།

༢༧ རང་སྲོག་བཅད་མི་ ན་གཞོན་ལེ་ཤ་འཐོན་དོ་ཡོདཔ་ལས་ མར་ཕབ་གྱི་ཐབས་ཤེས་བཏོན་དགོཔ།

༢༨ ན་གཞོན་ཨར་རྐུན་ལ་སོགས་པའི་དཀའ་ངལ་སེལ་དགོཔ།

༢༩ལཱ་གཡོག་ས་སྟོང་ཚུ་གི་དོན་ལས་ གཡོག་བཙུགས་ཀྱི་འདྲི་བ་དྲི་ལན་ (Interview) ཚུ་ ལུང་ཕྱོགས་ཀྱི་ཁྲོམ་སྡེ་ཁག་ཚུ་ནང་ཡང་ འགོ་འདྲེན་འཐབ་དགོཔ།

༣༠ ན་གཞོན་གྱི་སྐྱེལ་འདྲེན་གླ་ཆ་ ཡང་ཆག་ ཡང་ན་ མར་ཕབ་གནང་དགོཔ།

༣༡སློབ་གྲྭ་ཁག་ཚུ་ནང་ བདུན་ཕྲག་༡ ལུ་ སྒྲིགས་ལམ་རྣམ་གཞག་གི་ཆོས་ཚན་ ཚར་གཅིག་སློབ་སྟོན་འབད་ནི་ཡོདཔ་བཟོ་དགོཔ།

༣༢ སློབ་གྲྭའི་ཆོས་ཚན་རྩ་གཞུང་འདི་ བསྐྱར་ཞིབ་གནང་དགོཔ།

Page 18: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

14

༣༣ སློབ་རིམ་༡༢ པ་ཚུ་གི་དོན་ལས་ གློག་རིག་ཀམ་པུའུ་ཀྲར་ ལངམ་མེད་པའི་དཀའ་ངལ་ཡོདཔ།

༣༤སློབ་དཔོན་དང་སློབ་ཕྲུག་ རྒས་ཤོས་ཆུང་ཀུ་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་གུས་ཞབས་དང་ བརྩི་མཐོང་ཚུ་ མར་མཉམ་སྟེ་འགྱོ་དོ་ཡོདཔ།

༣༥ སློབ་གྲྭ་ཁག་ཚུ་ནང་ སློབ་ཕྲུག་གི་སྐྱ་བཞག་ཐངས་ ཤོག་མཚུངས་བཟོ་དགོཔ།

༣༦གློག་རིག་གི་ཆོས་རྒྱུགས་ཕུལ་བའི་སྐབས་ གལ་སྲིད་གློག་མེ་མེདཔ་འགྱོ་སྟེ༌ལུས༌མི༌གི༌དུས༌ཚོད༌ ལོག་སྟེ་བྱིན་དགོཔ།

༣༧ སློབ་གྲྭ་ལྟེ་བ་ནང་ལུ་ཐོབ་པའི་མཐུན་རྐྱེན་ཚུ་ ཉེ་འདབ་ཀྱི་སློབ་ཕྲུག་ཚུ་ལུ་ཡང་བྱིན་དགོཔ།

༣༨སློབ་གྲྭའི་ངལ་གསོ་ གནམ་བྱར་དང་དགུན་གྱི་སྐབས་ལུ་ སློབ་ཕྲུག་ཚུ་ལུ་་ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར་ཚུ་ ལེ་ཤ་འབད་འགོ་འདྲེན་འཐབ་དགོཔ།

༣༩ ཤར་ཕྱོགས་རྫོང་ཁག་གི་སློབ་གྲྭ་ཁག་ཚུ་ འཐུང་ཆུའི་དཀའ་ངལ་སྦོམ་ཡོདཔ། ཆ་འཇོག་གྲུབ།

འཚོགས་ཞུགས་ཉིན་གྲངས་༢ པ་མཇུག་བསྡུ་ནི།

སྤྱི་ཚེས་༦-༡-༢༠༡༦

དྲོ་པའི་ ཆུ་ཚོད་ ༩-༡༡ ཚུན།

༤༠སློབ་རིམ་༡༡ པ་དང་ ༡༢ པའི་འབྱུང་རབས་ཆོས་ཚན་འདི་ རྒྱ་གར་གྱི་ལོས་རྒྱུས་མིན་པར་ ང་བཅས་རའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ སློབ་སྟོན་འབད་དགོཔ།

༤༡བཅའ་ཁྲིམས་ཚུ་ རྒེད་འོག་ཚུ་ནང་བཀྲམ་སྤེལ་འབད་མི་འདི་ དབྱིན་སྐད་ཐོག་མིན་པར་ རྫོང་ཁའི་ཐོག་པར་བསྐྲུན་འབད་བཀྲམ་སྤེལ་འབད་དགོཔ།

༤༢ མི་སྡེ་ལྟེ་བ་ཚུ་ནང་ཡོད་པའི་མཁོ་ཆས་རྐྱུན་ཚུ་ གོང་ཚད་མར་ཕབ་གནང་དགོཔ།

༤༣ སློབ་གྲྭ་ཁག་ཚུ་ནང་ ཚན་རིག་གི་མཐུན་རྐྱེན་ཅ་ཆས་ཚུ་ ལངམ་མིན་འདུག།

༤༤སློབ་དཔོན་མང་ཤོས་ཅིག་གིས་རང་ ཁ་མཐོ་སའི་སློབ་གྲྭ་ཚུ་ནང་ དུས་ཡུན་ཐུང་ཀུ་ཅིག་ལས་སྡོད་མི་བཏུབ་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྦྱང་བརྩོན་ལུ་ ཐོ་ཕོག་དོ་ཡོདཔ་ལས་ ད་ལས་ཕར་ ལོ་ཚད་གཏན་འཁེལ་བཟོ་དགོཔ་འདུག།

༤༥ མཐའ་ཟུར་སློབ་གྲྭ་ཁག་ཚུ་ནང་ ཉིན་མའི་ལྟོ་ཐོབ་ནི་ཡོདཔ་བཟོ་དགོཔ།

༤༦ཐིམ་ཕུག་ལུ་ སྒེར་སྡེ་སློབ་གྲྭ་ཁག་ཚུ་ནང་ཤེས་ཡོན་སྦྱང་མི་ན་གཞོན་བུམོ་ཚུ་གི་དོན་ལས་ ན་གཞོན་དཔལ་རི་ཁང་བཟུམ་གྱི་ སྡོད་གནས་ཐེབས་བཟོ་དགོཔ།

༤༧ ཕམ་ཡ་བྲལ་ལས་བརྟེན་ བཟང་ཚང་བརྟན་ཏོག་ཏོ་མེདཔ།

༤༨ མི་སྡེ་ སློབ་གྲྭ་ དེ་ལས་ཆ་རོགས་ཚུའི་ བརྒྱུད་བསྐུལ་ལས་བརྟེན་པའི་དཀང་ངལ།

གསོལ་ཇའི་བམ་གྲོལ་ནི།

༤༩ ཆང་དང་སྨྱོ་རྫས་ལ་སོགས་པ་ལུ་ ལང་ཤོར་ཐལ་བའི་དཀའ་ངལ།

Page 19: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

15

༥༠ བརྩིས་མཐོང་དང་ཀུན་ཚང་ཤེས་ཡོན་ཐོབ་མ་ཚུགས་པའི་དཀའ་ངལ།

༥༡ ཤེས་ཡོན་དང་ ལཱ་གཡོག་གི་བར་ན་ རྟགས་མཐུན་མ་ཚུགས་པའི་དཀའ་ངལ།

༥༢ ལུས་འབྲེལ་དང་འབྲེ༌ལ་བའི་ཤེས་ཡོན་ལེགས་ཤོམ་མ་ཐོབ་པའི་དཀའ་ངལ།

༥༣ སེམས་ཁམས་འཕྲོད་བསྟན་དང་འབྲེལ་བའི་དཀའ་ངལ།

༥༤ མི་སྡེ་བརྡ་བརྒྱུད། (SOCIAL MEDIA)

༥༥ མི་སྡེའི༌བརྡ༌བརྒྱུད༌ལུ༌ ཤུགས་ཐལ་བའི་དཀའ་ངལ།

གསོལཝ་གི་བམ་གྲོལ་ནི།

སྤྱི་ཚེས་༥-༡-༢༠༡༦

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་ལུ་ གྲོས་བསྡུར་གྱི་མཛད་རིམ་ཟིན་ཐོ།

1. གྲོས་གཞི་གི་དོན་ཚན་༡ པ།

སློབ་ཕྲུག་ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ལོ་ཚད་འདི་ ད་ལས་ཕར་ སྐྱེས་ལོ་༦ ལས་ ༥ ལུ་མར་ཕབ་འབད་དགོཔ།

ལམ་གོང་_ཝང་ལྕང་འཐུས་མི།

བློ་གསར་སློབ་རིམ་ནང་བཙུགས་ནི་འདི་ དུས་ཀྱི་འགྱུར་དང་འཁྲིལ་ཏེ་ ཨ་ལོའི་ལོ་ཚད་ སྐྱེས་ལོ་༦ ལུ་མིན་པར་ སྐྱེས་ལོ་༥ ལུ་སྒྱུར་བཅོས་འབད་དགོཔ་འདི་ཡང་ ཨ་ལོ་སྐྱས་ལོ་༥ ལས་རང་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་རིག་རྩལ་ལྡན་དོ་ཡོདཔ་ལས་ སྐྱེས་ལོ་༦ ལུ་བཞག་མི་འདི་གིས་ དུས་ཚོད་ཕྱི་དྲག་དོ་ཡོདཔ་ལས་ ད་ལས་ཕར་ སྐྱེལ་ལོ་༥ ལུ་བཟོ་གནང་དགོཔ་འདུག་ཟེར་ཞུ་ཡི། འདི་ལུ་ ཕུན་ཚོགས་དཔལ་རི་འཐུས་མི་གིས་ རྒྱབ་སྐྱོར་གྱི་ཞུ་བ་ཕུལ་ཏེ་ཡོད་མི་ལུ་ ཚོགས་དཔོན་གྱིས་ འདི་ལུ་ཆ་འཇོག་གི་རྒྱབ་སྐྱོར་ཡོད་མེད་གྱི་དོན་ལས་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་པའི་ འཐུས་མི་མང་མོས་ཀྱིས་ འདི་ལུ་ངོས་ལེན་ཡོདཔ་དང་འཁྲིལ་ བློ་གསར་སློབ་རིམ་ནང་འཛུལ་ཞུགས་ཀྱི་ལོ་ཚད་འདི་ སྐྱེས་ལོ་༥ ལུ་ མར་ཕབ་འབད་དགོཔ་ལུ་ ཆ་འཇོག་གྲུབ་ཅི།

༢. གྲོས་གཞི་གི་དོན་ཚན་༢ པ།

རྫོང་ཁའི་ཆོས་ཚན་འདི་ ཡན་ལག་ཆོས་ཚན་འབད་མིན་པར་ རྩ་བའི་ཆོས་ཚན་སྦེ་བཟོ་དགོཔ།

Page 20: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

16

བཀྲིས་ཆོས་གླིང་འཐུས་མི།

རྫོང་ཁ་འདི་ ང་བཅས་རའི་རྒྱལ་ཁབ་ཀྱི་རང་བཙན་ངོ་རྟགས་ངོ་མ་ཅིག་ཨིནམ་ལས་ འདི་ལུ་བརྩི་བཀུར་ཐོག་ གྲོས་གཞི་དང་འཁྲིལ་ཏེ་ ཆ་འཇོག་གནང་དགོ་པའི་ཞུ་བ་ཕུལ་ཡི།

ར་དི་-སག་སྟེང་འཐུས་མི།

རྒྱལ་ཁབ་ནང་ལུ་ རྫོང་ཁའི་ཐོག་ བློ་སླབ་ནི་འདི་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ འབྲི་ནི་དང་ ལྷག་ནི་ལུ་ མར་ཉམས་འགྱོ་སྟེ་ཡོད་མི་འདི་ གཙོ་བོ་རང་ སློབ་གྲྭ་ནང་ལུ་ རྫོང་ཁའི་ཆོས་ཚན་འདི་ ཡན་ལག་ཆོས་ཚན་སྦེ་བཞག་ནི་དེ་གིས་ཨིནམ་ལས་ ད་ལས་ཕར་ རྩ་བའི་ཆོས་ཚན་སྦེ་བཟོ་དགོཔ་འདི་ ཁག་ཆེ་བས་ཟེར་ཞུ་ཡི། འདི་ལུ་རྒྱབ་འགལ་གྱི་ཞུ་བ་ཕུལ་མི་ག་ཡང་མེདཔ་ལས་ ཚོགས་དཔོན་གྱིས་ ཆ་འཇོག་གྲུབ་ནི་ལུ་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་སྟེ་ འཐུས་མི་ཆ་མཉམ་གྱིས་ ངོས་ལེན་ཡོད་པའི་རྒྱབ་སྐྱོར་ཕུལ་ཡོད་མི་དང་འཁྲིལ་ རྫོང་ཁའི་ཆོས་ཚན་འདི་ ཡན་ལག་ཆོས་ཚན་སྦེ་མ་བཞག་པར་ རྩ་བའི་ཆོས་ཚན་ལུ་བཟོ་དགོ་པའི་ཆ་འཇོག་གྲུབ་ཅི།

༣. གྲོས་གཞི་གི་དོན་ཚན་༤ པ།

ན་གཞོན་ལ་ལུ་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད༌པར༌ ཡོན་ཏན་སྦྱང་ནི་ལུ་དཀའ་ངལ་ཡོདཔ།

དགྲ་མེད་རྩེ་_སྔ་ཚང་འཐུས་མི།

ཤེས་རིག་ལྷན་ཁག་དང་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གིས་ ཞིབ་འཚོལ་ལེགས་ཤོམ་འབད་དེ་ རྒྱབ་སྐྱོར་འབད་དགོཔ་ཡོད་ཟེར་ཨིན་མས། འདི་ཡང་ ཕམ་དང་སྤུན་ཆ་སྒྲིང་སྒྲིང་མེད་པའི་ཨ་ལོ་ཚུ་ ཁོ་རའི་ལྕོགས་གྲུབ་ཡོད་རུང་ ཕམ༌གིས༌ཟད་འགྲོ་གཏང་ནི་ལ་སོགས་པའི་རྒྱབ་སྐྱོར་མེད༌པར༌ གོ་སྐབས་ལེན་མ་ཚུགས་པར་ལུས་དོ་ཡོདཔ་ལས་ འདི་ལུ་གཞུང་ལས་འབད་རུང་ ལེགས་ཤོམ་འབད་གཟིགས་དགོཔ་འདུག་ཟེར་ཞུ་ཡོདཔ་དང་ ད་ལྟོ་རྒྱལ་ཁབ་ནང་ འདི་གི་དཀའ་ངལ་མེདཔ་བཟུམ་མཐོང་མི་འདི་ འདི་ལུ་ཞིབ་འཚོལ་ཚུ་ ལེགས་ཤོམ་ཅིག་ མ་འབདཝ་བཟུམ་ཅིག་སྦེ་མཐོང་མས་ཟེར་ཞུ་ཡི།

དཀར་སྦྱི་-རྟ་ལོག་འཐུས་མི།

ཕམ་དང་སྤུན་ཆ་སྒྲིང་སྒྲིང་མེད་པར་ གོ་སྐབས་ལེན་མ་ཚུགས་པར་ལུས་ཡོད་པའི་དཀའ་ངལ་འདི་ལུ་བརྟེན་ མི་སྡེ་ནང་ལུ་ ན་གཞོན་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་གཞན་ཚུ་ འབྱུང་མི་འདི་རང་ དེ་ཚུ་ལས་བརྟེན་ཨིན་མས་ཟེར་ཞུ་ཡི། ག་ཅི་འབད་ཟེར་བ་ཅིན་ ཕམ་དང་སྤུན་ཆ་སྒྲིང་སྒྲིང་ཡོད་པའི་ན་གཞོན་ཚུ་ལུ་ ཕ་མའི་རྒྱབ་སྐྱོར་ལས་བརྟེན་ གོ་སྐབས་ལེ་ཤ་ཅིག་བྱིན་དོ་ཡོདཔ་ལས་ མི་སྡེའི་དཀའ་ངལ་ནང་ལུ་ ཚུད་དགོ་པའི་གནས་སྟངས་སྦོམ་ཅིག་ མི་འབྱུང་མས་ཟེར་ཞུ་ཡི། ལྷག་པར་དུ་ སློབ་རིམ་༡༠ ཡན་ཆད་ཀྱི་སློབ་ཕྲུག་ ཕམ་དང་སྤུན་ཆ་སྒྲིང་སྒྲིང་མེད་མི་ཚུ་ལུ་ དཀའ་ངལ་ཡོད་

Page 21: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

17

ཟེར་ཞུ་ཡི། འདི་ལུ་ རྒྱབ་འགལ་གྱི་ཞུ་བ་ཕུལ་མི་ག་ཡང་མེདཔ་ལས་ ཚོགས་དཔོན་གྱིས་རྒྱབ་སྐྱོར༌ཡོད་མེད་ཀྱི་ལགཔ་ཡར་འཐུ་བཅུག་པའི་སྐབས་ འཐུས་མི་ཆ་མཉམ་གྱིས་ རྒྱབ་སྐྱོར་ཕུལ་ཏེ་ འདི་ལུ་ངོས་ལེན་མཛད་དགོཔ་ཡོདཔ་སྦེ༌ ཆ་འཇོག་གྲུབ་ཅི།

༤. གྲོས་གཞི་གི་དོན་ཚན་༥ པ།

སློབ་ཕྲུག་ན་གཞོན་བུམོ་ལ་ལུ་ ལོ་ན་ཆུང་ཀུའི་བསྒང་ལས་ གཉེན་རྐྱབ་པའི་དཀའ་ངལ། ར་དི་-སག་སྟེང་འཐུས་མི།

ན་གཞོན་རང་གི་བློ་འདོད་བཞིན་དུ་ མོས་མཐུན་བྱུང་སྟེ་འབད་བ་ཅིན་ འདི་ལུ་ཁྱད་ཅིག་མིན་འདུག་ཟེར་ཞུ་ཡི། སྟབས་མ་བདེཝ་འདི་རང་ ཧེ་མ་དགའ་མཐུན་སྦེ་སྡོད་ ཤུལ་མ་གཟུགས་ཁར་སྟབས་མ་བདེཝ་ཆགས་པའི་སྐབས་ལུ་ ན་གཞོན་བུམོ་དེ་ལུ་ ངོས་ལེན་མེད་པར་བཞག་པ་ཅིན་ དཀའ་ངལ་འདི་རང་ དེ་ཁར་ལས་འཐོནམ་ཨིན་མས་ཟེར་ཞུ་ཡི།

སྨིན་སྦི་-བཙན་མཁར་འཐུས་མི།

དཀའ་ངལ་འདི་ལུ་ ཐབས་ཤེས་བཏོན་དགོཔ་འདི་རང་ སློབ་དཔོན་དང་ ཕམ་ཚུ་གིས་ བསླབ་སྟོན་དང་ལམ་སྟོན་ ཕམ་གིས་བདག་འཛིན་འབད་ཐངས་ཚུ་ལུ་ཡང་ རག་ལས་ནི་ཨིན་མས་ཟེར་ཞུ་ཡི། དཀའ་ངལ་འདི་བཟུམ་ མང་ཤོས་རང་སློབ་གྲྭའི་ངལ་གསོ་ཚུ་གི་སྐབས་ལུ་འབྱུང་དོ་ཡོདཔ་ལས་ འདི་གི༌དོན་ལུ་ འབྲེལ་བ་ཡོད་པའི་ལས་རིམ་འདྲ་མིན་སྣ་ཚོགས་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཞུ་ཡི།

མོང་སྒར་འཐུས་མི།

དཀའ་ངལ་འདི་ གཙོ་བོ་རང་ ན་གཞོན་བུཚ་དང་བུམོ་གི་བར་ན་ དཀའ་མཐུན་གྱི་འབྲེལ་བ་ལུ་བརྟེན་འབྱུང་དོ་ཡོདཔ་ལས་ འདི་ལུ་འབད་བཏུབ་དང་མ་བཏུབ་པའི་གོ་བ་བརྡ་སྤྲོད་འབད་དགོཔ་འདི་རང་ ཁག་ཆེ་བས་ཟེར་ཞུ་ཡི། འདི་ལུ་ ལྷ་མོའི་རྫིང་ཁ་འཐུས་མི་གིས་ དཀའ་ངལ་འདི་ ཕམ་དང་སློབ་དཔོན་ཚུ་གིས་ བསླབ་སྟོན་དང་བདག་འཛིན་ལུ་ རག་ལས་ནི་ཨིན་མས་ཟེར་ཞུ་ཡི།

འབུམ་སྡེ་གླིང་-བྱམས་མཁར། ངང་ལམ། བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ཚུ་གིས།

དཀའ་ངལ་འདི་གི་དོན་ལུ་ ཐབས་ཤེས་ཟེར་རུང་ གཙོ་བོ་རང་ གོ་བ་བརྡ་སྤྲོད་འབད་དགོཔ་ལུ་ ཁག་ཆེ་བས་ཟེར་བའི་ཞུ་བ་ཕུལ་ཡི། འདི་ལུ་ཚོགས་དཔོན་གྱིས་ ཞུ་བ་ཕུལ་མི་ཆ་མཉམ་གྱིས་རང་ དཀའ་ངལ་འདི་ཡོདཔ་ལུ་ངོས་ལེན་འབད་དེ་ཡོདཔ་དང་ འབྲེལ་བ་ཡོད་པའི་འགན་འཛིན་པ་དང་ ལས་སྡེ་ཚུ་གིས་ གོ་བརྡ་སྤྲོད་འབད༌དགོ༌པའི༌ རྒྱབ་སྐྱོར་ཡོད་མེད་ཀྱི་དོན་ལས་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་པའི་ འཐུས་མི་ཆ་མཉམ་གྱིས་ རྒྱབ་སྐྱོར་གྱི་ངོས་ལེན་ཐོག་

Page 22: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

18

ཆ་འཇོག་གྲུབ་ཅི།

༥. གྲོས་གཞི་གི་དོན་ཚན་༧ པ།

སློབ་གྲྭ་ལྟེ་བ་འདི་ རྒྱལ་ཁབ་ཀྱི་ས་གནས་མཐའ་ཟུར་ཚུ་ནང་ གཞི་བཙུགས་འབད་དགོཔ།

བར་རྡོ-ཀྲོང་། དཀྱིལ་འཁོར་ཐང་-མནྜལ་སྒང་འཐུས་མི།

སློབ་གྲྭ་ལྟེ་བ་འདི་ ཁྲོམ་ཚུ་ནང་མིན་པར་ ག་དེ་དྲག་དྲག་ ས་གནས་མཐའ་ཟུར་ དཀའ་ངལ་ཡོད་སའི་ས་གནས་ཚུ་ནང་བཙུགས་དགོཔ་འདི་ཁག་ཆེ་ཟེར་ཨིནམ་དང་ ག་ཅི་འབད་ཟེར་བ་ཅིན་ སློབ་གྲྭ་ལྟེ་བའི་ནང་ལུ་ མཐུན་རྐྱེན་ཚུ་ཡང་ གཞུང་གིས་འབད་གནང་དོ་ཡོདཔ་ལས་ མཐའ་ཟུར་གྱི་ཨ་ལོ་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ནི་ཨིན་མས་ཟེར་ཞུ་ཡི། འདི་ལུ་ རྒྱབ་འགལ་གྱི་ཞུ་བ་ཕུལ་མི་ག་ཡང་མ་འཐོནམ་ལས་ གྲོས་གཞི་ནང་བཀོད་མི་དེ་ལུ་ ཆ་འཇོག་གྲུབ་ཅི།

༦. གྲོས་གཞི་གི་དོན་ཚན་༨ པ།

སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་ཚུ་ བཙུགས་མ་ཆོགཔ།དོན་ཚན་འདི་ལུ་ འཐུས་མི་ཚུ་གི་བར་ན་ རྩོད་བསྡུར་དུས་ཡུན་རིངམོ་འབད་བྱུང་སྟེ་ཡོད་མི་འདི་ཡང་

རྩི་རང་སྟོད། བམ་མཚམས་-ཤོང་ཕུག། པན་སྦང་། ར་དི་-སྟག་སྟེང་། བདེ་བ་ཐང་སྒོམ་དར་འཐུས་མི་ཚུ་གིས།

སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་བཙུགས་མི་འདི་གིས་ སློབ་གྲྭ་དང་སློབ་ཕྲུག་ཚུ་ལུ་དཀའ་ངལ་སྦོམ་བྱིན་ཏེ་ཡོདཔ་ལས་ ཚོང་ཁང་འདི་ བཙུགས་མ་ཆོགཔ་སྦེ་རང་བཞག་དགོཔ་འདུག་ཟུར་ཞུ་ཡི།

སྒང་ཟུར་- སྨིན་རྒྱས། ངང་ལམ། དགེ་ལེགས་ཕུག། བྲག་སྟེང་-གླང་ཐལ། རྡོ་ཕུག་ཅན་-རྟ་ལྡིང་འཐུས་མི་ཚུ་གིས།

སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་འདི་དགོཔ་ཁག་ཆེ་ཟེར་ཨིནམ་དང་ འདི་ཡང་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ཕན་ཐོགས་ཆེ་བའི་ མཁོ་ཆས་ཚུ་ དེ་འཕྲོ་ལས་ཐོབ་ཚུགསཔ་ལས་ ས་ཐག་རིང་སར་ཉོ་བར་འགྱོ་མ་དགོཔ་ལས་ ཕན་ཐོགས་པས་ཟེར་ཞུ་ཡི།

ལམ་གོང་-ཝང་ལྕང་། བདེ་བ་ཐང་_སྒོམ་དར་འཐུས་མི་ཚུ་གིས།

སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་འདི་ཁེ་མིན་མེདཔ་ལས་ འདི་ནང་ཆང་ལ་སོགས་པ་ཚུ་ བཙོང་མ་ཆོགཔ་འབད་བཞག་སྟེ་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་ཆེཝ་ལས་ ཁེ་མིན་འདུག་ཟེར་ཞུ་ཡི། འདི་ལུ་ཚོགས་དཔོན་གྱིས་ གནད་དོན་ཁག་གསུམ་ལུ་ མང་མོས་ཀྱི་རྒྱབ་སྐྱོར་བལྟ་བའི་སྐབས་ སློབ་གྲྭའི་ཉེ་འདབ་

Page 23: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

19

ལུ་ ཚོང་ཁང་བཙུགས་ཆོག་ནི་དང་ འདི་ནང་ཆང་ལ་སོགས་པ་ཚུ་ བཙོང་མ་ཆོགཔ་ལུ་ རྒྱབ་སྐྱོར་འབད་མི་མངམ་འཐོན་ཡོདཔ་ལས་ འདི་ལུ་ཆ་འཇོག་གྲུབ་ཅི།

༧. གྲོས་གཞི་གི་དོན་ཚན་༩ པ།

སློབ་གྲྭ་ཁག་ཚུ་ནང་ དམངས་གཙོའི་སྡེ་ཕྲན་གྱི་འཐུས་མི་ཁ་གྱངས་གཏན་འཁེལ་བཟོ་དགོཔ།

ཝམ་རོང་། སྒང་ཟུར་-སྨིན་རྒྱས། ངང་ལམ་འཐུས་མི་ཚུ་གིས། སློབ་གྲྭའི་ནང་ དམངས་གཙོའི་སྡེ་ཕྲན་གྱི་འཐུས་མི་མང་ཉུང་ཡོད་མི་དེ་གིས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་བཙག་འཐུའི་སྐབས་ལུ་ འཐུས་མིའི་གྱངས་ཁ་ལེ་ཤ་ཡོད་མི་སློབ་གྲྭ་དེ་གིས་ཐོབ་དོ་ཡོདཔ་ལས་ འཐུས་མི་གི་བཙག་འཐུ་འདི་ འདྲ་མཉམ་མིན་འདུག་ཟེར་ཨིནམ་དང་ མཐོ་ཚད་དང་དམའ་ཚད་གི་ཁ་གྱངས་ཅིག་ བཀོད་དགོཔ་འདི་ཁག་ཆེ་བས་ཟེར་ཞུ་ཡི།

ཨ་ཐང་-ཚད་འཚོ། ལམ་གོང་-ཝང་ལྕང་འཐུས་མི་གིས།

གནད་དོན་འདི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འོས་འབབ་བལྟ་སྟེ་འབད་ཅིན་མ་བཏུབ་མེདཔ་ལས་ འདི་ལུ་གསུང་གྲོས་ཐེབས་གནང་དགོཔ་མིན་འདུག་ཟེར་ཞུ་ཡི་ འདི་ལུ་ཚོགས་དཔོན་གྱིས་ ཞུ་བ་ཁག་གཉིས་ལུ་ རྒྱབ་སྐྱོར་བལྟ་བའི་སྐབས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་འོས་འབབ་བལྟ་དགོཔ་འབད་ ཆ་འཇོག་གྲུབ་ཅི།

༨. གྲོས་གཞི་གི་དོན་ཚན་༡༣ པ།

སློབ་གྲྭ་ཁག་ཚུ་ནང་ མཐུན་རྐྱེན་ཚུ་ ལངམ་སྦེ་གནང་དགོཔ།

དགྲ་མེད་རྩེ་-སྔ་ཚང་། ལམ་གོང་-ཝང་ལྕང་འཐུས་མི་གིས།

སློབ་གྲྭ་ནང་ལུ་མཐུན་རྐྱེན་ཚུ་ དེ་འཕྲོ་ལས་ལྷོད་ཚུགས་པར་ལཱ་ཁག་ཡོད་མི་འདི་ཡང་ སློབ་གྲྭ་ལས་རྫོང་ཁག་དང་ རྫོང་ཁག་ལས་ལྷན་ཁག་ལྟེ་བ་ཚུན་བརྒྱུད་དགོཔ་ཡོདཔ་ལས་ དུས་ཚོད་འགོར་དོ་ཡོདཔ་མ་གཏོགས་ ལྷོད་ནི་དེ་ལྷོད་དེ་རང་ཡོད་ཟེར་ཨིནམ་དང་ སློབ་གྲྭའི་མཐུན་རྐྱེན་གྲུབ་ཐབས་ལུ་ མ་དངུལ་ཚུ་ཡང་ གཞུང་ལྟེ་བ་རྐྱངམ་ཅིག་ལུ༌བཀལ་མ་བཞག་པར་ སློབ་གྲྭའི་ཁ་ཐུགས་ལས་ སྤྲོ་སྟོན་གྱི་སྣ་ཚོགས་ལས་རིམ་ཚུ་ མི་མང་ལུ་སྟོན་ཐོག་ལས་ཡང་བཟོ་དོ་ཟེར་ཞུ་ཡི།

Page 24: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

20

ནུས་སྦིས་_བསྟང་སི་སྦི། ར་དི་- སག་སྟེང་། བདེ་བ་ཐང་-སྒོམ་དར་འཐུས་མི་ཚུ་གིས།

མཐའ་ཟུར་སློབ་གྲྭ་ཚུ་ནང་ མཐུན་རྐྱེན1་ཚུ་ལངམ་མེདཔ་ལས་ ཁྲོམ་ཁའི་སློབ་གྲྭ་ཚུ་དང་ཕྱདཔ་དང་ ཁྱད་པར་སྦོམ་ཆགས་ཏེ་ཡོདཔ་མ་ཚད་ མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཚུ་ལེགས་ཤོམ་དང་ ལངམ་མེད་པའི་དཀའ་ངལ་ལས་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ལས་འཐོན་སྡོད་མི་ཡང་ ལོ་གཅིག་ལས་ལོ་གཅིག་ མང་སུ་འཐོན་དོ་ཟེར་ཞུ་ཡི། མཐའ་ཟུར་གྱི་སློབ་གྲྭ་ཚུ་ཡང་ གོང་འཕེལ་དང་ ཡར་དྲག་བཟོ་ནི་གི་ཐབས་ཤེས་གཙོ་བོ་འདི་རང་ སློབ་གྲྭའི་མཐུན་རྐྱེན་ཚུ་ ཆ་ཚང་བཟོ་ནི་དེ་ཨིནམ་མ་ཚད་ མཐའ་ཟུར་སློབ་གྲྭ་ཚུ་ནང་ མཐའ་ན་ཆོས་ཚན་དང་འབྲེལ་བ་ཡོད་པའི་ མཁོ་ཆས་ཚུ་རང་མེད་པར་ཡོདཔ་ལས་ ཆོས་རྒྱུགས་ཕུལ་ནི་ལུ་ཡང་ དཀའ་ངལ་འཐོན་མས་ཟེར་ཞུ་ཡི། དོན་ཚན་འདི་ལུ་ ཞུ་བ་ཕུལ་མི་ཁག་གཉིས་སྦེ་འཐོན་ཡོདཔ་ལས་ གྲོས་ཐག་ཆོད་ནི་ལུ་ ཚོགས་དཔོན་གྱིས་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་པའི་ གྲོས་གཞི་འདི་ནང་ མཐུན་རྐྱེན་ལངམ་གནང་དགོ་པའི་ཡོད་མི་དེ་ལུ་ ཆ་འཇོག་གྲུབ་ཅི། འཐུས་མི་ཆ་མཉམ་གྱིས་ འོག་གི་གྲོས་གཞི་དོན་ཚན་༣༣ པ་དང་ ༣༩ པ་གཉིས་ཡང་ དོན་ཚན་དང་འབྲེལ་བ་ཡོདཔ་ལས་ སོ་སོར་འབད་མ་དགོཔ་ལུ་ ཆ་འཇོག་གྲུབ་ཅི།

༩. གྲོས་གཞི་གི་དོན་ཚན་༡༨ པ།

སྤྱིར་བཏང་གི་སློབ་དཔོན་མ་བཏང་བར་ ཆོས་ཚན་གྱི༌མཁས་རིག་སློབ་དཔོན་བཏང་དགོཔ།

ངང་ལམ། ལྷོ་ཐིམ་ཕུག། བདེ་བ་ཐང་¬_སྒོམ་དར། དཀར་སྦྱི་_རྟ་ལོག། ལྷ་མོའི་རྫིང་ཁ། ར་དི་_སྟག་སྟེང་འཐུས་མི་ཚུ་གིས།

ཆོས་ཚན་ངོ་མ་སློབ་སྟོན་འབད་མི་ སློབ་དཔོན་མེད་པའི༌དཀའ་ངལ་འདི་གིས་འབད་ ད་རེས་ཤེས་རིགགི་སྤུད་ཚད་ལུ་ གནོད་པ་ཡོད་མི་འདི་རང་ གནད་དོན་འདི་ལས་བརྟེན་ཨིན་ཟེར་ཨིནམ་དང་ ལྷག་པར་དུ་ སློབ་རིམ་ཆུང་བ་ཚུ་ནང་ སློབ་ཕྲུག་ཚུ་ལུ་ གཞི་འགྱམ་མེད་པའི་དཀའ་ངལ་ཡང་ ཆོས་ཚན་ངོ་མ་གི་སློབ་དཔོན་མེད་མི་དེ་གིས་ཨིན་ཟེར་ཞུ་ཡི། དེ་གིས་མ་ཚད་ སློབ་སྟོན་འབད་མི་སློབ་དཔོན་འདི་ལུ་ཡང་ ཆོས་ཚན་གྱི་མཁས་རིག་མེད་ནི་དེ་གིས་ སློབ་སྟོན་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གིས་ ཤེས་ནི་ལུ་དཀའ་ངལ་འཐོན་དོ་ཡོདཔ་ལས་ རྒུད་ཤོས་འདི་རང་ སློབ་ཕྲུག་ཚུ་ཨིནམ་ལས་བརྟེན་ ཆོས་ཚན་གྱི་མཁས་རིག་ཅན་གྱི་སློབ་དཔོན་འདི་ ལངམ་སྦེ་རང་དགོཔ་འདུག་ཟེར་ཞུ་མི་དང་འཁྲིལ་ འདི་ལུ་ རྒྱབ་འགལ་གྱི་ཞུ༌བ་ཕུལ་མེདཔ་ལས་ ཞུ་བ་ཕུལ་མི་ལུ་ ཆ་འཇོག་གྲུབ་ཅི།

༡༠. གྲོས་གཞི་གི་དོན་ཚན་༡༩ པ།

སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་ སློབ་གྲྭ་གནས་སོར་བཏང་པའི༌སྐབས་ སློབ་གྲྭ་རེ་རེ་གི་ཁྱད་ཚད་ཐོག་མིན་པར་ སྤྱིར་བཏང་ཤོག་མཉམ་གྱི་ཁྱད་ཚད་ཐོག་འབད་དགོཔ།

Page 25: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

21

ངང་ལམ། དགྲ་མེད་རྩེ་_སྔ་ཚང་། འབུམ་སྡེ་གླིང་_བྱམས་མཁར། ར་དི་_སག་སྟེང་། ཕུན་ཚོགས་དཔལ་རི་འཐུས་མི་ཚུ་གིས།

འབྲིང་རིམ་སློབ་གྲྭ་གོང༌མ་ཚུ་ནང་ སློབ་ཕྲུག་གནས་སོར་འབད་འོང་མི་ཚུ་ལུ་ སྐུགས་ཚད་གྱི་བརྒྱ་ཆ་བཟོ་སྟེ་ཡོདཔ་ལས་ སློབ་ཕྲུག་ལ་ལུ་སློབ་གྲྭ་དེ་ནང་ གནས་སོར་འབད་ནིའི་དང་འདོད་ཡོད་རུང་ སྐུགས་ཀྱི་བརྒྱ་ཆའི་ཚད་གཞི་འདི་གིས་ བདའ་མ་འཛིནམ་ལས་ སློབ་གྲྭ་གདམ་ཁ་རྐྱབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ རྫོང་ཁག་གཅིག་ནང་ལུ་ འདྲ་མཉམ་གྱི་བགོ་བཀྲམ་མིན༌འདུག་ཟེར་ཞུ་ཡི། དེ་འབདཝ་ལས་ སློབ་གྲྭ་ལེགས་ཤོམ་འདི་ནང་ སློབ་ཕྲུག་སྐུགས་ཚད་དམའ་ཤོས་ཐོབ་མི་ཚུ་ལུ་ཡང་ གོ་སྐབས་བྱིན་པ་ཅིན་ སློབ་ཕྲུག་དེ་གིས་ཡང་ སྐུགས་ཚད་མཐོ་ཤོས་ཐོབ་ཚུགས་པའི་ གོ་སྐབས་ལུ་འགྱུར་ཚུགས་ནི་ཨིན་མས་ཟེར་ཞུ་ཡི། དེ་མ་ཚད་ སློབ་ཕྲུག་ལ་ལུ་ཅིག་ སློབ་སྟོན་འགོ་བཙུགས་ཚར་ཏེ་འབད་རུང་ སློབ་གྲྭ་མ་ཐོབ་པར་ལུས་དོ་ཡོད་པའི་དཀའ་ངལ་ཚུ་བྱུང་སྟེ་ཡོད་ཟེར་ཞུ་ཡི། འདི་ལུ་རྒྱབ་འགལ་གྱི་ཞུ་བ་ཕུལ་མི་མེདཔ་ལས་ སློབ་གྲྭའི་གནས་སོར་གྱི་དོན་ལས་ ད་ལས་ཕར་ སློབ་ཕྲུག་ཚུ་ལུ་ སྐུགས་ཀྱི་བརྒྱ་ཆའི་ཚད་གཞི་འདི་ མེདཔ་སྦེ་བཞག་དགོཔ་ལུ་ ཆ་འཇོག་གྲུབ་ཅི། ༡༡. གྲོས་གཞི་གི་དོན་ཚན་༢༦ པ།

རྒྱལ་ཁབ་ནང་ ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་དང་འཁྲིལ་ ན་གཞོན་སློབ་ཕྲུག་བུམོ་ཚུ་ལུ་ ལས་རིམ་འདྲ་མིན་སྣ་ཚོགས་ཚུ་ནང་ བཅའ་མར་གཏོགས་བཅུག་དགོཔ།

ཝམ་རོང་། བདེ་བ་ཐང་_སྒོམ་དར། ངང་ལམ། ཨ་ཐང་-ཐད་འཚོ། ལམ་གོང་_ཝང་ལྕང་། ར་དི་_སག་སྟེང་འཐུས་མི་ཚུ་གིས།

ད་ལྟོ་ཚུན་གྱི་ཚོད་ སློབ་ཕྲུག་ཕོ་མོ་ཚུ་གི་བར་ན་ ག་ཅི་རང་འབད་རུང་ གོ་སྐབས་ཚུ་འདྲ་མཉམ་འབད་རང་ཡོདཔ་ལས་ ད་ལས་ཕར་ སློབ་ཕྲུག་བུམོ་ཚུ་ལུ་ ལོགས་སུ་འབད་འདི་བཟུམ་མའི་གོ་སྐབས་བྱིན་པ་ཅིན་ ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་ལས་རྒྱབ་འགལ་ཨིནམ་ལས་ ཕོ་མོ་འདྲ་མཉམ་མེདཔ་ལུ་འགྱོ་འོང་ཟེར་ཞུ་ཡི། དེ་འབདཝ་ལས་ སློབ་ཕྲུག་བུམོ་ཚུ་གི་དོན་ལུ་ དམིགས་བསལ་གྱི་གོ་སྐབས་ལོགས་སུ་བཟོ་ནི་འདི་ མི་བཏུབ་ཟེར་ཞུ་ཡི།

སྨིན་སྦི་_བཙན་མཁར། ནུབ་སྦིས་-བསྟང་སི་སྦི་འཐུས་མི་གིས།

ད་ལྟོ་རྒྱལ་ཁབ་ནང་ ཕོ་མོ་གཉིས་ཀྱི་བར་ན་ གོ་སྐབས་ལེན་མི་གི་གྱངས་ཁ་འདི་ ཕོ་རྒས་རང་མངམ་སྦེ་ཡོདཔ་ལས་ འདི་གི་འདྲ་མཉམ་བཟོ་ཐབས་ལུ་ སློབ་ཕྲུག་བུམོ་ཚུ་ལུ་ སྤྲོ་བ་ཐེབས་བསྐྱེད་བཅུག་ནི་དོན་ལས་ཨིནམ་དང་ དེ་མ་ཚད་ སློབ་ཕྲུག་བུམོ་ཚུ་གིས་ སེམས་ཤུགས་དང་སྤོབས་ཚུ་ བུཚ་ཚུ་དང་འདྲ་མཉམ་བཟོ་ཐབས་ལུ་ཨིནམ་ལས་ གོ་སྐབས་ཚུ་ནང་ བུཚ་ཚུ་དང་འདྲ་མཉམ་སྦེ་ བཅའ་མར་གཏོགས་བཅུག་ནི་ལུ་ བློ་སྟོབས་བསྐྱེད་བཅུག་ནི་གི་ཐབས་ཤེས་ཅིག་ཡང་ཨིན་ཟེར་ཞུ་ཡི། དེ་མིན་པ་ཅིན་ སློབ་ཕྲུག་བུམོ་མང་ཤོས་ཅིག་གིས་རང་ བུཚ་དང་འདྲ་མཉམ་འབད་ བཅའ་མར་མ་གཏོགས་པར་སྡོད་དོ་ཡོདཔ་ལས་ ཕོ་མོ་འདྲ་མཉམ་ཨིན་རུང་ བུཚ་ཚུ་གི་གྱངས་ཁ་དང་འདྲ་མཉམ་ལུ་ ལྷོད་མི་ཚུགས་

Page 26: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

22

ནི་ཨིན་མས་ཟེར་ཞུ་ཡི།

དཀར་སྦྱི་_རྟ་ལོག། རྡོ་ཕུག་ཅན། ལྷ་མའི་རྫིང་ཁ། བོང་སྒོ་_སྐྱབས་ཆ། ཨྱོན་རྩེ་_འོད་གསལ་རྩེ་འཐུས་མི་ཚུ་གིས།

སློབ་ཕྲུག་བུམོ་ཚུ་གིས་དོན་ལས་ བློ་སྟོབས་དང་སེམས་ཤུགས་ སྤོབས་ཚུ་ཐོབ་ཚུགས་ནི་དོན་ལས་ གོ་སྐབས་འདི་ལུ་ ལོགས་སུ་འབད་མ་བཟོ་བར་ ཐབས་ཤེས་ཚུ་བཏོན་དགོཔ་ལུ་ གཙོ་བོ་བཏོན་དགོཔ་འདུག་ཟེར་ཞུ་ཡི།ཚོགས་དཔོན་གྱིས་ གནད་དོན་འདི་ལུ་ ཞུ་བ་ཕུལ་མི་ ཁག་གསུམ་འབད་འཐོན་ཡོདཔ་ལས་ རྒྱབ་སྐྱོར་ག་ལུ་ཡོདཔ་ཨིན་ན་གི་དོན་ལུ་ འཐུས་མི་ཚུ་ལགཔ་ཡར་འཐུ་བཅུག་པའི་སྐབས་ སློབ་ཕྲུག་བུམོ་ཚུ་གིས་ བུཚ་དང་འདྲ་མཉམ་སྦེ་རང་ བཅའ་མར་གཏོགས་བཅུག་ནི་གི་ སེམས་ཤུགས་བསྐྱེད་བཅུག་ནིའི་ཐབས་ཤེས་བཏོན་དགོཔ་ལུ་ གྲོས་ཐག་ཆོད་ཅི།

༡༢. གྲོས་གཞི་གི་དོན་ཚན་༢༧ པ།

རང་སྲོག་བཅད་མི་ ན་གཞོན་ལེ་ཤ་འཐོན་དོ་ཡོདཔ་ལས་ མར་ཕབ་གྱི་ཐབས་ཤེས་བཏོན་དགོཔ།

རྡོ་དཀར་_ཤར་པ། དཀར་སྦྱི་_རྟ་ལོག། ཨྱོན་རྩེ་_འོད་གསལ་རྩེ། དགྲ་མེད་རྩེ་_སྔ་ཚང་། སྒང་ཟུར་_སྨིན་རྒྱས། ངང་ལམ། ར་དི་_སག་སྟེང་། སྒང་ཟུར་_སྨིན་རྒྱས། ལྷོ་ཐིམ་ཕུག་གི་འཐུས་མི་ཚུ་གིས།

གནད་དོན་འདི་ལུ་ གཙོ་བོ་རང་ ན་གཞོན་ཕོ་མོའི་བར་ན་གི་དགའ་མཐུན་དང་ ཕམ་དང་སྤུན་ཆ་ཚུ་དང་གཅིག་ཁར་ བྱ་སྟབས་མ་བདེཝ་འཐོན་པའི་སྐབས་ལུ་བྱུང་དོ་བཟུམ་ཚོརཝ་མས་ཟེར་ཞུ་ཡི། འདི་གི་དོན་ལས་ ཐབས་ཤེས་བཏོན་དགོཔ་ཚུ་ཡང་ དཀའ་ངལ་འདི་གི་གོ་བ་བརྡ་སྤྲོད་འབད་ནི་ལུ་ ཕམ་ཚུ་ཞལ་འཛོམས་ནང་འབོ་ནི་དང་ ན་གཞོན་ཚུ་ལུ་ མི་ཚེ་རིག་རྩལ་ལྷམ་པ་༡༠ ཚུ་གི་སྐོར་ལས་ ཤེས་བཅུག་དགོཔ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟན་སྨན་ཁང་ནང་ལུ་ འདི་གི་གོ་བ་བརྡ་སྤྲོད་ལྟེ་བ་ཡོད་དོ་བཟུམ་ ལུང་ཕྱོགས་དང་རྫོང་ཁག་གི་སྨན་ཁང་ཚུ་ནང་ཡང་ འདི་བཟུམ་མའི་ལྟེ་བ་བཙུགས་གནང་དགོཔ་ མི་ཚེ་གི་བསླབ་སྟོན་འབད་དགོཔ་ཚུ་ལུ་ ཤུགས་བཏོན་དགོཔ་འདུག་ཟེར་ཞུ་ཡི། འདི་ལུ་རྒྱབ་འགལ་གྱི་ཞུ་བ་ཕུལ་མི་ག་ཡང་མ་འཐོནམ་ལས་ ཐབས་ཤེས་འདི་ཚུ་ ངོས་ལེན་འབད་དགོ་པའི་གྲོས་ཐག་ཆོད་ཅི།

༡༣. གྲོས་གཞི་གི་དོན་ཚན་༣༠ པ།

ན་གཞོན་གྱི་སྐྱེལ་འདྲེན་གླ་ཆ་ ཡངས་ཆ་ ཡང་ན་ མར་ཕབ་གནང་དགོཔ།

ཇོ་མོ་གཙང་ཁ་། ནོ་ནོང་_ཤུ་མར། མོང་སྒར། བྱང་ཐིམ་ཕུག་འཐུས་མི་ཚུ་གིས།

སློབ་ཕྲུག་ན་གཞོན་ཚུ་ལུ་ འཐོན་ཁུངས་མེདཔ་ལས་ ལྷག་པར་དུ་ ཕམ་མཉམ་ཆུང་གི་ཨ་ལོ་ཚུ་ལུ་ ཕར་ཚུར་སྐྱེལ་

Page 27: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

23

འདྲེན་གྱི་དོན་ལུ་ གླ་ཆ་སྤྲོད་མ་ཚུགས་པའི་དཀའ་ངལ་ཡོདཔ་དང་ མ་དངུལ་དུམ་གྲ་རེ་ཡོད་མི་ཡང་ འགྲོ་འགྲུལ་ཚུ་གི་དོན་ལས་ ལག་ལེན་འཐབ་དགོཔ་བྱུང་དོ་ཡོདཔ་ལས་ རེས་གཟའ་མིག་དམར་ལས་སྤེནམ་ཚུན་གྱི་བར་ན་ སློབ་གྲྭའི་སྒྲིག་བགོ་གྱོན་ཏེ་ཡོད་པའི་སྐབས་ལུ་ མི་མང་སྐྱེལ་འདྲེན་ཚུ་གིས་ གླ་ཆ་མར་ཕབ་ཅིག་གནང་དགོཔ་འདུག་ཟེར་ཨིནམ་དང་ འདི་གི་དོན་ལུ་ སློབ་ཕྲུག་ཨིན་པའི་ངོས་འཛིན་འདི་ ལྷན་ཁག་གིས་ སློབ་ཕྲུག་ཡོངས་ལུ་ ངོ་སྤྲོད་ཤོག་བྱང་རེ་གནང་དགོཔ་འདུག་ཟེར་ཞུ་ཡི།

དཀར་སྦྱི་_རྟ་ལོག། སྒང་ཟུར་_སྨིན་རྒྱས།

མི་ལ་ལུ་ཅིག་ བཟའ་ཚང་གི་འཚོ་བ་རང་ གླ་འཁོར་ལུ་བརྟེན་སྡོད་མི་ཡང་ཡོདཔ་ལས་ གླ་ཆ་ཡངས་ཆ་དང་ མར་ཕབ་ཚུ་གིས་ ཁོང༌ཚུ་ལུ་ གནོད་པ་ཡོདཔ་ལས་ ཕན་གནོད་བལྟ་དགོཔ་འདུག་ཟེར་ཨིནམ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ལམ་ལུགས་ཚུ་ནང་ སློབ་ཕྲུག་ཚུ་ལུ་ མི་མང་སྐྱེལ་འདྲེན་ནང་འགྲོ་འགྲུལ་འབད་བའི་སྐབས་ བརྒྱ་ཆ་༣༠ མར་ཕབ་ཐོབ་ཟེར་ཡོདཔ་ལས་ ད་ལྟོ་འདི་གི་ལག་ལེན་འཐབ་མ་ཚུགས་མི་འདི་ སློབ་ཕྲུག་ཨིན་ན་མེན་ན་གི་ངོས་འཛིན་འབད་ནི་ལུ་ དཀའ་ངལ་ཡོདཔ་ལས་བརྟེན་ སློབ་ཕྲུག་ལུ་ དབང་འཛིན་དེ་ཚུ་གིས་ ངོས་ལེན་འབད་བཏུབ་པའི་ངོ་སྤྲོད་ཤོག་བྱང་ཅིག་ ལྷན་ཁག་གིས་གནང་དགོཔ་འདུག་ཟེར་ཞུ་ཡི།

ཨ་ཐང་_ཐད་འཚོ། ར་དི་_སག་སྟེང་། བྲག་སྟེང་_གླང་མཐིལ་འཐུས་མི་ཚུ་གིས།

སློབ་ཕྲུག་ཚུ་གི་དོན་ལས་ སྐྱེལ་འདྲེན་གླ་ཆ་འདི་ ལོགས་སུ་འབད་ མར་ཕབ་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།ཚོགས་དཔོན་གྱིས་ གནད་དོན་འདི་ལུ་ ཞུ་བ་ཕུལ་ཁག་གསུམ་བྱུང་ཡོདཔ་ལས་ འཐུས་མི་ཚུ་གིས་ མང་མོས་ཀྱི་རྒྱབ་གི་དོན་ལས་ ལགཔ་ཡར་འཐུ་བཅུག་པའི་སྐབས་ སློབ་ཕྲུག་ཚུ་གི་དོན་ལས་ མི་མང་སྐྱེལ་འདྲེན་གླ་ཆ་འདི་ བརྒྱ་ཆ་༣༠ མར་ཕབ་ཐོག་བཟོ་དགོཔ་དང་ འདི་གི་ངོས་འཛིན་དོན་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་ཡོངས་ལུ་ངོས་འཛིན་ཤོག་བྱང་བཟོ་གནང་དགོཔ་ལུ་ ཆ་འཇོག་གྲུབ།

༡༤. གྲོས་གཞི་གི་དོན་ཚན་༣༨ པ།

སློབ་གྲྭའི་ངལ་གསོ་ གནམ་བྱར་དང་དགུན་གྱི་སྐབས་ལུ་ སློབ་ཕྲུག་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར་ཚུ་ ལེ་ཤ་འབད་འགོ་འདྲེན་འཐབ་དགོཔ།

ལྷ་མོའི་རྫིང་ཁ། ཆུ་མིག་_ཨུ་ར། སྦོང་གོ་_སྐྱབས་ཆ། ལམ་གོང་_ཝང་ལྕང་། ར་དི༌_སག༌སྟེང༌། ཨྱོན་རྩེ་_འོད་གསལ་རྩེ། ངང་ལམ་འཐུས་མི་ཚུ་གིས།

གྲོས་གཞི་འདི་ སློབ་ཕྲུག་ཚུ་ ལཱ་ངན་པ་ཚུ་ནང་གྲལ་གཏོགས་འབད་མ་བཅུག་པར་བཞག་ནི་དོན་ལས་ཨིནམ་མ་ཚད་ སློབ་ཕྲུག་ཚུ་ལུ་ རིག་རྩལ་ཚུ་ཐོབ་སྟེ་ མ་འོངས་པ་ལུ་ ལཱ་གཡོག་གི་ཁེ་ཕན་ཚུ་ འབྱུང་ནི་ཨིནམ་དང་ ས་གནས་ཀྱི་བཟོ་རིག་གི་རིག་རྩལ་ཚུ་སྦྱང་བ་ཚུད་ནི་ལུ་ཡང་ ཁེ་ཕན་འདུག་ཟེར་ཞུ་ཡི།

Page 28: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

24

འདི་ལུ་ཚོགས་དཔོན་གྱིས་ འཐུས་མི་ཚུ་ལས་ ཆ་འཇོག་གི་དོན་ལུ་ རྒྱབ་སྐྱོར་ཡོད་མེད་ཀྱི་ལགཔ་ཡར་འཐུ་བཅུག་པའི་སྐབས་ འཐུས་མི་མང་ཤོས་ཀྱིས་ རྒྱབ་སྐྱོར་ཕུལཝ་ལས་ གྲོས་འདེབས་འབད་ནི་ལུ་ ཆ་འཇོག་གྲུབ་ཅི། སྤྱི་ཚེས་༧-༡-༢༠༡༦

༡༥. གྲོས་གཞི་གི་དོན་ཚན་ ༤༠ པ།

སློབ་རིམ་༡༡ པ་དང་ ༡༢ པའི་འབྱུང་རབས་ཆོས་ཚན་འདི་ རྒྱ་གར་གྱི་ལོས་རྒྱུས་མིན་པར་ ང་བཅས་རའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ སློབ་སྟོན་འབད་དགོཔ།

དཀར་སྦྱི་_རྟ་ལོག།

འབྱུང་རབས་ཀྱི་ཆོས་ཚན་འདི་ རྫོང་ཁའི་ཐོག་ལས་རྐྱངམ་ཅིག་འབད་བ་ཅིན་ འཛམ་གླིང་དང་རྒྱ་གར་གྱི་འབྱུང་རབས་ཚུ་གི་སྐོར་ལས་ཡང་ལྷབ་དགོཔ་ཡོདཔ་ལས་ བྱ་སྟབས་མ་བདེ་འབྱུང་ནི་ཨིན་མས་ཟེར་ཞུ་ཡི།

ཨ་ཐང་_ཐད་འཚོ། འབུམ་སྡེ་གླིང་_བྱམས་མཁར་འཐུས་མི་གིས།

ང་བཅས་རའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཚུ་གི་སྐོར་ལས་ རང་གི་སྐད་ཡིག་ཐོག་ལུ་ སྦྱང་བརྩོན་འབད་དགོཔ་འདི་ཁག་ཆེ་ནི་ཨིནམ་མ་ཚད་ རྒྱལ་ཁབ་གཞན་གྱི་འབྱུང་རབས་ཚུ་གི་སྐོར་ལས་ གློག་བརྙན་ལ་སོགས་པ་གི་ཐོག་ལས་ཡང་ཤེས་ཚུགས་དོ་ཡོད་རུང་ ང་བཅས་རའི་འབྱུང་རབས་ཚུ་ རང་གི་སྐད་ཡིག་ཐོག་ལུ་ ཤེས་ཚུགས་པའི་ཐབས་ཤེས་མིན་འདུག་ཟེར་ཞུ་ཡི། དེ་འབདཝ་ལས་ ང་བཅས་རའི་ན་གཞོན་སློབ་ཕྲུག་ཚུ་གིས་ ང་བཅས་རའི་འབྱུང་རབས་འདི་ རང་གི་ལམ་སྲོལ་དང་འབྲེལ་བའི་སྐད་ཡིག་ཐོག་ལུ་ ལྷབ་ནི་མེད་མི་འདི་ མི་བཏུབ་པས་ཟེར་ཞུ་ཡི།

བདེ་བ་ཐང་_སྒོམ་དར།

འབྱུང་རབས་ཀྱི་ཆོས་ཚན་འདི་ ད་ལྟོ་སློབ་སྟོན་འབད་དོ་བཟུམ་རང་ བཞག་པ་གིས་མ་བཏུབ་ག་ནི་ཡང་མེད་ཟེར་ཞུ་ཡི།

ར་དི་- སག་སྟེང་། སྒང་ཟུར་_སྨིན་རྒྱས་འཐུས་མི་གིས།

ང་བཅས་རའི་འབྱུང་རབས་འདི་ རྫོང་ཁའི་སྐད་ཡིག་ཐོག་ལས་ སློབ་སོྟན་མང་སུ་ཅིག་དང་ འཛམ་གླིང་དང་རྒྱ་གར་ལ་སོག་པའི་འབྱུང་རབས་ཚུ་གི་སྐོར་ལས་ དབྱིན་སྐད་ཐོག་ལུ་སློབ་སྟོན་འབད་ནི་འདི་ དུམ་གྲ་ཅིག་ཉུང་སུ་འབད་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས་ཟེར་ཞུ་ཡི། འདི་ལུ་ཚོགས་དཔོན་གྱིས་ དོན་ཚན་འདི་གི་ཐོག་ལུ་ ཞུ་བ་ཕུལ་མི་ཁག་གསུམ་སྦེ་འཐོན་ཡོད་མི་འདི་ཡང་ དང་པ་གྲོས་གཞི་ནང་བཀོད་ཡོད་མི་བཟུམ་དང་ གཉིས་པ་ སྒྱུར་བཅོས་འབད་དགོཔ་ག་ནི་ཡང་མེད་ ད་ལྟོ་སློབ་སྟོན་འབད་དོ་བཟུམ་

Page 29: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

25

རང་བཏུབ། གསུམ་པ་ མང་སུ་ཅིག་རྫོང་ཁའི་ཐོག་ལུ་སློབ་སྟོན་འབད་དགོཔ། ཟེར་གནད་དོན་གསུམ་བཀོད་ཡོད་མི་ལུ་ འཐུས་མི་ཚུ་གིས་ ལགཔ་ཡར་འཐུ་སྟེ་ རྒྱབ་སྐྱོར་མངམ་ག་ལུ་ཡོདཔ་ཨིན་ན་བལྟ་བའི་སྐབས་ ད་ལྟོ་སློབ་སྟོན་འབད་དེ་ཡོད་མི་དེ་རང་བཏུབ་པས་ཟེར་མི་ལུ་ འཐུས་མི་མང་ཤོས་ཀྱིས་ རྒྱབ་སྐྱོར་ཕུལ་ཡོད་མི་ལུ་ གྲོས་ཐག་ཆོད་ཅི།

༡༦. གྲོས་གཞི་གི་དོན་ཚན་༤༡ པ།

བཅའ་ཁྲིམས་ཚུ་ རྒེད་འོག་ཚུ་ནང་བཀྲམ་སྤེལ་འབད་མི་འདི་ དབྱིན་སྐད་ཐོག་མིན་པར་ རྫོང་ཁའི་ཐོག་པར་བསྐྲུན་འབད་བཀྲམ་སྤེལ་འབད་དགོཔ།

ལྷ་མོའི་རྫིང་ཁ། ཨྱོན་རྩེ་_འོད་གསལ་རྩེ། དཀར་སྦྱི་_རྟ་ལོག། སྨན་སྦི་_བཙན་མཁར་འཐུས་མི་ཚུ་གིས།

གྲོས་གཞི་འདི་གི་ཚིག་དོན་ལུ་ སྒྱུར་བཅོས་འབད་དེ་ རྫོང་ཁ་དང་དབྱིན་སྐད་གཉིས་ཆ་རའི་ཐོག་ལས་ ཟེར་བཙུགས་ཏེ་ བཀྲམ་སྤེལ་འབད་བ་ཅིན་ མི་སེར་ལུ་གོ་བ་བརྡ་སྤྲོད་འབད་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་འོང་ནི་ཨིན་མི་འདི་ གལ་སྲིད་ གོ་བ་སྤྲོད་མི་ཚུ་གིས་ རྫོང་ཁའི་ནང་བཀོད་ཡོད་པའི་ཚིག་དོན་ཚུ་ལུ་ གོ་བ་ལེན་མ་ཚུགས་པའི་གནད་དོན་རེ་ཡོད་པ་ཅིན་ དབྱིན་སྐད་ཐོག་ཡོད་པའི་ཚིག་དོན་ལས་ གོ་བ་ལེན་ཏེ་སྤྲོད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཞུ་ཡི། འདི་ལུ་རྒྱབ་འགལ་གྱི་ཞུ་བ་ཕུལ་མི་ག་ཡང་མེདཔ་ལས་བརྟེན་ ཞུ་བ་ཕུལ་མི་ལུ་ ཆ་འཇོག་གྲུབ་ཅི།

༡༧. གྲོས་གཞི་དོན་ཚད་ ༤༢ པ།

མི་སྡེ་ལྟེ་བ་ཚུ་ནང་ཡོད་པའི་མཁོ་ཆས་མཐུན་རྐྱེན་ཚུ་ གོང་ཚད་མར་ཕབ་གནང་དགོཔ།

ལམ་གོང་_ཝང་ལྕང་།

གྲོས་གཞི་གི་ཚིག་དོན་འདི་ནང་ སློབ་ཕྲུག་ཚུ་ལུ་ ཟེར་ ཚིག་ཁ་སྐོང་རྐྱབ་དགོ་པའི་ཞུ་བ་ཕུལ་མི་ལུ་ འཐུས་མི་ཡོངས་ཀྱིས་ རྒྱབ་སྐྱོར་གྱི་ངོས་ལེན་ཕུལ་ཏེ་ གྲོས་གཞི་གི་ཚིག་དོན་ལུ་ འཕྲི་སྣོན་གྱི་ཆ་འཇོག་གྲུབ་ཅི།

དཀྱིལ་འཁོར་ཐང་_མནྡལ་སྒང་། སྨན་སྦི་_བཙན་མཁར། ཕུན་ཚོགས་དཔལ་རི། ར་དི་-སག་སྟེང་། ཨ་ཐང་_ཐད་ཚོ། སྒང་ཟུར་-སྨིན་རྒྱས། འབུམ་སྡེ་གླིང་_བྱམས་མཁར།

མི་སྡེ་ལྟེ་བ་འདི་ཚུ་ནང་གི་མཐུན་རྐྱེན་ཚུ་ སློབ་ཕྲུག་ཚུ་གིས་ ལག་ལེན་འཐབ་པའི་སྐབས་ གོང་ཚད་འདི་ མཐོ་དྲག་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ གོང་ཚད་ཚུ་ མར་ཕབ་འབད་དགོཔ་འདུག་ཟེར་ཞུ་ཡི། འདི་ནང་ལག་ལེན་འཐབ་མི་ཚུ་གིས་ གོང་ཚད་འདི་ ཁོང་རའི་མནོ་དོན་ལྟར་དུ་སླབ་དོ་ཡོདཔ་ལས་ མཐུན་རྐྱེན་ཚུ་ ལག་ལེན་འཐབ་པའི་སྐབས་ འདི་གི་གོང་ཚད་གཏན་འཁེལ་ཅིག་ བརྒྱ་ཆ་༥ དང་ ༡༠ དེ་ལས་ ༢༠ གང་རུང་ཅིག་ བཟོ་དགོཔ་འདུག་ཟེར་ཞུ་ཡི། འདི་ལུ་འཐུས་མི་ཚུ་གིས་ བརྒྱ་ཆ་ལུ་བཟོ་དགོ་པའི་རྒྱབ་སྐྱོར་ཕུལ་ཏེ་ཡོདཔ་ལས་ ཚོགས་

Page 30: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

26

དཔོན་གྱིས་ བརྒྱ་ཆ་གཏན་འཁེལ་གྱི་དོན་ལུ་ ཞུ་བ་ཕུལ་མི་བརྒྱ་ཆ་ ༥ དང་ ༡༠ དེ་ལས་ ༢༠ གསུམ་སྦེ་ཕུལ་ཡོད་མི་ལས་ འཐུས་མི་ཚུ་གིས་ བརྒྱ་ཆ་༢༠ ལུ་ ཕབ་ཆ་འབད་དགོ་པའི་ཞུ་བ་ལུ་ རྒྱབ་སྐྱོར་ཕུལ་ཏེ་ ཆ་འཇོག་གྲུབ་ཅི།

༡༨. གྲོས་གཞི་གི་དོན་ཚན་༤༣ པ།

སློབ་གྲྭ་ཁག་ཚུ་ནང་ ཚན་རིག་གི་མཐུན་རྐྱེན་ཅ་ཆས་ཚུ་ ལངམ་མིན་འདུག།

ཕུན་ཚོགས་དཔལ་རི། དགྲ་མེད་རྩེ་-སྔ་ཚང་། འབུམ་སྡེ་གླིང་_བྱམས་མཁར། ལྷོ་ཐིམ་ཕུག་གི་འཐུས་མི་ཚུ་གིས།

སློབ་གྲྭ་ནང་ལུ་ ཚན་རིག་གི་མཐུན་རྐྱེན་ཆ་ཅས་ཚུ་ལངམ་སྦེ་མེད་པར་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་འཐོན་ཏེ་ཡོད་ཟེར་ཞུ་ཡི། འདི་ཡང་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་བའི་སྐབས་ སློབ་སྟོན་མཁོ་ཆས་ཚངམ་སྦེ་མེད་པར་ ཅ༌ཆས༌ཚུ་གི་མིང་ཙམ་ཅིག་ལས་འགལ་སླབ་ནི་མེདཔ་ལས་ སློབ་ཕྲུག་ཚུ་གིས་ ཅ་ཆས་དེ་ཚུ་ངོ་མ་འབད་མཐོང་སྟེ་ ལག་ལེན་འཐབ་ནི་མེདཔ་ལས་ དོན་ཚན་འདི་ ཤུལ་ལས་ཆོས་རྒྱུགས་ནང་འོང་སྟེ་འབད་བ་ཅིན་ མ་ཤེས་པར་ལུས་ནི་གི་དཀའ་ངལ་ཡོད་ཟེར་ཞུ་ཡི། དོན་ཚན་འདི་ གྲོས་གཞི་དོན་ཚན་༡༣ པའི་ནང་ གཞན་མཐུན་རྐྱེན་ཚུ་ཟེར་བཀོད་དེ་ གཅིག་ཁར་བསྡབ་དགོ་པའི་ཞུ་བ་ཕུལ་ཡོད་མི་ལུ་ འཐུས་མི་ཡོངས་ཀྱིས་ ངོས་ལེན་གྱི་རྒྱབ་སྐྱོར་ཕུལ་ཡི།

༡༩. གྲོས་གཞི་གི་དོན་ཚན་ ༤༤ པ།

སློབ་དཔོན་མང་ཤོས་ཅིག་གིས་རང་ ཁ་མཐོ་སའི་སློབ་གྲྭ་ཚུ་ནང་ དུས་ཡུན་ཐུང་ཀུ་ཅིག་ལས་སྡོད་མི་བཏུབ་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྦྱང་བརྩོན་ལུ་ ཐོ་ཕོག་དོ་ཡོདཔ་ལས་ ད་ལས་ཕར་ ལོ་ཚད་གཏན་འཁེལ་བཟོ་དགོཔ་འདུག།

བཀྲིས་ཆོས་གླིང་། ཝམ་རོང་། ནུབ་སྦི་_བསྟང་སི་སྦི། ངང་ལམ། ཕུན་ཚོགས་དཔལ་རི། ཨ་ཐང་-ཐད་འཚོ། ར་དི་_སག་སྟེང་། བྱང་_ཐིམ་ཕུག། སྨན་སྦིས་_བཙན་མཁར།

གྲོས་གཞི་འདི་ལུ་ ཁ་མཐོ་སའི་སློབ་གྲྭ་ཟེར་མིན་པར་ སློབ་གྲྭ་ཆ་མཉམ་ནང་ ཟེར་བཙུགས་དགོཔ་ལུ་ ཞུ་བ་ཕུལ་མི་དང་འཁྲིལ་ འཐུས་མི་ཚུ་གིས་ ངོས་ལེན་གྱི་རྒྱབ་སྐྱོར་ཕུལ་ཏེ་ འཕྲི་སྣོན་གྱི་ཆ་འཇོག་གྲུབ་ཅི།སློབ་དཔོན་ཚུ་གིས་ སློབ་གྲྭ་ནང་སྡོད་དགོ་པའི་དུས་ཡུན་མ་ཚངམ་ལས་ སློབ་གྲྭ་གནས་སོར་སྤོ་སྟེ་འགྱོ་མི་འདི་གིས་ སློབ་ཕྲུག་ཚུ་ལུ་ གནོད་སྐྱོན་སྦོམ་བྱུང་དོ་ཟེར་ཨིན་མས། སློབ་དཔོན་ལ་ལུ་ཅིག་གིས་ རང་གི་ཨ་ལོ་འདི་ སློབ་གྲྭ་དེ་ཁར་ལས་ སློབ་རིམ་ཚང་སྟེ་འགྱོ་བའི་སྒང་ལས་ སློབ་དཔོན་དེ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་གྱི་གནད་དོན་གཞན་ཚུ་བཀོད་དེ་ གནས་སོར་འགྱོ་མི་འདུག་ཟེར་ཞུ་ཡི། དུས་ཡུན་མ་ཚངམ་ལས་ གནས་སོར་འགྱོ་མི་སློབ་དཔོན་ཚུ་ལུ་ གནས་སོར་འགྱོ་དགོ་པའི་ཞིབ་དཔྱད་ཚུ་ ལེགས་ཤོམ་སྦེ་འབད་དགོཔ་འདུག་ཟེར་ཨིནམ་དང་ འདི་གིས་སློབ་གྲྭ་ནང་ སློབ་དཔོན་མ་ལང་བའི་དཀའ་ངལ་བྱིན་དོ་ཡོདཔ་ལས་ ད་ལས་ཕར་ དུས་ཡུན་མ་ཚངམ་ལས་ གནས་སོར་འགྱོ་

Page 31: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

27

མི་སློབ་དཔོན་དེ་གི་ཚབ་ མ་ལྷོད་ཚུན་ལུ་ བཀག་བཞག་དགོཔ་འདུག་ཟེར་ཞུ་ཡི། དེ་མིན་པ་ཅིན་ རང་དོན་ལུ་བལྟ་སྟེ་ གནས་སོར་འགྱོ་མི་སློབ་དཔོན་དེ་གིས་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་སྦོམ་བྱིན་དོ་ཟེར་ཞུ་ཡི།འདི་ལུ་ཚོགས་དཔོན་གྱིས་ འཐུས་མི་ལེ་ཤ་གིས་ ཞུ་བ་ཕུལ་མི་དང་འཁྲིལ་ དཀའ་ངལ་འདི་ངེས་བདེན་ཡོདཔ་ལས་ འདི་ལུ་ངོས་ལེན་འབད་དགོ་པའི་ཆ་འཇོག་གྲུབ་ཅི།

༢༠. གྲོས་གཞི་དོན་ཚན་ ༤༥ པ།

མཐའ་ཟུར་སློབ་གྲྭ་ཁག་ཚུ་ནང་ ཉིན་མའི་ལྟོ་ཐོབ་ནི་ཡོདཔ་བཟོ་དགོཔ།

ན་ནོང་_ཤུ་མར། དགྲ་མེད་རྩ་_སྔ་ཚང་། ལམ་གོང་_ཝང་ལྕང་། སྒང་ཟུར་_སྨིན་རྒྱས། འབུམ་སྡེ་གླིང་_བྱམས་མཁར་འཐུས་མི་ཚུ་གིས།

གྲོས་གཞི་འདི་གི་ཚིག་དོན་ལུ་ སྒེར་པ་ཚུ་ལུ་ ཟེར་བཙུགས་དགོ་པའི་ཞུ་བ་ཕུལ་མི་ལུ་ འཐུས་མི་ཚུ་གིས་ ངོས་ལེན་གྱི་རྒྱབ་སྐྱོར་ཕུལ་ཏེ་ གྲོས་གཞི་ལུ་འཕྲི་སྣོན་གྱི་ཆ་འཇོག་གྲུབ་ཅི། མཐའ་ཟུར་གྱི་སློབ་གྲྭ་ལ་ལུ་ཅིག་ནང་ ཤེས་ཡོན་ལྷབ་པར་འོང་མི་སློབ་ཕྲུག་སྒེར་པ་ཚུ་ དུས་ཡུན་ཆུ་ཚོད་ ༢ དང་ ༣ གི་རིང་ལུ་ རྐང་ཐང་སྦེ་འོང་དགོཔ་ཡོདཔ་ལས་ ཉི་མའི་ལྟོ་འབག་སྟེ་འོང་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཞུ་ཡི། འདི་བཟུམ་མའི་སློབ་ཕྲུག་ཚུ་ ཤེས་ཡོན་སླབ་ནི་ལུ་ སེམས་ཤུགས་མར་ཉམས་འགྱོ་ནི་ཉེན་ཁ་ཡོདཔ་ལས་ སློབ་ཕྲུག་སྒེར་པ་ཚུ་ལུ་ སློབ་གྲྭ་ནང་ ཉི་མའི་ལྟོ་ཐོབ་ནི་ཡོདཔ་བཟོ་དགོཔ་འདུག་ཟེར་ཞུ་ཡི། འདི་ལུ་ རྒྱབ་འགལ་གྱི་ཞུ་བ་ཕུལ་མི་མེདཔ་ལས་ ཞུ་བ་འདི་ ཆ་འཇོག་གྲུབ་གནང་ཡི།

༢༡. གྲོས་གཞི་དོན་ཚན་ ༤༦ པ།

ཐིམ་ཕུག་ལུ་ སྒེར་སྡེ་སློབ་གྲྭ་ཁག་ཚུ་ནང་ཤེས་ཡོན་སྦྱང་མི་ན་གཞོན་བུམོ་ཚུ་གི་དོན་ལས་ ན་གཞོན་དཔལ་རི་ཁང་བཟུམ་གྱི་ སྡོད་གནས་ཐེབས་བཟོ་དགོཔ།

བཀྲིས་ཆོས་གླིང་། ཨ་ཐང་_ཐད་ཚོ། བྱང་ཐིམ་ཕུག། ལམ་གོང་_ཝང་ལྕང་། ར་དི་_སག་སྟེང་། སྒང་ཟུར་_སྨིན་རྒྱས། བྱང་ཐིམ་ཕུག། ལྷོ་ཐིམ་ཕུག། ངང་ལམ།

གྲོས་གཞི་འདི་གི་ཚིག་དོན་ལུ་ ན་གཞོན་བུམོ་རྐྱངམ་ཅིག་མིན་པར་ བུཚ་ཟེར་མི་ཡང་བཙུགས་དགོཔ་དང་ ལ་ལུ་ཅིག་གིས་ ན་གཞོན་ལཱ་གཡོག་འཚོལ་མི་ཟེར་ བཙུགས་དགོ་པའི་ཞུ་བ་ཕུལ་མི་ ཁག་གཉིས་འཐོན་ཡོདཔ་ལས་ ན་གཞོན་ལཱ་གཡོག་འཚོལ་མི་ཟེར་བཙུགས་དགོཔ་ལུ་ མོས་མཐུན་བྱུང་སྟེ་ གྲོས་གཞི་འདི་ ངོས་ལེན་གྱི་ཆ་འཇོག་གྲུབ་ཅི།

Page 32: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

28

༢༢. གྲོས་གཞི་དོན་ཚན་༤༧ པ།

ཕམ་ཡ་བྲལ་ལས་བརྟེན་ བཟང་ཚང་བརྟན་ཏོག་ཏོ་མེདཔ།

བྱང་ཐིམ་ཕུག། ར་དི་_སག་སྟེང་། དཀར་སྦྱི་_རྟ་ལོག། འབུམ་སྡེ་གླིང་_བྱམས་མཁར། བར་རྡོ་_ཀྲོང་། སྒང་ཟུར་_སྨིན་རྒྱས།

གྲོས་གཞི་འདི་ལུ་ ཕམ་ཡ་བྲལ་ལས་བརྟེན་ ན་གཞོན་ཚུ་ལུ་ཤེས་ཡོན་སྦྱང་ནི་ལུ་དཀའ་ངལ་ ཟེར་བཙུགས་ཏེ་ གྲོས་གཞི་གི་དོན་ཚན་ ༤ པའི་ནང་ གཅིག་ཁར་བསྡབ་དགོ་པའི་ཞུ་བ་ཕུལ་ཡི། འདི་ལུ་འཐུས་མི་ཚུ་གིས་ རྒྱབ་སྐྱོར་གྱི་ངོས་ལེན་ཕུལ་ཏེ་ ཆ་འཇོག་གྲུབ་ཅི།

༢༣. གྲོས་གཞི་དོན་ཚན་༤༨ པ།

མི་སྡེ་དང་ སློབ་གྲྭ་ དེ་ལས་ཆ་རོགས་ཚུའི་ བརྒྱུད་བསྐུལ་ལས་བརྟེན་པའི་དཀང་ངལ།

དཀར་སྦྱི་_རྟ་ལོག་གི་འཐུས་མི།

བརྒྱུད་བསྐུལ་གྱི་དཀའ་ངལ་འདི་ མི་སྡེ་དང་ སློབ་གྲྭ་ལས་ཡང་ལྷག་སྟེ་ གཙོ་བོ་རང་ འབྲེལ་བ་འཐབ་ས་འདི་ ཆ་རོགས་ཚུ་དང་གཅིག་ཁར་ མངམ་ལས་བརྟེན་ ཆ་རོགས་ཚུ་ལས་བརྟེན་འབྱུང་དོ་ཟེར་ཞུ་ཡི། ངང་ལམ་གྱི་འཐུས་མི།གྲོས་གཞི་འདི་ དོན་ཚན་༤ པ་དང་འབྲེལ་བ་ཡོདཔ་ལས་ གཅིག་ཁར་བསྡབ་དགོ་པའི་ཞུ་བ་ཕུལ་ཡོད་མི་ལུ་ ཚོགས་དཔོན་གྱིས་ འདི་ལུ་ངོས་ལེན་ཡོད་མེད་ཀྱི་ལགཔ་ཡར་འཐུ་བཅུག་པའི་སྐབས་ གཅིག་ཁར་བསྡབ་ནི་ལུ་ ངོས་ལེན་བྱུང་སྟེ་ ཆ་འཇོག་གྲུབ་ཅི།

༢༤ གྲོས་གཞི་གི་དོན་ཚན་ ༤༩ པ།

ཆང་དང་སྨྱོ་རྫས་ལ་སོགས་པ་ལུ་ ལང་ཤོར་ཐལ་བའི་དཀའ་ངལ།

དཀར་སྦྱི་_རྟ་ལོ། ཤོམ་སྤང་ཁ་འཐུས་མི།

ཆང་དང་སྨྱོ་རྫས་ལས་བརྟེན་པའི་དཀའ་ངལ་འདི་ ག་ར་གིས་མཐོང་ས་ཨིནམ་ལས་ དེ་དང་འབྲེལ་བའི་དཀའ་ངལ་ མར་ཕབ་འབད་ནིའི་ཐབས་ཤེས་བཏོན་དགོཔ་ཡོད་ཟེར་ཞུ་ཡི། སློབ་གྲྭ་ནང་ བསླབ་སྟོན་པ་ཚུ་གིས་ སློབ་ཕྲུག་ཚུལུ་ བསླབ་བྱ་དང་ལམ་སྟོན་ བདུན་ཕྲག་རེ་ལུ་ ཚར་རེ་ལས་བརྒལ་འབྱིན་མི་ཚུགས་དོ་ཡོདཔ་ལས་ དེ་ཚུ་མང་སུ་འབད་འབྱིན་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།

Page 33: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

29

དེ་འབདཝ་ལས་ དོན་ཚན་འདི་ ན་གཞོན་ཕན་སྡེ་ལྟེ་བ་དང་ བསླབ་སྟོན་པ་ཡར་སེང་འབད་དགོཔ་ཟེར་ བཙུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་མི་ལུ་ ཚོགས་དམངས་ཀྱིས་ཡང་ རྒྱབ་སྐྱོར་ཕུལ་ཏེ་ འཕྲི་སྣོན་གྱི་ཆ་འཇོག་གྲུབ་ཅི།

ཕུན་ཚོགས་དཔལ་རི་བསམ་རྩེ།

ཆང་དང་མྱོ་རྫས་ཀྱི་དཀའ་ངལ་སྐོར་ལས་ དྲོ་པའི་མཐུན་གི་སྐབས་ལུ་ གོ་བརྡ་སྤྲོདཔ་ཨིནམ་མ་ཚད་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ལུ་ཡང་ རྩིས་སྤྲོད་འབད་དེ་ བྱ་ངན་འབད་དེ་ཡོད་མི་ལུ་ ཁྲིམས་ཚུ་ཡང་བཀལ་ཏེ་རང་ཡོད་ཟེར་ཞུ་ཡི།

སྒང་ཟུར་_སྨིན་རྒྱས། ན་ནོང་ཤུ་མར་འཐུས་མི།

ན་གཞོན་ཚུ་ དེ་འཕྲོ་ལསས་ འགག་སྡེ་ལུ་སྤྲོད་མ་སྤྲོད་པར་ སློབ་ཕྲུག་གི་ཡོངས་དཔོན་ཚུ་གིས་འབད་ སློབ་གྲྭའི་སྒྲིགས་ཁྲིམས་ཚོགས་ཆུང་དང་འབྲེལ་བ་འཐབ་སྟེ་ བློ་སླབ་ཞིནམ་ལས་ འོས་འབབ་ལྡན་པའི་ཉེས་ཁྲིམས་རེ་བཀལ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི། དེ་མ་ཚད་ ན་གཞོན་བསྐྱར་གསོ་ལྟེ་བ་ལུ་ཡོད་པའི་ཐབས་ཤེས་ཚུ་ སློབ་གྲྭ་ནང་གི་བསླབ་སྟོན་པ་དང་སློབ་དཔོན་ཚུ་ཡང་ དེ་བཟུམ་མའི་གི་སྦྱོང་བརྡར་བྱིན་ཏེ་འབད་བ་ཅིན་ དཀའ་ངལ་ཡོད་པའི་ སློབ་ཕྲུག་ཚུ་ལུ་ལག་ལེན་འཐབ་སྟེ་ ཕན་ཐོགས་སྦོམ་བྱུང་ཚུགས་ནི་ཨིནམ་ལས་ ན་གཞོན་བསྐྱར་གསོ་ལྟེ་བ་འདི་ ལོགས་སུ་སྦེ་རྐྱབ་དགོཔ་མིན་འདུག། སྨྱོ་རྫས་མར་ཕབ་རྐྱབ་ནིའི་དོན་ལུ་ མཉམ་འབྲེལ་གྲོགས་རམ་པ་ཟེར་ཡོདཔ་ལས་ ག་དེམ་ཅིག་འབད་ལག་ལེན་འཐབ་སར་མཐོང་པ་ཅིན་འདི་ལུ་ སྙན་ཞུ་འབད་དེ་ འདི་གིས་བསླབ་སྟོན་པའི་སློབ་དཔོན་ལུ་ཞུ་སྟེ་ སློབ་གྲྭ་ཚུ་ལུ་ཕན་ཐོགས་བྱུང་སྟེ་ཡོདཔ་ལས་ སློབ་གྲྭ་ཁག་ཚུ་ནང་ མཉམ་འབྲེལ་གྲོགས་རམ་ཟེར་མི་ཚོགས་ཆུང་ཅིག་ བཙུགས་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།ཚོགས་དཔོན་གྱིས་ གནད་དོན་འདི་ འཐུས་མི་ཚུ་གིས་རྒྱབ་སྐྱོལ་ཕུལ་ཡོད་མི་དང་འཁྲིལ་ ན་གཞོན་ཕན་སྡེ་ལྟེ་བ་དང་ སླབ་སྟོན་པ་ཡར་སེང་འབད་དགོཔ་ལུ་ ཆ་འཇོག་གྲུབ་ཅི།

༢༥. གྲོས་གཞི་གགི་དོན་ཚན་ ༥༠ པ།

བརྩིས་མཐོང་དང་ཀུན་ཚང་ཤེས་ཡོན་ཐོབ་མ་ཚུགས་པའི་དཀའ་ངལ།

ཉི་ཤོ་_སྲེས་ཕུག།

རྩིས་མཐོང་དང་ཀུན་ཚང་ཤེས་ཡོན་ འདྲ་མཉམ་ཐོབ་མ་ཚུགས་པའི་དཀའ་ངལ་དེ་ཡང་ དཔེ་ཐིམ་ཕུག་ལུ་ཡོད་པའི་སློབ་ཕྲུག་ཚུ་ལུ་ རྩེད་རིག། སྣ་ཚོགས་ལས་རིམ། ཚུ་ ལས་རིམ་མངས་རབས་ཅིག་གི་གོ་སྐབས་ཡོདཔ་དང་ མཐའ་ཟུར་གྱི་སློབ་ཕྲུག་ཚུ་ལུ་ དེ་བཟུམ་མིའི་ གོ་སྐབས་ཐོབ་པར་ལཱ་ཁག་འདུག་ཟེར་ཞུ་ཡི།ནུབ་སྦི་_བསྟངསི་སྦྱི།

Page 34: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

30

སློབ་གྲྭ་ཁག་ཚུ་ནང་ ལས་རིམ་ཚུ་ག་ར་འགྲན་བསྡུར་ཐོག་ལས་འབདཝ་ལས་ འདི་ནང་ལྕོགས་གྲུབ་མེད་པའི་སློབ་ཕྲུག་ཚུ་ལུ་ གོ་སྐབས་མ་ཐོབ་པར་ལུས་དོ་ཡོདཔ་ལས་ ལས་རིམ་ཚུ་འགྲན་བསྡུར་འབད་མེན་པར་ ཆ་མཉམ་གྱིས་བཅའ་མར་གཏོགས་དགོཔ་ཁག་ཆེཝ་ལུ་དམིགས་ཏེ་ བཟོ་དགོཔ་འདུག། ལས་རིམ་ག་ཅིག་རང་བཟོ་རུང་ མཐའ་ཟུར་དང་ ཁྲོམ་ཁའི་སློབ་གྲྭ་གཉིས་ཀྱི་བར་ན་ གོ་སྐབས་ཚུ་འདྲ་མཉམ་སྦེ་བྱིན་དེ་འབད་ཅིན་ བརྩི་མཐོང་དང་ཀུན་ཚང་ཤེས་ཡོན་ཚུ་ཐོབ་ཚུགས་ནི་ཨིནམ་ལས་ གོ་སྐབས་འདྲ་མཉམ་བྱིན་དགོཔ་འདུག་ཟེར་ཨིནམ་དང་ གྲོས༌གཞི༌གི༌དོན༌ཚན༌འདི༌ དོན་ཚན་༣༡ དང་ ཆ་འདྲཝ་ཡོདཔ་ལས་ དེ་གཉིས་གཅིག་ཁར་བསྡབས་ནི་ལུ་ འཐུསམི་ཡོངས་ཀྱིས་ ཆ་འཇོག་གྲུབ་ཅི། ༢༦. གྲོས་གཞི་གི་དོན་ཚན་ ༥༡ པ།

ཤེས་ཡོན་དང་ལཱ་གཡོག་གི་བར་ནང་ རྟགས་མཐུན་མ་ཚུགས་པའི་དཀའ་ངལ།

བཀང་ལུང་_ཨུ་མཛོ་རོང་།

ཤེས་རབ་རྩེ་མཐོ་རིམ་སློབ་ཕྲུག་ཅིག་གིས་ དཔེ་ཆ་འདི་མཚན་རིག་ནང་ལྷབ་ཡོད་རུང་ ཤུལ་ལས་ལཱ་གཡོག་འདི་ སྲིད་རིག་དང་འབྲེལ་བ་ཡོད་མི་ནང་འབད་དགོཔ་ལས་ འོས་འབབ་ཅིག་མི་མཐོང་མས་ཟེར་ཞུ་ཡི། དེ་འབདཝ་ལས་ལཱ་གཡོག་གི་སྤུད་ཚད་ལུ་ཡང་ ཐོ་མི་ཕོག་ག་ཟེར་བའི་དོགས་པ་འཆརཝ་མས་ཟེར་ཞུ་ཡི།ཚོགས་དཔོན་གྱིས་ ཨ་མའི་བུ་ལུ་ཡོན་ཏན་ཡོདན་ དགའ་ལྡན་ཁྲི་ལུ་བདག་པོ་མེད་ཟེར་སླབ་དོ་བཟུམ་སྦེ་ རང་ལུ་ཡོན་ཏན་འདི་རང་ཡོད་པ་ཅིན་ ལཱ་གཡོག་ནང་ ལཱ་ག་བཟུམ་ཡོད་རུང་འབད་ཚུགས་ཟེར་བཀོད་ཅི།

ངང་ལམ།

ལཱ་གཡོག་དང་ཤེས་ཡོན་གཉིས་ཀྱི་བར་ན་ རྟགས་མཐུན་དགོ་པ་ཅིན་ སློབ་ཕྲུག་རང་གིས་ སློབ་རིམ་༡༠ པ་ནང་ལས་རང་ བཅའ་སྒྲིག་རྐྱབ་དགོཔ་ཡོད་ཟེར་ཞུ་ཡོདཔ་དང་ གནད་དོན་འདི་ བསྐྱར་ཞིབ་འབད་དགོཔ་ཡོདཔ་ལུ་ འཐུས་མི་ཚུ་གིས་ ཆ་འཇོག་གྲུབ་ཅི།

༢༧. གྲོས་གཞི་གི་དོན་ཚན་ ༥༢ པ།

ལུས་བྲེལ་དང་འབྲེལ་བའི་ཤེས་ཡོན་ལེགས་ཤོམ་མ་ཐོབ་པའི་དཀའ་ངལ།

ཕུན་ཚོགས་དཔལ་རི།

དཀའ་ངལ་འདི་ལུ་ ན་གཞོན་མང་ཤོས་ར་ ངོ་ཚ་སྟེ་སྡོད་དོ་ཡོདཔ་ལས་ ཞིབ་འཚོལ་གྱི་སྙན་ཞུ་ཅིག་ནང་བཀོད་མི་དང་འཁྲིལ་བ་ཅིན་ དཀའ་ངལ་འདི་མང་ཤོས་རང་ མཐོ་རིམ་སློབ་གྲྭ་ནང་ལས་ཕར་ འཐོན་ཡོདཔ་སྦེ་བཤདཔ་ཨིནམ་ལས་ གཞུང་གིས་ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་ གཞི་བཙུགས་འབད་ཡོད་མི་འདི་ སློབ་གྲྭ་ཆེ་བ་དང་ཆུང་བའི་ཨ་ལོ་

Page 35: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

31

ཚུ་ལུ་ གོ་བརྡ་སྤྲོད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི། དཀའ་ངལ་འདི་ བུམོ་ལུ་རྐྱངམ་ཅིག་མེན་པར་ བུཚ་ལུ་ཡང་ཡོདཔ་མ་ཚད་ སློབ་ཕྲུག་མིན་པའི་ གྲོང་གསེབ་ནང་གི་ན་གཞོན་ཚུ་ལུ་ཡང་ གོ་བརྡ་འཕྲོད་དགོཔ་གལ་ཆེ་ཟེར་ཞུ་ཡི།

ཕུན་ཚོགས་དཔལ་རི།

ལུས་འབྲེལ་གི་ཤེས་ཡོན་འདི་ ཟླཝ་རེ་ལུ་ཚར་རེ་འབྱིན་དགོཔ་སྦེ་ཞུ་ཡི། ན་གཞོན་ཚུ་གིས་་གདོང་ཁར་ཐོན་ཞེ་ ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་ལྷབ་དགོཔ་གལ་ཆེ་ཟེར་ཞུ་ཡི།

ལྷོ་ཐིམ་ཕུག།

ལུས་འབྲེལ་དང་འབྲེལ་བའི་དཀའ་ངལ་འབྱུང་ས་འདི་ གཙོ་བོ་རང་འགྲུལ་འཕྲིན་མོ་བཻལ་ལས་ཐོན་དོ་ཡོདཔ་ལས་ སློབ་གྲྭ་ནང་ལག་ལེན་འཐབ་མ་ཆོགཔ་བཟོ་དགོཔ་དང་ སློབ་གྲྭའི་སྣ་ཚོགས་ཀྱི་ལས་རིམ་འདི་ཡང་ ཕྱི་རུ་མེན་པར་ ཉི་མར་སྟོན་དགོཔ་མ་ཚད་ སློབ་ཕྲུག་གཞུང་པ་ཚུ་ བདུན་ཕྲག་ངལ་གསོ་བཏང་པའི་ བུཚ་དང་བུམོ་ཚུ་གཅིག་ཁར་མེན་པར་ དུས་ཚོད་སོ་སོར་སྦེ་བཏང་དགོཔ་ཡང་ གལ་ཆེ་བས་ཟེར་ཞུ་ཡི། དེ་མ་ཚད་ གསོ་བའི་ཁ་ཐུག་ལས་ཡང་ ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་སྤེལ་དགོཔ་དང་ འདི་གུར་ཕ་མའི་བསླབ་བྱ་ཡང་ ག་ནི་བ་གལ་ཆེཝ་འདུག་ཟེར་ཞུ་ཡི། གྲོས་གཞི་འདི་ གྲོས་གཞི་གི་དོན་ཚན་ ༥ པ་དང་གནད་དོན་ཅོག་རང་ཐདམ་ལས་ གཅིག་ཁར་བསྡབས་དགོཔ་ལུ་ཞུ་བ་ཕུལ་མི་ལུ་ འཐུས་མི་ཚུ་གིས་ ངོས་ལེན་གྱི་གྲོས་ཆོད་བྱུང་ཡི།

༢༨. གྲོས་གཞི་དོན་ཚན་༥༣ པ།

སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་གཀའ་ངལ།

ཨ་ཐང་_ཐད་འཚོ།

གྲོས་གཞི་འདི་ གོང་གི་དོན་ཚན་ ༤༩ པ་དང་ཆ་འདྲཝ་ཨིནམ་ལས་ གྲོས་གཞི་གཅིག་འབད་བཟོ་ནི་ལུ་ གཅིག་ཁར་བསྡབས་དགོ་པའི་ཞུ་བ་ཕུལ་ཡི། འདི་ལུ་ འཐུས་མི་ཚུ་ཡང་ ངོས་ལེན་ཐོག་རྒྱབ་སྐྱོར་ཕུལ་ཏེ་ ཆ་འཇོག་གྲུབ་ཅི།

༢༩. གྲོས་གཞི་ ༥༤ པ་ མི་སྡེ་བརྡ་བརྒྱུད་དང་ ༥༥ པ་ མི་སྡེའི་བརྡ་བརྒྱུད་ལུ་ཤུགས་ཐལ་བའི་དཀའ་ངལ་གཉིསཔོ་དེ་ ཆ་འདྲཝ་ལས་ གཅིག་ཁར་བསྡབས་དགོ་པའི་ཞུ་བ་དང་འཁྲིལ་ གཅིག་འབད་བཟོ་ནི་ལུ་ ཆ་འཇོག་གྲུབ་ཅི།

ཕུན་ཚོགས་དཔལ་རི།

མི་སྡེའི་བརྡ་བརྒྱུད་འདི་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཅིག་ལུ་གྱུར་ཏེ་ཡོད་མི་འདི་ཡང་ གནས་ཚུལ་དང་ལོ་རྒྱུས་

Page 36: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

32

ཁག་ཆེ་ཏོག་ཏོ་ཚུ་ལེ་ཤ་ཐོབ་ཚུགསཔ་ལས་ དཀའ་ངལ་སྦེ་མེན་པར་ ཕན་ཐོགས་ཅན་སྦེ་ངོས་ལན་འབད་དགོཔ་ལུ་ཞུ་ཡི།

ཕུན་ཚོགས་དཔལ་རི།

ཡོངས་འབྲེལ་ཐོག་ལས་ གཅིག་གི་གཅིག་ལུ་ འཇིགས་དྲག་གི་སྒོ་ལས་ མ་རུང་པའི་བྱ་བ་ཚུ་ལག་ལེན་འཐབ་སྟེ་ཡོདཔ་ལས་ དཔེ་འབད་བ་ཅིན་ ལ་ལུ་ཅིག་མགོ་བསྐོར་ནང་ཚུད་དེ་ རང་གིས་རྒྱུ་དངོས་ཚུ་ཡང་ བརླག་སྟོར་ཤོར་བའི་ལོ་རྒྱུ་ཡོད། གཞུང་ལས་མི་སེར་ལུ་ཟེར་བའི་ བརྡ་བརྒྱུད་ཀྱི་ཞབས་ཏོག་དེ་ཡང་ མི་སྡེའི་བརྡ་བརྒྱུད་ཀྱི་གྲལ་ཁར་ཚུདཔ་ཨིནམ་ལས་ མི་སེར་ལུ་ཕན་ཐོག་སྟེ་ཡོད།

ཉི་ཤོ་_བསྲེ་ཕུག།

མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་སྟབས་མ་བདེཝ་འདི་ སློབ་ཕྲུག་ཚུ་ལུ་ ལེ་ཤ་རང་ཡོད། འདི་མ་ཚད་ ཕམ་ཚུ་ལུ་ཡང་ཡོད་ཟེར་ཞུ་ཡི། ཕམ་ཚུ་གིས་མི་སྡེའི་བརྡ་རྒྱུད་ནང་ འབྲེལ་གཏོག་འབད་དེ་ དུས་ཚོད་འཕྲོ་བརླག་བཏང་ཡོདཔ་ལས་ དོན་ཚན་འདི་ སོ་སོ་སྦེ་རང་གསུངས་གྲོས་གནང་དགོཔ་འདུག་ཟེར་ཞུ་ཡི།

ར་དི་_སག་སྟེང་།

མི་སྡེ་བརྡ་བརྒྱུད་ཀྱིས་ ཕན་པ་མ་གཏོགས་ གནོད་པ་མིན་འདུག་ཟེར་ཞུ་ཡི། ག་ཅི་འབད་ཟེར་བ་ཅིན་ ལོ་རྒྱུས་དང་ གནས་ཚུལ་ ག་ཅི་དགོཔ་ཅི་ཐོབ་པས་ཟེར་ཞུ་ཡི།

བདེ་བ་ཐང་_སྒོམ་དར།

སློབ་ཕྲུག་ཚུ་ལུ་ མི་སྡེའི་བརྡ་བརྒྱུད་ནང་འགྲེལ་གཏོགས་འབད་ནི་གོ་སྐབས་བྱིན་ནི་མེདཔ་ལས་ ཆོས་ཚན་ཚུ་དང་འབྲེལ་ཡོད་པའི་དོན་ཚན་ཚུ་ ཐོབ་ཚུགས་ནི་དེ་གིས་ དཔེ་ཆ་བལྟ་དགོཔ་ཚུ་ཡང་ མི་སྡེ་བརྡ་བརྒྱུད་ལུ་ར་ཏེ་ ཁོང་ར་གིས་བལྟ་མི་བཏུབ་པས་ཟེར་ཞུ་ཡི།

ངང་ལམ།

མི་སྡེ་བརྡ་བརྒྱུད་ཀྱི་དཀའ་ངལ་འདི་ ལོགས་སུ་འབད་རང་བཏོན་དེ་ གསུངས་གྲོས་གནང་པ་ཅན་མ་གཏོངས་ སྤྱིར་བཏང་འབད་སླབ་དང་ འདི་ལུ་རྒྱབ་སྐྱོར་འབད་ནི་ལུ་ བྱ་སྟབས་མ་བདེཝ་ཡོདཔ་ལས་ རྒྱབ་སྐྱོར་ཕུལ་མི་ཚུགས་པས་ཟེར་ཞུ་ནི།

Page 37: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

33

ཕུན་ཚོགས་དཔལ་རི་བསམ་རྩེ། ར་དི་_སག་སྟེང་།

མི་སྡེའི་བརྡ་བརྒྱུད་འདི་ སློབ་ཕྲུག་འདི་ཚུ་ལག་ལེན་འཐབ་ནི་ལུ་ བཀག་ཆ་འབད་ནི་མི་འོང་། ལོ་རྒྱུས་དེ་ཚུ་ ག་ཅི་རང་གོ་རུང་ བརྡ་བརྒྱུད་ནང་ལས་ཐོབ་ཚུགས་པས་ཟེར་ཞུ་ཡི། གཞུང་གིས་ མི་སྡེའི་བརྡ་བརྒྱུད་ཀྱི་དཀའ་ངལ་སེལ་ཐབས་ལུ་ སློབ་གྲྭ་ཁག་ལས་ཕར་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ དཀའ་ངལ་མར་ཕབ་འབད་ཚུགས་ནི་མས་ཟེར་ཞུ་ཡི།སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡ སྤྱི་ཚེས་ ༥ ལས་ ༦ ཚུན་ འགོ་དང་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ཡོད་པའི་མཛད་རིམ། ལམ་གོང་_ཝང་ཅང་། ཉི་ཤོ་_སྲེ་ཕུག།

མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་དཀའ་ངལ་ཚུ་ གོ་བ་བརྡ་སྤྲོད་འབད་དེ་ འབྲེལ་བ་ཡོད་པའི་ལྷན་ཁག་དང་ལས་ཁུངས་ཚུ་གིས་ སེལ་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས་ཟེར་ཞུ་ཡི། འདི་ལུ་ འཐུས་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་དཀའ་ངལ་འདི་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གོ་བརྡ་སོྤལ་ཐོག་ལས་ འདི་གི་གནོད་པ་མར་ཕབ་འབད་དགོཔ་ལུ་ བརྩོན་ཤུགས་བཏོན་དགོ་པའི་གྲོས་ཆོད་གྲུབ་ཅི།

Page 38: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

34

Page 39: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

35

སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡ སྤྱི་ཚེས་ ༥ ལས་ ༦ ཚུན་ འགོ་

དང་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ནང་

གསུང་གྲོས་གནང་ཡོད་པའི་མཛད་རིམ།

Page 40: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

36

སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡ སྤྱི་ཚེས་ ༥ ལས་ ༦ ཚུན་ འགོ་དང་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནི་གྲོས་གཞི་ ཁ་གསལ་རིའུ་དམིགས།

སྤྱི་ཚེས་ ༥/༡/༢༠༡༦

དྲོ་པ་ ཆུ་ཚོད་ ༩ ལས ༡༡ ཚུན།

གོ་རིམ་ཨང་ གྲོས་གཞི།

༡མཐོ་རིམ་སློབ་གྲྭ་ནང་ལུ་ ལོ་རིམ་དང་པ་ལས་ལོ་རིམ་གསུམ་ཚུན་ རྫོང་ཁའི་ཆོས་མཚན་གཙོ་བོ་སྟོན་དགོཔ།

༢རྒྱལ་ཡོངས་ཀྱི་སློབ་གྲྭ་ཆ་མཉམ་ནང་ལུ་ སྒྲིགས་དང་ཁྲིམས་ལུགས་འདྲ་མཉམ་འབད་དགོཔ། དཔྱེ་འབད་བ་ཅིན སློབ་གྲྭ་ལ་ལུ་ནང་སྐྱ་ཐུང་ཀུ་དང་ ལ་ལུ་ནང་རིངམ་ཡོདཔ་ལས་ སློབ་གྲྭ་ག་རའི་ནང་ཅོག་ཐེབས་དགོ་པའི་སྐོར།

༣ཤེས་རིག་ལམ་ལུགས་ནང་ སློབ་གྲྭ་ནང་བཙུགས་པའི་སྐབས་ལུ་ སྐྱེས་ལོ་ ༦ ལངས་དགོཔ་ཡོད་རུང་ དུས་འགྱུར་བསྟུན་ སྐྱེས་ལོ་ ༥ ལུ་མར་ཕབ་གནང་དགོཔ།

གསོལ་ཇ་གི་བམ་གྲོལ་ནི།

༤གནམ་དགུན་སློབ་གྲྭའི་ངལ་གསོ་སྐབས་ལུ་ ཕམ་ཉམས་ཆུང་གི་ཨ་ལོ་ཚུ་ལུ་ ཤེས་རིག་ལྷན་ཁག་དང་ ལཱ་གཡོག་ལྷན་ཁག་མཉམ་འབྲེལ་ཐོག་ གནས་སྐབས་ཀྱི་ལཱ་གཡོག་འཚོལ་ནི་ལུ་རྒྱབ་སྐྱོར་མཛད་དགོཔ།

༥ཆོས་མཚན་རྐྱམ་ཅིག་ལུ་གཙོ་བོར་སྟོན་ནི་མེན་པར་ ཚོང་ལཱ་དང་འབྲེལ་བའི་ སྦྱོང་བརྡར་བྱིན་དགོཔ།

གསོལཝ་གི་བམ་གྲོལ་ནི།

༦འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ བདུན་རིམ་བཞིན་དུ་འཛོམས་ནི་དང་ཟླ་རིམ་བཞིན་དུ་ འཛོམས་ནི་གྲོས་གཞི། དཔྱེ་འབད་ཅིན་ རྒྱང་མཐོང་དང་ཡོངས་འབྲེལ་གྱི་ཐོག་ལས།

༧ འཐུས་མི་ཚུ རང་སོའི་འདེམས་ཁོངས་ནང་ལོག་འགྱོ་བའི་སྐབས་ལུ་འགན་ཁུར་འབག་དགོཔ།

འཚོགས་ཞུགས་ མཇུག་བསྡུ་ནི།

སྤྱི་ཚེས་ ༦/༡/༢༠༡༦

༨ལམ་སྲོལ་བཟང་པོ་མར་ཉམས་འགྱོ་དོ་ཡོདཔ་ལས་ སློབ་གྲྭ་ནང་སྒྲིགས་ལམ་རྣམ་བཞག་འདི་ཆོས་མཚན་འབད་བཙུགས་དགོ།

Page 41: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

37

༩མཚན་རིག་ཆོས་མཚན་འདི་ ཆོས་རྒྱུགས་ཕུལ་བའི་སྐབས་ལུ་ དུས་ཡུན་ ཆུ་ཚོད་ ༡ དང་ ཕྱེད་ཀ་ལས་ ཡར་སེང་གནང་དགོཔ།

༡༠ རྫོང་ཁག་ཆ་ཉམས་ནང་(Youth harmony Village)ཟེར་བཙུགས་དགོཔ།

གསོལ་ཇའི་བམ་གྲོལ་ནི།

༡༡ ལྷག་ནི་གི་ལོ་འདི་ ཨ་རྟག་རང་རྒྱུན་སྐྱོང་འབད་ལྷག་དགོཔ།

༡༢ རང་སོའི་རྫོང་ཁག་ཚུ་ནང་ སྔར་གྱི་ལམ་ལུགས་དང་བསྟུན་ ངལ་གསོ་གནང་དགོཔ།

གསོལཝ་གི་བམ་གྲོལ་ནི།

སྤྱི་ཚེས་ ༠༥/༠༡/༢༠༡༦ ཉིན་གྲངས་ གཉིས་པ།

དོན་ཚན་ ༡ པ།

མཐོ་རིམ་སློབ་གྲྭ་ནང་ལུ་ངོ་དང་པས་ལས་ལོ་ངོ་གསུམ་པ་ཚུན་རྫོང་ཁའི་ཆོས་ཚན་གཙོ་བོ་སྟོན་དགོཔ།

ཆུ་ཁ་འཐུས་མི།

གྲོས་གཞི་ཕུལ་མི་འདི་ང་རང་ཨིནམ་ལས་ ད་ལྟོ་ཚུན་མཐོ་རིམ་སློབ་གྲྭ་ལོ་ངོ་དང་་པ་ནང་མ་གཏོགས་ ལོ་ངོ་གཉིས་པ་དང་གསུམ་པ་ནང་ལུ་ རྫོང་ཁའི་ཆོས་ཚན་མིན་འདུག དེ་འབདཝ་ལས་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཡར་རྒྱས་བཏང་ཐབས་ལུ་ མཐོ་རིམ་ལོ་ངོ་གསུམ་ཆ་རའི་ནང་ལུ་ རྫོང་ཁའི་ཆོས་ཚན་གཙོ་བོ་སྟོན་དགོཔ་འདུག་ཟེར་ཞུ་ཡི།

སྤོ་རོ་འཐུས་མི།

ཆུ་ཁ་འཐུས་མི་གིས་སླབ་དོ་བཟུམ་ མཐོ་རིམ་སློབ་གྲྭ་ག་ར་ནང་ལུ་ རྫོང་ཁའི་ཆོས་ཚན་འདི་བཙུགས་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི། ཀྲོང་གསར་འཐུས་མི་གིས་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་ནང་ལྷོདཔ་ད་རྫོང་ཁའི་ཆོས་ཚནའདི་བཀོ་མ་བཞག་པར་འཕྲོ་མཐུད་དེ་རང་ལྷག་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི། དེ་འབདཝ་ད་སྟག་རྩེ་མཐོ་རིམ་སློབ་གྲ་ནང་འབད་བ་ཅིན་ལོ་ངོ་གསུམ་ཆ་ར་ལུ་རྫོང་ཁའི་ཆོས་ཚན་བཙུགས་ཏེ་ར་ཡོད་དེ་འབད་རུང་ནང་པའི་མཐོ་རིམ་མ་ཡིན་པའི་ མཐོ་རིམ་སློབ་གྲྭ་གཞན་ནང་ལུ་རྫོང་ཁའི་ཆོས་ཚན་མེད་དོ་འོང་ནི་ཨིན་མས། རྫོང་ཁའི་ཆོས་ཚན་འདི་ཡོདཔ་སྦེ་ར་བཞག་དགོཔ་འདུག་ཟེར་ཞུྭ་ཡི།

མོང་སྒར་འཐུས་མི།

མཐོ་རིམ་སློབ་གྲྭ་ནང་ རྫོང་ཁའི་ཆོས་ཚན་འདི་ རང་གི་ཁ་སྐད་འབདཝ་ལས་ངེས་པར་དུ་དགོཔ་འདུག་ཟེར་ཞུ་ཡི། ཁྲི་འཛིན་མཆོག་གིས་ རྫོང་ཁའི་ཆོས་ཚན་འདི་དགོ་དང་མ་དགོ་གི་དོན་ལུ་ ལགཔ་འཐུ་བཅུགཔ་ད་འཐུས་མི་ག་ར་གིས་

Page 42: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

38

དགོ་ནི་གི་ཁ་ཆམས་ལས་བརྟེན་ མཐོ་རིམ་སློབ་གྲྭ་ནང་ལུ་རྫོང་ཁའི་ཆོས་ཚན་འདི་དགོ་ནི་འབད་གྲོས་ཐག་ཆོད་ཅིག

དོན་ཚན་ ༢ པ།

ཤེས་རིག་ལམ་ལུགས་ནང་ སློབ་གྲྭ་ནང་བཙུགས་པའི་སྐབས་ལུ་ སྐྱེས་ལོ་༦ལངམ་དགོཔ་ཡོད་རུང་ དུས་ཀྱི་འགྱུར་བ་བསྟུན་ ཨ་ལོ་ཚུ་སྤྱང་དྲག་ཡོད་ལས སྐྱེས་ལོ་ ༥ ལུ་མར་ཕབ་གནང་དགོཔ།

བཀྲིས་གཡང་རྩེ་འཐུས་མི།

སློབ་གྲྭ་ནང་ཨ་ལོ་སྐྱེ་ལོ་༥ལས་བཙུགས་ནི་འདི་ཁྲོམ་ཁ་ལུ་སློབ་གྲྭ་ལམ་མཐའ་ཐུང་ཀུ་འབདཝ་ལས་ཨ་ལོ་གི་ཡང་ལམ་འགྱོ་ཚུགས་། གཡུས་མཐའ་ཟུར་ལས་ཕར་འབད་བ་ཅིན་ སློབ་གྲྭ་འབད་རུང་མཐའ་རིངམ་ ལམ་ཆུ་ཚོད་༢དང་༣འགྱོ་དགོ་ནི་གིས་ ལམ་འགྱོ་མི་ཚུགས་ ཕམ་གིས་བཀལ་བ་ལུ་ ལཱ་གི་མི་ཁོམས་དེ་འབདཝ་ལས་བརྟེན་ལོ་༦ལས་༥ལུ་ཕབ་སྟེ་སློབ་གྲྭ་ནང་བཙུགས་ནི་འདི་མི་བཏུབ་སྦེ་སྒེར་གྱིས་སློབ་གྲྭ་ནང་ལུ་ཡང་ཨ་ལོ་ལོ་དྲུག་ལས་བཙུགས་འདུག་ཟེར་ཞུ་ཡི།

དབང་འདུས་འཐུ་མི།

གནད་དོན་ལུ་རྒྱབ་སྐྱོར་འབད་དེ་ལྕོག་ཐེབ་སྦེ་རང་ཞུ་ཡི། ཐིམ་ཕུ་འཐུས་མི་གིས་ཨ་ལོ་དྲུག་ལས་ལྔ་ལུ་མར་ཕར་རྐྱབ་སྟེ་བཙུགས་ནི་འདི་མི་བཏུབ་ནི་མས། དེ་འབདཝ་ད་སྒེར་དང་གཞུང་གཉིས་ཆ་ར་ལུ་སྐྱེ་ལོ་ ༦་ལས་བཙུགས་ནི་འདི་གཅིག་མཚུངས་བཟོ་དགོཔ་འདུག།

རྩི་རང་འཐུས་མི།

གིས་ཨ་ལོ་སྐྱེ་ལོ་༦་ལས་མར་ཕབ་སྟེ་སློབ་གྲྭ་ནང་བཙུགས་པ་ཅིན་གཞུང་གི་ལཱ་གཡོག་ཐོབ་ནི་ལུ་དཀའ་་ངལ་ཐོན་ནི་མས་ཟེར་ཞུ་ཡི། ག་དེ་འབད་ཨིན་ཟེར་བ་ཅིན་ ལོ་༥ ལས་བཙུགས་པ་ཅིན་ ལོ་གཅིག་ནང་ལུ་ས་སྟོང་ག་དེམ་ཅི་སུབ་ནི་མས་ དེ་འབདཝ་ལས་ལོ་༦ ལས་ཕབ་སྟེ་༥ ལུ་བཙུགས་པ་ཅིན་མི་བཏུབ་པས་ཟེར་ཞུ་ཡི།

བཀྲིས་སྒང་འཐུས་མི།

འཐུས་མི་ཆ་ཉམས་ཞལ་མཐུན་ཐོག་ལས་གྲོས་གཞི་བཙུགས་བཙུགསཔ་ཨིན་ལས་ཆ་མེད་བཏངམ་ད་མི་བཏུབ་འོང་ ཐུགས་བསམ་བཞེས་དགོཔ་འདུག་ཟེར་ཞུ་ཡི།

དབང་འདུས་འཐུས་མི།

ང་རང་གིས་རྒྱབ་སྐྱོར་མ་ཕུལ་ཟེར་ཞུ་ཡི། ཐིམ་རྫོང་ཁག་གི་འཐུས་མི་གིས་ སྐྱེལ་ལོ་ ༦ ལས་ ༥ ལུ་མར་ཕབ་རྐྱབ་པ་

Page 43: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

39

ཅིན་ སྒེར་སྡེ་དང་གཞུང་གཉིས་ཆ་རང་ལུ་ སྐྱེས་ལོ་འདྲན་དྲ་དགོ་པའི་སྐོར་ལས་ཞུ་ཡི། གསུངས་གྲོས་དུས་ཡུན་རིངམ་འབད་གནང་པའི་ཤུལ་ལུ་ ཨ་ལོ་སློབ་གྲྭ་ནང་བཙུགསཔ་དང་ གཞུང་གི་སློབ་གྲྭ་དང་ སྒེར་གྱི་སློབ་གྲྭ་ཁྲོམ་དང་གཡུས་སྒོ་ ཆ་ཉམས་ནང་ ལམ་ལུགས་ཤོ་མཚུངས་སྦེ་ སྐྱོས་ལོ་ ༥ ལུ་མར་ཕབ་གནང་ཏེ་ ལག་ལེན་འཐབ་དགོ་པའི་གྲོས་ཆོད་འབྱུང་ཡི།

དོན་ཚན་ ༣ པ།

ན་གཞོན་ཨ་ལོ་ཚུ་ ཆང་དང་སྨྱོས་ཟས་ལུ་ལངས་ཤོར་ཐལ་མི་ཚུ་ལུ་འཐབ་ལམ་སྟོན་དགོཔ།

ཐིམ་ཕུག་རྫོང་ཁག་གི་འཐུས་མི།

ན་གཞོན་ཨ་ལོ་ ཆང་དང་མྱོས་ཟས་ལུ་ལངས་ཤོར་ཐལ་མི་ཚུ་ནམ་དགུན་ངལ་གསོའི་སྐབས་ལུ་ ན་གཞོན་དང་ཁྲིམས་སྲུང་གི་ཆ་རོགས་ (PYP) བཅའ་མར་གཏོགས་པར་བཏང་དགོ་པའི་བསམ་འཆར་ཞུ་ཡི།

སྤུངས་ཐང་ཁ་འཐུས་མི།

ཁོང་ཚུ་བཅའ་མར་གཏོགསཔ་དང་ ང་བཅའ་ཚུ་ཡང་བཅའ་མར་གཏོགས་སྟེ་ཆ་རོགས་འབད་དགོ་འདུག་ཟེར་བསམ་འཆར་ཞུ་ཡི། མོངྒར་གྱི་འཐུས་མི་གིས་ འདི་ལུ་རྒྱབ་སྐྱོར་ཡོད་ལུགས་ཞུ་ཡི།

སྤ་རོ་གི་འཐུས་མི།

ན་གཞོན་ཚུ་ཆང་དང་མྱོས་ཟས་ལུ་ ལངས་ཤོར་ཐལ་མི་འདི་ དཔྱེ་འབད་བ་ཅིན་ ཨོ་ལོ་སེམས་གཡེང་ས་གི་གཞི་བརྟེན་མཁོ་ཆས་ཚུ་མེད་མི་ལུ་བརྟེན་ཨིནམ་ལས་ འདི་ལུ་མི་ག་ར་གི་རྒྱབ་སྐྱོར་མཛད་དགོཔ་འདུ་ཟེར་ཞུ་ཡི།

དབང་འདུས་འཐུས་མི།

སྤ་འགྲོ་འཐུས་མི་གི་ཞུ་མི་རྒྱབ་སྐྱོར་ཞུ་ཡི། དོན་ཚན་འདི་གུར་གསུངས་གྲོས་ཡུན་རིངམ་གནང་པའི་ཤུལ་ལུ་ན་གཞོན་ཨ་ལོ་ཚུ་ཆང་དང་སྨྱོས་ཟས་ལུ་ལངས་ཤོར་ཐལ་མི་ཚུ་ལུ་འཐབ་ལམ་སྟོན་དགོ་པའི་གྲོས་གཤམ་གསལ་ལྟར་དུ། ཀ༽ སྤྱི་ཕན་ ཕན་བདེ་ཚོགས་པ་ རྫོང་ཁག་ག་ར་ནང་བཙུགས་དགོཔ།ཁ༽ ན་གཞོན་དང་ཁྲིམས་སྲུང་གི་ཆ་རོགས་ (PYP) བཅའ་མར་གཏོགས་ནི་གོ་སྐབས་ སློབ་དབུ་འཛིན་གྱི་ཨ་ལོ་མྱོས་ཟས་ལག་ལེནའཐབ་མི་ཚུ་ གདམ་འཐུ་འབད་དགོཔ།ང༽ རྫོག་ཁག་ཆ་ཉམས་ནང་ མི་ཚེས་སྐྱར་གསོའི་ལྟེ་བ་གཞི་བཙུགས་འབད་དགོཔ།ཅ༽ རྫོང་ཁག་ཆ་ཉམས་ནང་ རྩེད་རིག་གི་མཐུན་རྐྱེན་འདྲ་ཉམས་བཙུགས་དགོ་པའི་གྲོས་ཆོད་འབྱུང་ཡི།དོན་ཚན་ ༤ པ།

Page 44: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

40

ནམ་དགུན་སློབ་གྲྭའི་ངལ་གསོ་སྐབས་ལུ་ ཕམ་ཉམས་ཆུང་གི་ཨ་ལོ་ཚུ་ལུ་ ཤེས་རིག་ལྷན་ཁག་དང་ལཱ་གཡོག་ལྷན་ཁག་གཉིས་ ཉམས་འབྲེལ་ཐོག་ གནས་སྐབས་ཀྱི་ལཱ་གཡོག་གི་དགོ་སྐབས་མཛད་གནང་དགོཔ།

ཐིམ་ཕུག་གི་འཐུས་མི།

ཤེས་རིག་ལྷན་ཁག་གིས་འགོ་འདྲན་ཐོག་ རྫོང་ཁག་ཤེས་རིག་སྡེ་ཚན་དང་ཉམས་རུབ་འབད་དེ་མཛད་པ་ཅིན་ དྲག་ནི་མས་ཟེར་བའི་བསམ་འཆར་ཞུ་ཡི།

སྤ་འགྲོ་འཐུས་མི།

ཤེས་རིག་ལྷན་ཁག་དང་ རྫོང་ཁག་ཤེས་རིག་སྡེ་ཚན་ རྫོང་ཁག་འཆར་གཞི་འགོ་དཔོན་ ཉམས་རུབ་ཀྱི་ཐོག་ལས་འབད་བ་ཅིན་དྲག་ནི་མས་ འདི་ཡང་ག་ཁྱབ་མོ་ཟེར་བ་ཅིན་ འཆར་གཞི་ལཱ་ཚུ་ག་ར་འཆར་གཞི་འགོ་དཔོན་གི་ཤེས་པ་ལས་བརྟེན་ཨིན་ཟེར་བསམ་འཆར་ཞུ་ཡི། ཁྲི་འཛིན་གྱིས་ འཆར་གཞི་འགོ་དཔོན་ འདི་ལུ་འབྲེལ་བ་མེདཔ་ལས་ ཤེས་རིག་ལྷན་ཁག་དང་ ལཱ་གཡོག་ལྷན་ཁག་གཉིས་ ཉམས་རུབ་ཀྱི་ཐོག་ལས་མཛད་པ་ཅིན་ཟེར་བའི་བསམ་འཆར་ཞུ་ཡི།

ཐིམ་ཕུག་རྫོང་ཁག་འཐུས་མི།

ཁྲི་འཛིན་གྱི་ཞུ་མི་ལུ་རྒྱབ་སྐྱོར་ཡོད་ལུགས་ཞུ་ཡི། དོན་ཚན་འདི་གུར་ གསུངས་གྲོས་ཡུན་རིངམ་གནང་པའི་ཤུལ་ལུ་ ཤེས་རིག་ལྷན་ཁག་དང་ ལཱ་གཡོག་ལྷན་ཁག་གཉིས་ གྲོས་བསྟུན་ཐོག་ལས་ཕམ་ཉམས་ཆུང་གི་ཨ་ལོ་ཚུ་གི་དོན་ལུ་ གནས་སྐབས་ཀྱི་ལཱ་གཡོག་གནང་དགོ་པའི་གྲོས་འཆར་འབྱུང་ཡི།

དོན་ཚན་ ༥ པ།

ཆོས་མཚན་རྐྱངམ་ཅིག་ལུ་གཙོ་བོར་སྟོན་ནི་མེན་པར་ ཚོང་ལཱ་དང་འབྲེལ་བའི་ སྦྱོང་བརྡར་བྱིན་དགོ་པའི་གྲོས་གཞི།

ཆུ་ཁ་གི་འཐུས་མི།

ན་གཞོན་ཨ་ལོ་ཚུ་ ཆུང་ཀུའི་བསྒང་ལས་རང་ ཆོས་ཚན་རྐྱངམ་ཅིག་སོྟན་ནི་མེན་པར་ ཚོང་ལཱ་དང་འབྲེལ་བའི་སྦྱོང་བརྡར་དང་ གོ་བ་སྤེལ་དགོཔ་འདུ་ཟེར་བའི་བསམ་འཆར་ཞུ་ཡི།

ཐིམ་ཕུག་རྫོང་ཁག་གི་འཐུས་མི།

ཚོང་ལཱ་དང་འབྲེལ་བའི་སྦྱོང་བརྡར་དང་ གོ་བ་སྤེལ་ནི་མེན་པར་ ཆོས་མཚན་ ཡང་ན་ ཚོགས་ཕྲན་འབད་བཙུགས་པ་

Page 45: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

41

ཅིན་ཟེར་བའི་ བསམ་འཆར་ཞུ་ཡི།

ཆུ་ཁ་གི་འཐུས་མི།

ན་གཞོན་ཆ་ཁྱབ་ལུ་ ཤུལ་ལས་ཉམས་མྱོང་ཐོབ་ནི་དོན་ལུ་ ཚོང་ལཱ་དང་འབྲེལ་བའི་སྦྱོང་བརྡར་དང་ གོ་བརྡ་སྤེལ་དགོཔ་འདུག་ཟེར་ཞུ་ཡི།

དབང་འདུས་རྫོང་ཁག་འཐུས་མི།

སློབ་གྲྭ་ཚུ་ནང་ཚོང་ལཱ་དང་འབྲེལ་བའི་ཚོགས་ཕྲན་བཙུགས་པ་ཅིན་ འོས་འབབ་ཆེ་བས་ཟེར་ཞུ་ཡི།

ཀྲོང་གསར་གི་འཐུས་མི།

རིག་རྩལ་གཞན་དང་གཞན་ཡང་ཡོད་པའི་གུ་ལུ་ སློབ་གྲྭ་ཚུ་ནང་ཚོང་ལཱ་དང་འབྲེལ་བའི་ཚོགས་ཕྲན་བཙུགས་པ་དྲག་ནི་མས་ཟེར་བསམ་འཆར་ཞུ་ཡི། ཁྲི་འཛིན་གྱིས་སློབ་གྲྭ་ནང་ཆོས་མཚན་སྦེ་བཙུགས་རུང་ ཚོགས་ཕྲན་སྦེ་བཙུགས་རུང་སྟབས་མ་བདེཝ་འདི་མི་མཇལ་བས་ཟེར་ཞུ་ཡི།

དབང་འདུས་ཀྱི་འཐུས་མི།

ཆོས་མཚན་འབད་བཙུགས་པ་ཅིན་སྟབས་མི་བདེ་འོང་ འདི་བ་དེ་ ཚོགས་ཕྲན་བཙུགས་པ་ཅིན་ཕན་རླབས་ཆེ་ནི་བཟུམ་མཐོངམ་མས་ཟེར་ཞུ་ཡི།

སྤ་འགྲོ་གི་འཐུས་མི།

སློབ་རིམ་ ༧ པ་ལས་ཡར་སྟབས་ཡོད་མི་དོན་ལས་ དཔལ་འབྱོར་ཆོས་མཚན་སྟོན་མི་གིས་ སླབ་བྱ་གནང་པ་ཅིན་ཕན་ཐོག་འོང་ནི་བཟུམ་མཐོང་ཟེར་ཞུ་ཡི། བཀྲིས་དབྱངས་རྩེ་འཐུས་མི། ཐིམ་ཕུག་གི་འཐུས་མི། གཞལྒང་གི་འཐུས་མི། ཆུ་ཁ་གི་འཐུས་མི། དབང་འདུས་ཀྱི་འཐུས་མི་ཚུ་གིས་ རྒྱབ་སྐྱོར་ཕུལ་ཡི། དོན་ཚན་འདི་གུར་གསུངས་གྲོས་ཡུན་རིངམ་གནང་པའི་ཤུལ་ལུ་ སློབ་གྲྭ་ཚུ་ནང་ སློབ་རིམ་ ༧ པ་ལས་ཡར་སྟབས་ཡོད་མི་ཚུ་ལུ ཚོང་ལཱ་དང་འབྲེལ་བའི་ ཚོགས་ཕྲན་བཙུགས་གནང་དགོ་འབད་འཐུས་མི་མང་མོས་ཐོག་ལས་གྲོས་ཆོད་འབྱུང་ཡི།

Page 46: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

42

དོན་ཚན་ ༦ པ།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ བདུན་རིམ་བཞིན་དུ་འཛོམས་ནི་དང་ ཟླ་རིམ་བཞིན་དུ་འཛོམས་ནི་གྲོས་གཞི།

ཀྲོང་གསར་གྱི་འཐུས་མི།

གོམས་འདྲེས་སྦྱོང་བརྡར་སྐབས་ལུ་ མི་ཚོགས་མཆོག་གིས་ འདེམས་ཁོངས་ ༤༧ ལུ་ (video conference) ཡོད་པའི་ལོ་རྒྱུས་དང་ ཤུལ་ལས་ རྒེད་འོག་ ༢༠༥ ལུ་བཙུགས་ནི་འཆར་གཞི་ཡོདཔ་ལས་(wechat)གདོང་སྡེབ་(facebook)ཡོངས་འབྲེལ་གྱི་ཐོག་ལས་འབད་རུང་ ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་འབྲེལ་བ་འཐབ་ནི་ཁག་ཆེ་བས་ཟེར་ཞུ་ཡི།

སྤ་འགྲོ་འཐུས་མི།

(wechat)གདོང་སྡེབ་(facebook)གཉིས་ཐོག་ལས་ གོ་སྐབས་སྦོམ་འདུག་ཟེར་ཞུ་ཡི། ཐིམ་ཕུག་གི་འཐུས་མི། བཀྲིས་དབྱངས་རྩེ་གི་འཐུས་མི་གི་རྒྱབ་སྐྱོར་གྱི་ཞུ་ཕུལ་ཡི།

བསམ་རྩེ་རྫོང་ཁག་གི་འཐུས་མི།

གོང་གི་བསམ་འཆར་ཚུ་ལེགས་ཤོམ་ཡོད་རུང་ སློབ་གྲྭ་ནང་བརྒྱུད་འཕྲིན་ལག་ལེན་འཐབ་མ་ཆོགམ་ཡོདཔ་ལས་དཀའ་ངལ་འབྱུང་ནི་མཐོང་མས་ཟེར་ཞུ་ཡི།

སྤ་འགྲོ་འཐུས་མི།

ཟླ་ངོ་ ༡ གི་ནང་ལུ་འཛོམས་ནི་ཨིན་ན་དང་ཟླ་ངོ་གཉིས་ནང་འཁོད་ལུ་འཛོམས་ནི་ཟེར་ཞུ་ཡི།

ཁྲི་འཛིན།

(wechat)(facebook)གདོང་སྡེབ་གཉིས་ཐོག་ལས་དུས་ནམ་རང་ལག་ལེན་འཐབ་རུང་མ་བཏུབ་མིན་ཟེར་ཞུ་ཡི། མཇུག་རང་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ འཛོམས་ནི་འཐབ་ལམ་གཙོ་བོ་ དུས་རྒྱུན་ལག་ལེན་འཐབ་ནི་འདི་(wechat)གདོང་སྡེབ་(facebook)དང་(video conference)འདི་ ཟླ་ངོ་གཉིས་ཀྱི་ནང་འཁོད་ ཚར་གཅིག་འཛོམས་ནི་འབད་གྲོས་ཆོད་འབྱུང་ཡི།

Page 47: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

43

དོན་ཚན་ ༦ པ།

འཐུས་མི་ཚུ རང་སོའི་སློབ་གྲྭ་ནང་ལོག་འགྱོ་བའི་སྐབས་ལུ་ དམངས་གཙོའི་འཚོགས་ཕྲན་ནང་ལུ་འབག་དགོ་པའི་འགན་འཁུར།

པདྨ་དགའ་ཚལ་རྫོང་ཁག་འཐུས་མི།

གནད་དོན་འདི་ལུ་དོགས་པ་སྤུ་ཙམ་ཡང་མེདཔ་མ་ཚད་འགན་ཁུར་འདི་ ང་བཅས་འཐུས་མི་ཚུ་གིས་རང་འགན་ཁུར་འབག་དགོཔ་ཁག་ཆེ་ཟེར་ཞུ་ཡི།

སྤ་འགྲོ་རྫོང་ཁག་འཐུས་མི།

ང་བཅས་ཚུ་གིས་འགན་འཁུར་འབག་དགོཔ་འདི་༌སློབ་གྲྭ་ནང་ལོག་འགྱོ་བཞིནམ་ལས་ སློབ་དབུ་འཛིན་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ཞིནབ་ལས་ན་གཞོན་དང་འབྲེལ་བ་ཡོད་པའི་གྲོས་ལ་སོགས་པ་བསྡུ་ལེན་འབད་ནི།

ཁྲི་འཛིན།

དམངས་གཙོའི་ཚོགས་ཕྲན་གྱི་དམིགས་གཡུས་ལྷག་གནང་ཡི།

ཀྲོང་གསར་འཐུས་མི།

བཙག་འཐུ་དང་འབྲེལ་བའི་བྱ་སྒོའི་རིམ་པ་ཚུ་ལུ་ ཤེས་ཡོན་དང་བརྡ་དོན་སྤེལ་ནི་དོན་ལུ་ཡོངས་ཁྱབ་དྲུང་ཆེན་གྱིས་བཀའ་རྒྱའི་ཐོག་ལས་ རྫོང་ཁག་བཙག་འཐུ་ཡིག་དང་ཉམས་འབྲེལ་འབད་དེ་ཤེས་ཡོན་སྤེལ་ནི་དང་ སློབ་གྲྭའི་དོ་དམ་དམངས་གཙོའི་ཚོགས་ཕྲན་ཚུ་དངགཅིག་ཁར་ཚོགས་འཛོམས་འཚོགས་ཞིནམ་ལས་ ན་གཞོན་དང་འབྲེལ་བ་ཡོད་པའི་ གྲོས་གཞི་བསྡུ་སྒྲིགས་འབད་ནི།

ཀྲོངས་གསར་གྱི་འཐུས་མི།

རྫོང་ཁག་ལྷོད་བཞིནམ་ལས་ ཕྱག་ལཱ་ཚུ་ག་དེ་འབད་མཛད་ནི་ཨིན་ན་འཐུས་མི་རང་རང་སོ་སོ་ལུ་ རགས་ལས་ནི་ཨིན་པས་ཟེར་ཞུ་ཡི། བཙག་འཐུ་ལྷན་ཚོགས་ཀྱི་རྒྱབ་ཐོག་ལས་ ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ལོག་རང་སོའི་འདེམས་ཁོངས་ནང་འགྱོ་བཞིནམ་ལས་བཙག་འཐུ་འབྲེལ་བའི་བྱ་སྒོའི་རིམ་པ་ཚུ་ ཤེས་ཡོན་དང་བརྡ་དོན་སྤེལ་ནི་ རྫོང་ཁག་འདི་ནང་གི་སློབ་གྲྭའི་དོ་དམ་ དམངས་གཙོའི་ཚོགས་ཕྲན་གྱི་འཐུ་མི་ཚུ་དང་གཅིག་ཁར་ ཚོགས་རིམ་འཚོགས་བཞིནམ་ལས་ མ་འོངཔའི་ཚོགས་རིམ་གྱི་དོན་ལས་གྲོས་གཞི་ཚུ་བསྡུ་སྒྲིགས་འབད་ནི་སྦེ་གྲོས་ཆོད་གྲུབ་གནང་ཡི།སྤྱི་ཚེས་ ༠༥/༠༡/༢༠༡༦ ཉིན་གྲངས་ གཉིས་པ།

Page 48: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

44

དོན་ཚན་ ༸ པ།

ལམ་སྲོལ་བཟང་པོ་མར་ཉམས་འགྱོ་དོ་ཡོདཔ་ལས་ སློབ་གྲྭ་ནང་སྒྲིགས་ལམ་ནམ་བཞག་འདི་ ཆོས་མཚན་འབད་བཙུགས་དགོ།

ཁྲི་འཛིན་མཆོག་གིས་འགོ་མ་བཙུགས་པའི་སྔ་གོང་ལུ་ ལམ་སྲོལ་འདི་སློབ་གྲྭ་ནང་ལུ་ཆོས་ཚན་སྦེ་བཙུགས་ནི་འདི་ འོད་བབས་འདུག་ག་མནོ་བསམ་བཏང་ཏེ་གྲོས་ཐག་བཅད་ནི་འདི་གལ་ཆེཝ་ཨིན་ཟེར་གསུངས་ཡི།

བཀྲི་སྒང་འཐུས་མི།

རང་གི་སྒྲིག་ལམ་འདི་ཉམས་འགྱོ་བ་ཅིན་མི་ག་བཟུམ་ཅིག་ལུ་འགྱུརཝ་ག་མི་ཤེས་ དཔྱེ་གཏམ་ལུ་ མི་ལུ་སྒྲིག་མེན་ཁྱི་གི་མཇུག་མ་འདྲ་སླབ་སྲོལ་ཡོད་དོ་བཟུམ་ མི་ལུ་སྒྲིག་གཞི་འདི་དགོཔ་ལས་བརྟེན་ སློབ་གྲྭ་ནང་ལུ་ཆོས་ཚན་འབད་བཙུགས་མ་ཚུགས་རུང་ བདུན་ཕྲག་གཅིག་ལུ་ཚར་གཉིས་སྦེ་་སློབ་སྟོན་འབད་དགོཔ་འདུག་ཟེར་ཞུ་ཡི།

བཀྲིས་གཡང་རྩེ་འཐུས་མི།

སྒྲིག་ལམ་འདི་ང་བཅས་མི་ལུ་ཁག་ཆེཝ་ཨིན། དེ་འབདཝ་ད་ ཆོས་ཚན་འབད་བཙུགས་ནི་འདི་འོས་བབས་ཅིག་མི་མཐོང་མས། ཨིན་རུང་སློབ་སྟོན་འབད་བཙུགས་དགོཔ་འདུག འདི་གི་རྒྱབ་སྐྱོར་འབད་ ཁྲི་འཛིན་གྱིས་ སྒྲིག་ལམ་འདི་སློབ་གྲྭ་ནང་ལུ་ཆོས་ཚན་འབད་བཙུགས་ནི་འདི་འོས་བབས་མིན་འདུག་ཟེར་གསུངས་གནང་ཡི།

དབང་འདུས་འཐུས་མི།

བཀྲིས་སྒང་འཐུས་མི་ལུ་རྒྱབ་སྐྱོར་ཡོད། དེ་འབདཝ་ད་ སྒྲིག་ལམ་འདི་ཚོགས་ཕྲན་འབད་བཙུགས་པ་ཅིན་མི་བཏུབ་སྦེ་ ག་ཅི་སྦེ་ཟེར་བ་ཅིན་ཚོགས་ཕྲན་ནང་ལུ་བཅའ་མར་གཏོགས་མི་གི་མ་གཏོགས་ཨ་ལོ་གཞན་གྱི་ཤེས་མི་ཚུགས་ལས་བརྟེན་ བདུན་ཕྲག་རེ་ལུ་སྒྲིག་ལམ་འདི་ སློབ་ཕྲུག་ག་ར་ལུ་ ཚར་གཉིས་རེ་སྟོན་དགོཔ་འདུག་ཟེར་ཞུ་ཡི།

སྤ་རོ་འཐུས་མི།

དབང་འདུས་འཐུས་མི་ལུ་ རྒྱབ་སྐྱོར་ཡོད། དེ་འབདཝ་ད་ བདུན་ཕྲག་ནང་ལུ་ གཟའ་ཕུར་བུ་དང་ཉི་མ་གཉིས་ལུ་ སློབ་ཕྲུག་ག་ལུ་སྐར་མ་སུམ་ཅུ་རེ་དུས་ཚོད་བཏོན་ཏེ་སྟོན་དགོཔ་འདུག་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

དབང་འདུས་འཐུས་མི་གིས་ཞུ་མི་ལུ་རྒྱབ་སྐྱོར་ཡོད། ཨིན་རུང་གཟའ་ཕུར་བུ་དང་ཉི་མ་༢ལུ་སྟོན་དགོ་པས་ཟེར་ཞུ་ཡི།

Page 49: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

45

གཞལ་སྒང་འཐུས་མི།

ཐིམ་ཕུག་འཐུས་མི་གིས་ཞུ་མི་ལུ་རྒྱབ་སྐྱོར་ཡོད། དེ་འབདཝ་ད་ སྒྲིག་ལམ་འདི་ ཉིམ་ཨ་རྟག་ར་ ཀབ་ནེ་དང་རག་ཅུ་བཀབ་ཐངས་རྐྱངམ་ཅིག་མེན་པར་ སྒྲིག་ལམ་གཞན་ཡང་སྟོན་དགོ་པས་ཟེར་ཞུ་ཡི།

ཁྲི་འཛིན།

སློབ་གྲྭ་ནང་ལུ་ ཚོགས་ཕྲན་འདི་ཨ་རྟག་ར་གཟའ་ཕུར་བུ་ལུ་འབདཝ་ཨིན། དེགིས་འབད་སྒྲིག་ལམ་སྟོན་ནི་འདི་གཟའ་ཕུར་བུ་ལུ་མི་བཏུབ་ནི་ཨིན་མས་ཟེར་གསུངས་གནང་ཡི།

བཀྲིས་སྒང་འཐུས་མི།

ང་བཅས་ཆ་ཁྱབ་ཀྱིས་ བདུན་ཕྲག་གཅིག་ལུ་གཟའ་མིག་མར་དང་ཉི་མ་གཉིས་ལུ་ སྒྲིག་ལམ་གྱི་སློབ་སྟོན་འབད་དགོ་ཟེར་ཐག་བཅད་འབདཝ་ད་ མིབཏུབ་བཟུམ་མཐོང་མས། ག་ཅི་སྨོ་ཟེར་བ་ཅིན་ སློབ་གྲྭ་ཁ་རང་སོའི་སྲིད་བྱུས་སོ་སོར་བརྩམས་ཏེ་འོང་སྲིད་བྱུས་དེ་དང་བསྟུན་ཏེ་བསྟབས་མ་བདེཝ་ཐོན་ནི་འོང་དེ་གིས་འབད་བདུན་ཕྲག་གཅིག་ནང་ལུ་ སྒྲིག་ལམ་སློབ་སྟོན་འདི་ གཟའ་མིག་མར་དང་ཉིམ་༢ལུ་འབད་དགོ་ཟེར་མེན་པར་ བདུན་ཕྲག་གཅིག་ནང་སློབ་སྟོན་འདི་ཚར་༢ འབད་དགོ་ཟེར་བཞག་པ་ཅིན་སྟབས་བདེ་ནི་མས་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

རང་གིས་སློབ་གྲྭ་ནང་ལུ་ གཟའ་ཕུར་བུ་ལུ་ ཚོགས་ཕྲན་མེད་འདི་གི་སླབ་མནོ་བསམ་མ་བཏང་པར་སླབ་ནུག གཞུང་གི་སློབ་གྲྭ་ནང་ལུ་ཚོགས་ཕྲན་འདི་གཟའ་ཕུར་ལུ་ཡོད་དོ་མས། དེ་འབད་བ་ཅིན་མི་བཏུབ་ནི་མས་བདུན་ཕྲག་གཅིག་ནང་སྒྲིག་ལམ་སློབ་སྟོན་འདི་ཚར་གཉིས་འབད་ནི་སྦེ་བཞག་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི།

དབང་འདུས་འཐུས་མི།

བདུན་ཕྲག་རེ་ལུ་ཚར་གཉིས་སློབ་སྟོན་འབདཝ་ད་ ཀབ་ནེ་དང་རག་ཅུ་ཡོདཔ་ཚར་གཅིག་དང་ མེད་པ་འབད་ཚར་གཅིག་འབད་སྟོན་དགོཔ་འདུག་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

སྒྲིག་ལམ་སློབ་སྟོན་པ་གིས་ ནམ་ར་འབད་རུང་བཀབ་ནེ་དང་རག་ཅུ་རྐྱངམ་ཅིག་ལུ་གཙོ་སྟོན་ནི་མེན་པར་སྒྲིག་ལམ་ལུ་ལུས་ངག་ཡིད་གསུམ་གྱི་སྒྲིག་ལམ་ཡོད་ང་བཅས་ཚུ་གིས་ ཡིད་ཀྱི་སྒྲིག་ལམ་འདི་ཤེས་མི་ཚུགས་ ཨིན་དེ་འབད་རུང་ལུས་ངག་གི་སྒྲིག་ལམ་གཉིས་ལུ་ཁ་ཕྱེ་སྟེ་སྟོན་དགོཔ་འདུག་ཟེར་ཞུ་ཡི།

Page 50: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

46

བཀྲིས་སྒང་འཐུས་མི།

སྒྲིག་ལམ་འབད་ཞིནམ་ལས་ ག་ར་འདི་ནང་ཚུདཔ་ལས་ མི་ཚེ་ནང་ལུ་ཁ་ཆེ་བའི་སྒྲིག་ལམ་འདི་སློབ་སྟོན་དགོ་ཟེར་བཞག་པ་ཅིན་དབྱེ་བ་ཕྱེ་སྟེ་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།

དོན་ཚན་༨པ།

ཚན་རིག་གི་ཆོས་ཚན་འདི་ ཆོས་རྒྱུགས་ཕུལ་བའི་སྐབས་ལུ་ དུས་ཡུན་ཆུ་ཚོད་༡དང་ཕྱེད་ཀ་ལས་ ཡར་སེང་གནང་དགོཔ།

རྩི་རང་འཐུས་མི།

མཚན་རིག་གི་ཆོས་ཚན་འདི་ ཆོས་ཚན་གཞན་དང་འཁྲིལཝ་ད་ཁ་ཆེ་ཤོས་ཅིག་དང་ ལཱ་ཁག་ཤོས་ཅིག་ཨིམ་ལས་ཆོས་རྒྱུགས་རྐྱབ་ད་འབྲིས་ནི་གི་དུས་ཚད་མི་ལང་མས་ མཚན་རིག་གི་ཤེས་ཡོན་འདི་ སྤུད་ཚད་ཅན་འོང་ནིའི་དོན་ལུ་ ཆོས་རརྒྱུགས་རྐྱབ་ད་འབྲི་ནི་གི་དུས་ཚོད་འདི་ཆུ་ཚོད་༡ཕྱེད་ཀ་ལས་ཚུ་ཚོད་༢ལུ་ཡར་སེང་འབད་དགོཔ་འདུག་ཟེར་ཞུ་ཡི།

ཁྲི་འཛིན།

མཚན་རིག་ཆོས་རྒྱུགས་ཀྱི་དུས་ཚོད་ ཆུ་ཚོད་གཅིག་དག་ཕྱེད་ཀ་འདི་ ང་བཅས་འབྲུག་གི་བཟོཝ་མེན་པས་ རྒྱ་གར་གཞུང་གི་བཟོཝ་ཨིན་མས་ ང་བཅས་ན་ལུ་ཡང་ དུས་ཚོད་འདི་ར་ལག་ལེན་འཐབ་དོ་འབྲི་བ་འབད་རུང་ རྒྱ་གར་ལུ་སྲ་ཀྲག་ཡོད་དོ་འོང་ ཁོངས་ར་ལུ་ར་འབྲི་ཚ་བ་ཅིན ་ང་བཅས་ལུ་འབྲི་ཚཝ་ཅིག་མི་འོང་ཤེས་རིག་གཞུང་ལས་འབད་རུང་ ད་ལྟོ་ཚུན་ཚོད་གྱུར་བཅས་ཡང་མའབད་བས་ ང་བཅས་ཡང་འདི་ལས་ལྷབ་སྟེ་འོང་ནི་འདི་གི་ དུས་ཚོད་མ་ལང་པའི་དཀའ་ངལ་ཡང་མ་འཐོན་འདི་ལུ་འདི་འོས་བབས་ཅིག་འདུག་ག་ཟེར་གསུངས་གནང་ཡི། སྤུ་ན་ཁ་འཐུས་མི།

དུས་ཚོད་༡དང་ཕྱེད་ཀ་ལས་༢ལུ་ཡར་སེང་འབད་ནི་འདི་འོས་ཅིག་མི་མཐོང་མས། ག་ཅི་ཟེར་བ་ཅིན་ མཚན་རིག་ཆོས་ཚན་འདི་ཧ་གོ་ཞིནམ་ལས་བཅུད་བཏོན་ཏེ་འབྲི་དགོཔ་མ་ཚད་ དྲི་བའི་ལན་འབད་ས་ཅིགརུང་རིངམོ་འབྲི་དགོཔ་མིན་འདུག་ གཞན་ཡང་ དུས་ཚོད་༡དང་ཕྱེད་ཀ་བཞག་དགོཔ་འདི་ སློབ་རིམ་བཅུ་པ་ལས་༡༡ནང་འགྱོཝ་ད་མཚན་རིག་ནང་བཙག་འཐུ་རྐྱབ་ནིའི་དོན་ཨིནམ་ལས་ དུས་ཚོད་ཡར་སེང་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

ཁྲི་འཛིན་གྱིས་གསུངས་མི་འདི་ མ་བདེནམ་ཅི་མིན་འདུག་ ཨིན་འདི་ར་འབད་རུང་ ཨ་ལོ་རིག་པ་མེད་མི་དབང་དུ་དང་

Page 51: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

47

རང་ཡང་ཨ་ལོ་སྤྱི་ཚོགས་ཀྱི་འཐུ་མི་ཅིག་འབདཝ་ལས་ཨ་ལོའི་དཀའ་ངལ་གསལ་ནིའི་དོན་ལུ་ ཤེས་རིག་ལྷན་ཁང་ལས་ ཁས་ལན་རུང་མ་ལན་རུང་ཚར་གཅིག་གྲོས་གཞི་བཙུགས་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི།

བཀྲིས་སྒང་འཐུས་མི།

མཚན་རིག་གི་ཆོས་རྒྱུགས་ལུ་དཀའ་ངལ་མེད་ དུས་ཚོད་ཡར་སེང་འབད་དགོཔ་མིན་འདུག་ཟེར་ཞུ་ཡི། བཀྲིས་གཡང་རྩེ་འཐུས་མི།

མཚན་རིག་ཆོས་རྒྱུགས་ལུ་ཆུ་ཚོད་༡དང་ཕྱེད་ཀ་ནང་ལུ་འབྲི་མ་ཚ་བའི་དཀའ་ངལ་འདུག་ཆུ་ཚོད་༢་ལུ་ཡར་སེང་འབད་དགོ་སྦེ་ཟེར་ཞུ་ཡི།

སྤ་རོ་འཐུས་མི།

ཧེ་མ་དུས་ཚོད་ཀྱི་བཏུབ་སྦེ་ ཡར་སེང་འབད་དགོཔ་མིན་འདུག་ མཇུག་ལུ་འཐུ་མི་ག་ར་ཞལ་ཆམས་ཏེ་མཚན་རིག་ཆོས་ཚན་གི་ཆོས་རྒྱུགས་ཀྱི་དུས་ཚོད་འདི་ ཆུ་ཚོད་༡དང་ཕྱེད་ཀ་ལས་ཆུ་ཚོད་༢ལུ་ཡར་སེང་འབད་ནིའི་འབད་གྲོས་ཐག་ཆོད་ཅིག།

དོན་མཚན་༩པ།

རྫོང་ཁག་ཆ་ཉམས་ནང་ )Youth Harmony Village) འདྲ་ཉམས་དགོཔ།

བུམ་ཐང་འཐུས་མི།

རྫོང་ཁག་༢༠ནང་ལུ་ )Youth Harmony Village) བཙུགས་དགོཔ་འདི་ ན་གཞོན་མྱོ་རྫས་ལག་ལེན་འཐབ་མི་ལུ་ཕན་ནི་རྐྱངམ་ཅིག་ མེན་པར་ན་གཞོན་གཞན་ལུ་ཡང་ཕན་པ་སྦོམ་འདུག་ཟེར་ཞུ་ཡི།

ཁྲི་འཛིན།

དང་པ་ར་ན་གཞོན་ལྟེ་ཟེར་མི་འདི་ ག་ཅི་བཟུམ་དགོཔ་ཨིན་ན་ ངོས་འཛིན་འབད་དགོཔ་འདུག་ཟེར་གསུངས་གནང་ཡི།

བུམ་ཐང་འཐུས་མི།

ན་གཞོན་ལྟེ་བ་འདི་ སྙན་ཆ་ལྷབ་ནི། ཞབས་ཁྲ་རྐྱབ་ནི། ཞབས་ཁྲ་འཐོན་ནི། པར་འབྲི་ནི། རྩོམ་རྐྱབ་ནི། ལྷག་དེབ་

Page 52: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

48

ལྷག་ཚུ་ཡོདཔ་དགོ་ཟེར་ཞུ་ཡི།

སྤ་རོ་འཐུས་མི།

འདི་བཟུམ་ཡོད་དགོ་པ་ཅིན་ ན་གཞོན་ལྟེ་བ་ཟེར་མི་སླབ་ ན་གཞོན་ལྟེ་བ་ནང་ལུ་ ཅ་ཆས་འདི་ཚུ་མི་ཐོབ་ འདི་བཟུམ་དགོ་པ་ཅིན་ཧར་མཱོ་ནི་ཡུད་ཟེར་མི་འདི་བཙུགས་དགོ་ཟེར་ཞུ་ཡི། མོང་སྒར་འཐུ་མི་གིས་ སྤོ་རོ་འཐུ་མི་གིས་ཞུ་མི་འདི་ལུ་རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

ཧར་མཱོ་ནི་ཡུད་ཟེར་མི་ན་གཞོན་ལྟེ་བ་འདི་བཟུམ་འདི་ གཡུས་མཐའ་ཟུར་ལས་ཕར་ བཙུགས་ནི་གི འོས་བབས་་མི་མཐོང་མས་ དང་པ་འབདཝ་ད་ མཐའ་ཟུར་གི་ན་གཞོན་ཚུ་གི་ ལག་ལེན་འཐབ་མ་ཤེས་པ་རྒྱུ་འཕྲོ་རླགས་འགྱོ་ནི་མས་ ཁྲོམ་ཁ་ལུ་བཙུགས་པ་ཅིན་ལེགས་ཤོམ་འབད་ལག་ལེན་འཐབ་ཤེས རྒྱུ་འཕྲོ་རླགས་མིའགྱོ་། གཉིས་པ་འབད་བ་ཅིན་ གཞན་གྱི་རྒྱལ་ཁབ་བཟུམ་སྦེ་ ང་བཅས་ཀྱི་གཞུང་འདི་དཔལ་འབྱོར་ལང་པའི་རྒྱལ་ཁབ་ཅིག་མེད་ནི་འདི་གི་ བཙུགས་ཚུགས་པ་ལཱ་ཁག་འོང་ དེ་འབདཝ་ལས་ གཡུས་མཐའ་ཟུར་ཚུ་ལུ་བཙུགས་འདི་འོས་བབས་ཅིག་མི་མཐོང་མས་ཟེར་ཞུ་ཡི།

བུམ་ཐང་འཐུས་མི།

གཡུས་སྒོ་ལས་ཕར་བཙུགས་པ་ཅིན་ ཕམ་ཉམས་ཆུང་གི་ཨ་ལོ་ཚུ་ལུ་ཕན་པ་སྦོམ་སྦེ་ར་བཏོག་ནི་མས་ཟེར་ཞུ་ཡི།

ཁྲི་འཛིན།

གཡུས་མཐའ་ཟུར་དང་ ཁྲོམ་ཁར་ཟེར་ཁ་ཕྱེ་ནི་མི་འོང་ ང་བཅས་ག་ར་རྒྱལ་ཡོངས་སྤྱི་མཐུན་གྱི་ཕྱག་ལཱ་གནང་མི་ཨིན། གཙོ་བོ་ར་ན་གཞོན་མང་ཉུང་དང་ཕན་པ་ཆེ་དང་མ་ཆེ་ལུ་བལྟ་སྟེ་ བཙུགས་དགོ་ཟེར་གསུངས་གནང་ཡི།

དབང་འདུས་འཐུས་མི།

དཀའ་ངལ་ལུ་ཡང་བལྟ་དགོཔ་འདུག་ ང་བཅས་ཀྱི་རྒྱལ་ཁབ་འདི་ བུ་ལེན་གྱི་གང་སྟེ་ཡོདཔ་ལས་ མཐའ་ཟུར་ལས་ཕར་ག་དེ་འབད་བཙུགས་ཚུགས་ག་ ཁྲོམ་ཁར་ལུ་བཙུགས་པ་ཅིན་དྲགས་ནི་མས་ ན་གགཞོན་མངམ་འཁོར་ས་འདི་ ཁྲོམ་ཁར་ཨིན་ཟེར་ཟུ་ཡི། ཁྲི་འཛིན་དང་འཐུས་མི་ག་ར་གིས་ཞལ་མཐུན་ཏེ་ ཧར་མཱོ་ནི་ཡུད་ལྟེ་འདི་བཙུགསཔ་ད་ འདི་ནང་དགོ་པའི་ཅ་ཆས་ཚུ་ཚང་སྦེ་ རྫོང་ཁ་ག་ར་ནང་བཙུགས་ནི་འབད་གྲོས་ཆོས་བྱུང་ཡི།

Page 53: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

49

དོན་ཚན་༡༠།

ལྷག་ནི་གི་འདི་ ཨ་རྟ་རང་རྒྱུན་སྐྱོང་འབད་ལྷག་དགོཔ།

དབང་འདུས་མཐུས་མི།

སློབ་ཕྲུག་ཚུ་གིས་ རང་གི་མནོ་བསམ་བཏང་སྟེ་ ལྷག་མི་ མི་འོང་ ལྷག་ནི་འདི་རྒྱུན་སྐྱོང་འབད་བཞགཔ་འདྲཝ་ཅིག་འབད་བ་ཅིན་ ལོ་རེ་ནང་ ལྷག་དེབ་གསུམ་དེ་རེ་འབག་བཙོང་སྟེ་ ལྷག་བཅུག་པ་ཅིན་ སློབ་ཕྲུག་ཚུ་ལུ་ལྷག་དེབ་དེ་ལས་ ཤེས་ཡོན་ག་དེམས་ཐོབ་ཚུགས་ནི་མས་ ཕན་པ་སྦོམ་ར་འདུག་ ལྷག་ནི་འདི་རྒྱུན་སྐྱོང་འབད་བཞག་དགོཔ་འདུག་ཟེར་ཞུ་ཡི་།

ཁྲི་འཛིན།

ལྷག་ནིའི་ལོ་འདི་ལས་འགོ་བཙུགས་ཏེ་ རྒྱུན་སྐྱོང་འབད་དེ་ལྷག་དགོ་ཟེར་ མངའ་བདག་རིན་པོ་ཆེས་ བཀའ་འདི་མ་ཕེབས་ ཨིན་འདི་ར་འབད་རུང་ མངའ་བདག་མཆོག་གིས་ ལྷག་ནི་འདི་ཡོན་ཏན་གྱི་གཞི་ངོ་མ་དང་ ན་གཞོན་ཚུ་ལུ་ཕན་པ་སྦོམ་ཡོདཔ་མཁྱེནམ་ མ་ཚད་བཀའ་དྲིན་བསམ་ལས་འདས་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དགུ་ལོ་དྲུག་ཅུ་འཁོར་བའི་དུས་སྟོན་གྱི་དོན་ལུ་ ལྷག་ནི་གི་ལོ་འདི་རྩིས་སྲུང་གནངམ་ཨིནམ་ ང་བཅས་ག་ར་གིས་ཤེས་དགོཔ་འདི་གལ་ཆེ་ཟེར་གསུངས་གནང་ཡི།

བཀྲིས་གཡང་རྩེ་འཐུས་མི།

ལྷག་ནི་རྒྱུན་སྐྱོང་འདི་ བཞག་དགོཔ་མིན་འདུག ལྷག་ནི་འདི་ཧེ་མ་ལས་ཡོད་ཟེར་ཞུ་ཡི།

བུམ་ཐང་འཐུས་མི།

ལྷག་ནི་གི་རིག་རྩལ་འདི་ རིག་རྩལ་བཞི་ལས་ གཅིག་ལྷག་གི་རིག་རྩལ་འདི་ཨིནམ་ལས་ ལྷག་ནི་རྒྱུན་སྐྱོང་འདི་དགོ་ཟེར་ཞུ་ཡི།

ཐིམ་ཕུ་འཐུས་མི།

ལྷག་ནིའི་ལོ་འདི་ མི་དབང་མངའ་བདག་རིན་པོ་བཞི་པ་མཆོག་གི་ རྩིས་སྲུང་འབད་བཙུགས་གནངམ་ཨིནམ་ལས་ ལྷག་ནི་འདི་རྒྱུན་སྐྱོང་འབད་ར་བཞག་དགོ་འདུག་ཟེར་ཞུ་ཡི།

Page 54: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

50

དབང་འདུས་འཐུས་མི།

བློ་དོགས་པ་བསལ་དགོཔ་འདི་གལ་ཆེ་ ལྷག་ནི་འདི་མི་དབང་མངའ་བདག་རིན་པོ་ཆེ་བཞི་པ་མཆོག་གི་གུས་བཏུད་ཞུ་འབད་ སློབ་ཕྲུག་རྒྱ་ལས་༨༠་དེ་ཅིག་ཕན་གཏོགསཔ་འོང་ ལྷག་འདི་མ་བཞག་པ་ཅིན་ སློབ་ཕྲུག་རྒྱ་ལས་༡༠ཡང་ཕན་པ་མ་བྱུང་འོང་ཟེར་ཞུ་ཡི།

སྤུ་ན་ཁ་འཐུས་མི།

རྒྱུན་སྐྱོང་འབད་ལྷག་ནི་བཞགཔ་ད་ ཧེ་མ་ལས་གཞན་གྱིས་འབྲི་འདི་མེན་པར་ རང་གིས་ལྷག་དེབ་སྐྱར་ཞིབ་འབད་དེ་ ལྷག་པ་ཅིན་དྲག་ནི་མས་ཟེར་ཞུཡི། ཁྲི་འཛིན་དང་འཐུ་མི་ག་ར་ཁ་ཆམས་ཞིནམ་ལས་ ལྷག་ནི་གི་རྒྱུན་སྐྱོང་འདི་བཞག་དགོཔ་ མ་ཚད་ལྷག་དེབ་སྐྱར་ཞིབ་འབད་དེ་ལྷག་དགོཔ་འབད་གྲོས་ཐག་ཆོས་ཅིག།

དོན་ཚན་ ༡༡ པ།

ལྷག་ནི་གི་ལོ་འདི་ ཨ་རྟགས་རང་རྒྱུན་སྐྱོང་འབད་ལྷག་དགོཔ།

དབང་འདུས་ཀྱི་འཐུས་མི།

སློབ་ཕྲུག་ཚུ་ལུ་རྒྱུད་ལུ་ཕན་འཐབ་ཀྱི་དོན་ལུ་ ཨ་རྟགས་རང་ལྷབ་དགོ་པའི་བསམ་འཆར་ཞུ་ཡི།

བཀྲིས་དབྱངས་རྩེ་འཐུས་མི།

སློབ་ཕྲུག་ཚུ་གིས་ལྷག་ཏེ་རང་སྡོད་འོང་ ལོགས་སུ་མ་བཀོད་རུང་བཏུབ་པས་ཟེར་ཞུ་ཡི།

བུམ་ཐང་རྫོང་ཁག་གི་འཐུས་མི།

ལྷག་ནི་ལོ་འདི་ ཨ་རྟག་རང་བཞག་དགོཔ་ཡོད་ ཨ་ལོ་ཚུ་གིས་ ནཱ་ཧིང་གི་ལོ་ལུ་ ལྷག་ནི་ལོ་ཨིནམ་ལས་ ཨ་ལོ་ཚུ་གིས་སྤྲོ་བ་ཐེབས་བསྐྱེདཔ་མས་ཟེར་ཞུ་ཡི།

ཐིམ་ཕུག་འཐུས་མི།

སློབ་ཕྲུག་ཚུ་གིས་ ལྷག་སྡེབ་ ༢ དང ༣ ལྷག་དགོ་པའི་ཞུ་བ་ཕུལ་ཡི།

Page 55: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

51

དབང་འདུས་རྫོང་ཁག་འཐུས་མི།

ང་བཅས་ཀྱི་ ཨ་ལོ་ཚུ་ལུ་ གོ་བརྡ་སྤེལ་ནི་དོན་ལུ་ ལྷག་ནི་འདི་རྒྱུན་སྐྱོང་བཞག་དགོཔ་ཡོད་ འདི་མེན་པ་ཅིན་ སློབ་དཔོན་དང་ ཨ་ལོ་ཚུ་གིས་ ཉམས་བཅུག་ནི་ཉན་ཁག་ཡོདཔ་ལས་ ཨ་རྟག་རང་རྒྱུན་སྐྱོང་འཐབ་དགོ་པའི་ཞུ་བ་ཕུལ་ཡི།

ཁྲི་འཛིན།

ལྷག་ནི་འདི་རིག་རྩལ་བཞི་གྲངས་སུ་ཚུདཔ་ལས་ ལྷག་ནི་རིག་རྩལ་མེན་པ་ཅིན་ རང་གི་རྒྱུད་ལུ་ཡྟོན་ཐོབ་ཚུགས་པའི་ཕན་པ་ཡོད་ཟེར་ཞུ་ཡི།

སྤུངས་ཐང་ཁ་འཐུས་མི།

དབང་འདུས་འཐུས་མི་གི་ཞུ་མི་ལུ་རྒྱབ་སྐྱོར་དང་ སློབ་ཕྲུག་ཚུ་གི་ དྲོ་པ་གསལ་བཤད་བཏང་བའི་སྐབས་ལུ་ རོགས་ཀྱི་བྲིས་མི་འདི་ལྷགཔ་ཨིན་ འདི་མེན་པར་ཀི་སྡེབ་ལྷག་མི་སྐྱར་ཞིབ་འབད་བ་ཅིན་དྲག་ནི་མས་ཟེར་ཞུ་ཡི། ཀི་སྡེབ་ལྷག་ནི་འདི་ ཨ་རྟགས་རང་རྒྱུན་སྐྱོང་འབད་ལྷག་དགོཔ་མ་ཚད་ དྲོ་པ་གསལ་བཤད་བཏང་པའི་སྐབས་ལུ་ ཀི་སྡེབ་ལྷག་མི་འདི་སྐྱར་ཞིབ་འབད་དགོ་པའི་སྐོར་ལས་ འཐུས་མི་ཡོངས་ཀྱི་ཆ་འཇོག་གྲུབ་གནང་ཡི།

དོན་ཚན་ ༢ པ།

རྒྱལ་ཡོངས་ཀྱི་སློབ་གྲྭ་ཆ་ཉམས་ནང་ལུ་སློབ་གྲྭའི་ལམ༌ལུགས༌ཤོ༌མཚུངས༌དགོཔ།

བུམ་ཐང་མཐུས་མི།

ཁྲིམས་འདི་སློབ་གྲྭ་ག་ར་ལུ་འདྲ་མཉམ་སྦེ༌སྐྱེལ༌དགོས༌པའི༌ཞུ༌བ༌ཕུལ༌ཡི།

བཀྲིས༌སྒང༌མཐུས༌མི།

གྲོས༌དོན༌འདི༌ཁ༌རྩ༌གྲོས༌གཞི༌ ༣ ལུ༌དབྱེ༌བ༌ཕྱེ༌དེ༌གྲོས༌བསྡུར༌འབད༌ཡོདཔ༌སྦེ༌ཞུ༌བ༌ཕུལ༌ཡི།

ཁྲིས༌འཛིན།

གྲོས༌གཞི༌འདི༌དང༌པ མགུ༌ཏོག༌གི་སྐྱ༌དང༌ སློབ༌གྲྭའི༌སྒྲིགས་བགོ༌ ཚུལ་མཐུན་དགོཔ། གཉིས་པ་ ཉེས་ཆད་འདྲན་དྲ་སྐེལ་དགོཔ། གསུམ་པ་ སློབ་གྲྭ་ནང་ཨ་ལོའི་འཛུལ་བཞུགས་ ཨ་ལོ་ག་ར་ལུ་དགོ་སྐབས་འདྲ་ཉམས་ཐོབ་དགོཔ།

Page 56: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

52

བསམ་རྩེ་འཐུས་མི།

སྒྲིགས་ཟེར་མི་འདི་མི་སྦོམ་དང་ མི་ཉམས་ཆུང་བར་ཁྱད་པར་མེད་ག་ཟེར་བའི་དོག་པ་ཡང་ཆག་མས་ སློབ་གྲྭ་ལ་ལུ་ནང་ བགོ་དང་དཀྱི་ར་ ཕྱེད་ཀ་འབད་ མགྱོན་པའི་སྲོལ་ཡོདཔ་ལས་ འདི་ཚུ་ག་ར་གཅིག་མཚུངས་འབད་བཟོ་དགོ་པའི་ཞུ་བ་ཕུལ་ཡི། ཧ་གི་འཐུས་མི་གི་རྒྱབ་སྐྱོར་ཕུལ་ཡི།

ཐིམ་ཕུག་གི་འཐུས་མི།

སྟབས་བདེ་མགྱོན་ཆས་འདི་ རྩོད་རིག་དང་ལཱ་འབད་བའི་དུས་ཚོད་ལུ་རྐྱངམ་ཅིག་བགྱོན་ཆོགཔ་བཟོ་དགོ་པའི་ཞུ་བ་ཕུལ་ཡི།

བཀྲ་ིསྒང་འཐུས་མི།

ཐིམ་ཕུག་འཐུས་གི་ཞུ་མི་འདི་ཁྲིམས་གི་འོག་ལུ་ཚུད་ནི་ཨིན་མས་ཟེར་ཞུ་ཡི་ འདི་ལུ་བསམ་རྩེ་གི་འཐུས་མི་གི་ཡང་རྒྱབ་སྐྱོར་ཕུལ་ཡི།

ཁྲི་འཛིན།

སྒྲིགས་ཁྲིམས་ཀྱི་སྲིད་འབྱུས་ནང་ ཀ༽ མགུ་ཏོ་གི་སྐྱ་ ཁ༽ སྒྲིགས་ཀྱི་ལྷ་ ག༽སྒྲིགས་བགོ་ཚུ་ཚུད་དགོཔ་ཨིན།

སྤ་འགྲོ་གི་འཐུས་མི།

ནམ་དགུན་བགོ་གི་ནང་ལས་ བཅིང་དོམ་དང་ཁྱེན་བྱ་ལགཔ་རིང་ཚུ་མགྱོན་སྟེ་ཚུལ་དང་མ་མཐུན་བྱ་སྤྱོད་ངན་པ་འབད་བའི་ཞུ་བ་ཕུལ་ཡི། སྤ་འགྲོ་གི་ཞུ་མི་ སྤུངས་ཐང་ཁ་གི་རྒྱབ་སྐྱོར་ཕུལ་ཡི།

དབང་འདུས་འཐུས་མི།

རྒྱབ་བརྒལ་སྦེ་ཞུ་བ་ཕུལ་མི་ནང་ ནམ་དུས་དང་བསྟུན་པའི་བགོ་ལ་མགྱོན་སྟེ་ རང་གི་གཟུགས་བདག་འཛིན་འབད་དགོཔ་ཁག་ཆེ་ཟེར་ཞུ་ཡི།

ཐིམ་ཕུག་གི་འཐུས་མི།

དབང་འདུས་ཀྱི་འཐུས་མི་ལུ་རྒྱབ་སྐྱོར་ཕུལཝ་ད་ ཅིག་ཁར་ ལ་ལུ་གི་བགོ་ཕྱེད་ཀ་དང་ འཆམ་གྱི་ཕོད་བགོ་བཟུམ་སྦེ་མགྱོན་མི་ཚུ་ཡང་ སྒྲིགས་ལམ་མཐུནམ་སྦེ་མགྱོན་དགོ་པའི་ཞུ་བ་ཕུལ་ཡི།

Page 57: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

53

མཇུག་རང་ཁྲི་འཛིན་གྱིས་ རྒྱལ་ཡོངས་ཀྱི་སློབ་གྲྭ་ཆ་ཉམས་ནང་ མགུ་ཏོ་གུ་སྐྱ། སྒྲིགས་ལྷམ་དང་སྒྲིགས་བགོ་ཚུ་དཔལ་ལྡན་འབྲུག་པའི་ལམ་སྲོལ་ལྟར་ཆ་ཚང་སྦེ་མགྱོན་དགོཔ་འདི་འཐུས་མང་མོས་ཐོག་ལས་གྲོས་ཆོད་འབྱུང་ཡི།ཁྲིམས་ཤོ་མཚུངས། སློབ་གྲྭའི་ཨ་ལོ་འཛུལ་ཞུགས་ཀྱི་ལམ་ལུགས་འདི་ཁྲིམས་ལུགས་དང་འཁྲིལ་ལག་ལེན་འཐབ་དགོ་པའི་ཞུ་བ་ཕུལ་ཡི། ཆང་དང་མྱོས་ཟས་ལག་ལེན་འཐབ་མི་ཨ་ལོ་ཚུ་ལུ་ ཉེ་ཁྲིམས་འདྲ་ཉམས་མེད་པའི་སྐོར་ལས་ཞུ་བ་ཕུལ་ཡི།གསུངས་གྲོས་མང་རབ་གནང་པའི་ཤུལ་ལུ་སློབ་གྲྭའི་སྒྲིགས་ཁྲིམས་སྲིད་འབྱུས་དང་འཁྲིལ་ལག་ལེན་འཐབ་པ་གི་མ་འཐུས་མེདཔ་ལས་ གྲོས་གཞི་འདི་འཐུས་མི་མང་མོས་ཐོག་ལས་ཕྱིར་མྱུང་མཛད་གནང་ཡི།སྤྱིར་བཏང་ཚུལ་མིན་གྱི་བགོ་བརྩོང་མི་ཚུ་གི་ ང་བཅས་རའི་ལམ་སྲོལ་དང་ངོ་རྟགས་ལུ་གནོད་ཉེན་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་བརྩོང་མ་ཆོག་པའི་བཀའ་རྒྱ་གནང་དགོ་པའི་ཞུ་བ་ འཐུས་མི་མང་མོས་ཀྱི་ཐོག་ལས་གྲོས་ཆོད་ཕུལ་གནང་ཡི

Page 58: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

54

Page 59: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

55

སྤྱི་ལོ་༢༠༡༥ ལོའི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་དང་པའི་ཚོགས་

ཐེངས་དང་པའི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ལྷན་ཞུགས་ཀྱི་

མཛད་རིམ་དང་གྲོས་ཆོད།

Page 60: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

56

སྤྱི་ཚེས་༧-༡-༢༠༡༦

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱིས་ ཚོགས་ཁང་སོ་སོའི་ནང་ གྲོས་གཞི་ཐོག་གྲོས་བསྡུར་གནང་བའི་ལྷན་ཞུགས་འཚོགས་རིམ་ཟིན་ཐོ།

ཚོགས་དཔོན་གྱིས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ལྷན་ཞུགས་འགོ་བཙུགས་གནངམ་དང་འབྲེལ་ ཚོགས་སྡེའི་ཁྲི་འཛིན་ལས་ བཀོད་ཁྱབ་ཚོགས་ཆུང་གི་དམིགས་བསལ་ཞལ་འཛོམས་ཀྱི་ བཅུད་དོན་སྙན་ཞུ་ཅིག་ ཚོགས་དམངས་ལུ་ ཞུ་དགོ་པའི་བཀོད་ཁྱབ་འབད་ཡི།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་གྱིས་ སྤྱི་ཚེས་ སྤྱི་ཚེས་༦-༡-༢༠༡༦ ལུ་ བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་འཚོགས་དགོཔ་བྱུང་བའི་སྙན་ཞུ་དང་ ཞལ་འཛོམས་ཀྱི་བཅུད་དོན་གསོལ་ཞུ་ཚུ་ ཚོགས་དམངས་ལུ་ཞུ་ཡི།

ཁྲི་འཛིན་གྱི་སྙན་ཞུའི་ནང་ འབྲེལ་ཡོད་ཚོགས་ཁང་ནང་ལས་ ཆ་འཇོག་གྲུབ་པའི་གྲོས་གཞི་གི་གྲོས་ཆོད་ཚུ་ལུ་ བཀོད་ཁྱབ་ཚོགས་ཆུང་གི་དམིགས་བསལ་ཞལ་འཛོམས་ཐོག་ བསྐྱར་ཞིབ་འབད་དེ་ཡོད་པའི་ སྙན་ཞུ་ཕུལ་ཡི།

བཀོད་ཁྱབ་ཚོགས་ཆུང་གི་འཐུས་མི་སྙན་ཞུ།

༡. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན།༢. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན།༣. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་འོག་མ།༤. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོག་མ།༥. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་ར་དི་_སག་སྟེང་འཐུས་མི།༦. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་དགྲ་མེད་རྩེ་_སྔ་ཚང་འཐུས་མི།༧. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་ལམ་གོང་_ཝང་ལྕང་འཐུས་མི།༨. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་ཐིམ་ཕུག་རྫོང་ཁག་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི།༩. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་སྤ་རོ་རྫོང་ཁག་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་ཐོག་ལས་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ ཁག་༢༣ དང་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་གྲོས་ཆོད་ཁག་༡༣ ཡོད་མི་ཚུ་ལུ་ བསྐྱར་འབད་ཡི། བསྐྱར་ཞིབ་སྐབས་ལུ་ གནད་དོན་དབྱེ་བ་ཁག་ལྔ་ལུ་བྱུང་ཡོད་པའི་སྙན་ཞུ་ཕུལ་ཡོད་མི་ནང་

Page 61: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

57

༡. ཚོགས་ཁང་གཉིས་ཆ་རའི་གྲོས་ཆོད་ལ་ལུ་ གནད་དོན་ཤོག་མཚུངས་ཡོད་མི་ཚུ་ ཚིག་དོན་བསྐྱར་སྒྲིག་འབད་དེ་ མོས་མཐུན་བྱུང་མི།

༢. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་གྲོས་ཆོད་ལ་ལུ་ བཀོད་ཁྱབ་ཚོགས་ཆུང་ནང་ མོས་མཐུན་བྱུང་མ་ཚུགས་མི། ༣. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ལ་ལུ་ བཀོད་ཁྱབ་ཚོགས་ཆུང་ནང་ མོས་མཐུན་བྱུང་མ་ཚུགས་མི།

༤. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ཀྱི་དོན་ཚན་ལ་ལུ་ གནད་དོན་ཤོ་མཚུངས་ཡོད་མི་ གཅིག་བསྡོམས་འབད་དགོཔ།

༥. འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་གསུམ་གྱི་རྒྱབ་ཁུངས་ སྒྲིང་སྒྲིང་མེད་པར་ ཕྱིར་བཏོན་འབད་ཡོདཔ།

དང་པ་ གནད་དོན་ཤོག་མཚུངས་ལུ་ ཚིག་དོན་ཁ་སྐོང་རེ་རྐྱབ་སྟེ་ མོས་མཐུན་བྱུང་ཡོད་པའི་སྙན་ཞུ་ནང་

༡. རྒྱལ་ཡོངས་ཚོགས་སྡེའི་གྲོས་གཞི་དོན་ཚན་༢ པའི་གྲོས་ཆོད་ “ཨ་ལོ་སློབ་གྲྭ་ནང་བཙུགསཔ་ད་ གཞུང་གི་སློབ་གྲྭ་དང་ སྒེར་གྱི་སློབ་གྲྭ་ ཁྲོམ་དང་གཡུས་སྒོ་ཆ་ཉམས་ནང་ ལམ་ལུགས་ཤོ་མཚུངས་སྦེ་ སྐྱེས་ལོ་ ༥ ལུ་མར་ཕབ་གནང་ཏེ་ ལག་ལེན་འཐབ་དགོ་པའི་གྲོས་ཆོད་གྲུབ” ཟེར་མི་དང་ རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་༡ པའི་གྲོས་ཆོད་ “བློ་གསར་སློབ་རིམ་ནང་འཛུལ་ཞུགས་ཀྱི་ལོ་ཚད་འདི་ སྐྱེས་ལོ་༥ ལུ་ མར་ཕབ་འབད་དགོཔ་ལུ་ ཆ་འཇོག་གྲུབ་” ཟེར་མི་ལུ་ “ཚིག་དོན་བསྐྱར་སྒྲིག་འདི་ སློབ་ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་འཛུལ་ཞུགས་ཀྱི་ལོ་ཚད་འདི་ ད་ལས་ཕར་ སྐྱེས་ལོ་༦ ལས་ ༥ ལུ་ མར་ཕབ་འབད་དགོཔ་དང་ གལ་སྲིད་ འདི་ལུ་ འོས་འབབ་མེད་པ་ཅིན་ སྐྱེས་ལོ་༦ འདི་ གཞུང་དང་སྒེར་གྱི་སློབ་གྲྭ་ཆ་མཉམ་ནང་ལུ་ ཤོག་མཚུངས་འབད་དགོཔ། ཟེར་བཀོད་དེ་ ཆ་འཇོག་གྲུབ་ཅི།

༢. རྒྱལ་ཡོངས་ཚོགས་སྡེའི་གྲོས་གཞི་དོན་ཚན་ ༡ པའི་གྲོས་ཆོད་ “མཐོ་རིམ་སློབ་གྲྭ་ནང་ལུ་ རྫོང་ཁའི་ཆོས་ཚན་འདི་ དགོ་ནི་འབད་གྲོས་ཐག་ཆོད་” ཟེར་མི་དང་ རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་ ༢ པའི་གྲོས་ཆོད་ “རྫོང་ཁའི་ཆོས་ཚན་འདི་ ཡན་ལག་ཆོས་ཚན་སྦེ་མ་བཞག་པར་ རྩ་བའི་ཆོས་ཚན་ལུ་བཟོ་དགོཔ་ཆ་འཇོག་གྲུབ་ཅི།” ཟེར་མི་ལུ་ ཚིག་དོན་བསྐྱར་སྒྲིག་འདི་ རྫོང་ཁའི་ཆོས་ཚན་འདི་ སློབ་རིམ་བློ་གསར་ལས་ འབྲིང་རིམ་གོང་མ་ཚུན་ རྩ་བའི་ཆོས་ཚན་འབད་ལྷབ་ནི་ཡོདཔ་མ་ཚད་ རིག་གཞུང་མིན་པའི་མཐོ་རིམ་སློབ་གྲྭ་ཚུ་ནང་ལུ་ ལོ་ངོ་གསུམ་པ་ཚུན་ལྷབ་དགོ་ཟེར་བཀོད་དེ་ ཆ་འཇོག་གྲུབ་ཅི།

༣. རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་༤ པ་ “ན་གཞོན་ལ་ལུ་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད༌པར༌ ཡོན་ཏན་སྦྱང་ནི་ལུ་དཀའ་ངལ་ཡོདཔ།” ཟེར་མི་དང་ གྲོས་གཞི་དོན་ཚན་ ༧ པ་ “སློབ་གྲྭ་ལྟེ་བ་འདི་ རྒྱལ་ཁབ་ཀྱི་ས་གནས་མཐའ་ཟུར་ཚུ་ནང་ གཞི་བཙུགས་འབད་དགོཔ།” ཟེར་མི་གྲོས་ཆོད་གཉིས་ གཅིག་བསྡོམས་འབད་དགོ་པའི་གྲོས་ཆོད་གྲུབ་ཅི།

༤. རྒྱལ་ཡོང་ཚོགས་སྡེ་ནང་ གྲོས་གཞི་གསརཔ་བྱུང་མི་གི་གྲོས་ཆོད་ “ན་གཞོན་ཨ་ལོ་ཚུ་ ཆང་དང་མྱོས་ཟས་ལུ་ ལངས་ཤོར་ཐལ་མི་ཚུ་ལུ་འཐབ་ལམ་ ཀ༽ གཅིག་ཕན་ ཕན་བདེ་ཚོགས་པ་ རྫོང་ཁག་ག་ར་ནང་བཙུགས་དགོཔ།ཁ༽ ན་གཞོན་དང་ཁྲིམས་སྲུང་གི་ཆ་རོགས་ (PYP) བཅའ་མར་གཏོགས་ནི་གོ་སྐབས་ནང་ སློབ་དབུ་

Page 62: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

58

འཛིན་གྱིས་ ཨ་ལོ་མྱོས་ཟས་ལག་ལེན་འཐབ་མི་ཚུ་གདམ་འཐུ་འབད་དགོཔ།ང༽ རྫོང་ཁག་ཆ་ཉམས་ནང་ མི་ཚེས་བསྐྱར་གསོ་ལྟེ་བ་ གཞི་བཙུགས་འབད་དགོཔ།ཅ༽ རྫོང་ཁག་ཆ་ཉམས་ནང་ རྩེད་རིག་གི་མཐུན་རྐྱེན་ འདྲ་ཉམས་བཙུགས་དགོ་པའི་གྲོས་ཆོད་འབྱུང་ཡི།

ཟེར་མི་དང་རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་༤༩ པའི་གྲོས་ཆོད་ “ན་གཞོན་ཕན་སྡེ་ལྟེ་བ་དང་ བསླབ་སྟོན་པ་ཡར་སེང་འབད་དགོཔ་ལུ་ཆ་འཇོག་གྲུབ། ཟེར་མི་ལུ་ ཚིག་དོན་བསྐྱར་སྒྲིག་འདི་ “ཆང་དང་སྨྱོ་རྫས་ལ་སོགས་པ་ལུ་ ལང་ཤོར་ཐལ་ཡོདཔ་ལས་ བསླབ་སོྟན་པའི་ མཐུན་ཚན་ཡར་སེང་འབད་དགོཔ་མ་ཚད་ རྫོང་ཁག་རེ་རེ་ནང་ལུ་ ན་གཞོན་བསྐྱར་གསོ་ལྟེ་བ་རེ་ཡང་ གཞི་བཙུགས་གནང་དགོཔ་དང་ རྫོང་ཁག་རེ་ནང་ རྩེད་རིག་གི་མཐུན་རྐྱེན་གང་མང་གནང་དགོཔ་མ་ཚད་ ན་གཞོན་ ཆང་དང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ འབྲེལ་ཡོད་སླབ་དཔོན་ཚུ་གིས་ ངོས་འཛིན་འབད་དེ་ ཁྲིམས་སྲུང་དང་ ན་གཞོན་གྱི་མཐུན་འབྲེལ་ (PYP) ཟེར་བའི་ལས་རིམ་ནང་ བཅའ་མར་གཏོགས་བཅུག་དགོཔ་འདུག། དེ་མ་ཚད་ རྫོང་ཁག་ག་ར་ནང་ སྤྱི་ཕན་ ཕན་སྡེ་ཚོགས་པ་གཞི་བཙུགས་གནང་དགོཔ་འདུག།” ཟེར་མི་ལུ་ ཆ་འཇོག་གྲུབ་ཅི།

༥. རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་༨ པ་ སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་ཚུ་ བཙུགས་མ་ཆོགཔ། ཟེར་མི་གི་གྲོས་ཆོད་ “སློབ་གྲྭའི་ཉེ་འདབ་ལུ་ ཚོང་ཁང་བཙུགས་ཆོག་ནི་དང་ འདི་ནང་ཆང་ལ་སོགས་པ་ཚུ་ བཙོང་མ་ཆོགཔ་” ལུ་ཆ་འཇོག་གྲུབ་ཅི།” ཟེར་མི་འདི་ “སློབ་གྲྭའི་ཉེ་འདབ་ལུ་ཡོད་པའི་ཚོང་ཁང་ཚུ་ནང་ ཆང་དང་སྨྱོ་རྫས་ཀྱི་རིགས་ བཙོང་མ་ཆོག་པའི་ལམ་ལུགས་ཧེ་མ་ལས་ཡོད་མི་འདི་ འབྲེལ་ཡོད་འགན་འཛིན་པ་ཚུ་གིས་ དབྱེ་ཞིབ་མཛད་གནང་དགོཔ” ཟེར་ཆ་འཇོག་གྲུབ་ཅི།

༦. རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་ ༥ པ་ སློབ་ཕྲུག་ན་གཞོན་བུམོ་ལ་ལུ་ ལོ་ན་ཆུང་ཀུའི་བསྒང་ལས་ གཉེན་རྐྱབ་པའི་དཀའ་ངལ་གྱི་གྲོས་ཆོད་འདི་ གོ་བ་བརྡ་སྤྲོད་འབད་དགོཔ་ཟེར་མི་འདི་ གྲོས་གཞི་དོན་ཚན་༥༢ པ་ ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་ལེགས་ཤོམ་མ་ཐོབ་པའི་དཀའ་ངལ་གྱི་གྲོས་ཆོད་འདི་ གསོ་བའི་ཁ་ཐུག་ལས་ཡང་ ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་སྤེལ་དགོཔ་དང་ ཕ་མའི་བསླབ་བྱ་ཚུ་ བྱིན་དགོཔ་ ཟེར་མི་གཉིས་གཅིག་བསྡོམས་འབད་དགོ་པའི་གྲོས་ཆོད་གྲུབ།

༧. རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་དོན་ཚན་ ༡༣ པ་ སློབ་གྲྭ་ཁག་ཚུ་ནང་ མཐུན་རྐྱེན་ཚུ་ ལངམ་སྦེ་གནང་དགོཔ། གྲོས་གཞི་དོན་ཚན་༣༣ པ་ སློབ་རིམ་༡༢ པ་ཚུ་གི་དོན་ལས་ གློག་རིག་ཀམ་པུའུ་ཀྲར་ ལངམ་མེད་པའི་དཀའ་ངལ་ཡོདཔ། གྲོས་གཞི་དོན་ཚན་ ༤༣ པ་ སློབ་གྲྭ་ཁག་ཚུ་ནང་ ཚན་རིག་གི་མཐུན་རྐྱེན་ཅ་ཆས་ཚུ་ ལངམ་མིན་འདུག། ཟེར་མི་གི་གྲོས་ཆོད་ གཅིག་བསྡོམས་འབད་དགོ་པའི་གྲོས་ཆོད་གྲུབ།

༨. རྒྱལ་ཡོངས་ཚོགས་སྡེའི་གྲོས་གཞི་དོན་ཚན་ ༤ པའི་གྲོས་ཆོད་ ཤེས་རིག་ལྷན་ཁག་དང་ ལཱ་གཡོག་ལྷན་ཁག་གཉིས་ གྲོས་བསྟུན་མཛད་དེ་ ཕམ་ཉམས་ཆུང་གི་ཨ་ལོ་ཚུ་གི་དོན་ལུ་ གནས་སྐབས་ཀྱི་ལཱ་གཡོག་གནང་དགོ་པའི་གྲོས་འཆར་འབྱུང་ཡི། ཟེར་མི་དང་ རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་ ༣༨ པའི་གྲོས་ཆོད་ སློབ་གྲྭའི་ངལ་གསོ་ གནམ་བྱར་དང་དགུན་གྱི་སྐབས་ལུ་ སློབ་ཕྲུག་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར་ཚུ་ ལེ་ཤ་འབད་འགོ་འདྲེན་འཐབ་དགོཔ། ཟེར་མི་ལུ་ ཚིག་དོན་བསྐྱར་སྒྲིག་འདི་ “སློབ་གྲྭའི་ངལ་གསོ་སྐབས་ སློབ་ཕྲུག་ཚུ་གིས་ ཤེས་རིག་ལྷན་ཁག་དང་འབྲེལ་ཡོད་ལྷན་ཁག་ཚུ་གིས་ གནས་སྐབས་ཀྱི་ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་དགོཔ།” ཟེར་ཆ་འཇོག་གྲུབ།

Page 63: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

59

༩. རྒྱལ་ཡོངས་ཚོགས་སྡེའི་གྲོས་གཞི་དོན་ཚན་༥ པའི་གྲོས་ཆོད་ “སློབ་གྲྭ་ཚུ་ནང་ སློབ་རིམ་ ༧ པ་ལས་ཡར་སྟབས་ཡོད་མི་ཚུ་ལུ ཚོང་ལཱ་དང་འབྲེལ་བའི་ ཚོགས་ཕྲན་བཙུགས་གནང་དགོ་པའི་གྲོས་ཆོད་འབྱུང་ཡི། ཟེར་མི་དང་ རྒྱལ་ཡོངས་ཚོགས་འདུའི་གྲོས་གཞི་དོན་ཚན་༥༡ པའི་གྲོས་ཆོད་ ཤེས་ཡོན་དང་ ལཱ་གཡོག་གི་བར་ན་ རྟགས་མཐུན་མ་ཚུགས་པའི་དཀའ་ངལ་འདི་ལུ་ བསྐྱར་ཞིབ་འབད་དགོཔ་ཡོདཔ་ལུ་ ཆ་འཇོག་གྲུབ་ཅི། ཟེར་མི་འདི་ལུ་ ཚིག་དོན་བསྐྱར་སྒྲིག་འདི་ “ཤེས་ཡོན་ཁ་སྐོང་དང་ལཱ་གཡོག་བར་ན་ རྟགས་མཐུན་མ་ཚུགསཔ་ལས་ ཆོས་ཚན་རྐྱངམ་ཅིག་ལུ་ གཙོ་བོ་སྟོན་ནི་མེན་པར་ སློབ་རིམ་༧ པ་ཡན་ཆད་ལུ་ ཚོང་འབྲེལ་དང་འབྲེལ་བའི་ ཚོགས་ཕྲན་གཞི་བཙུགས་གནང་དགོཔ།” ཟེར་བཀོད་དེ་ཆ་འཇོག་གྲུབ་ཅི། ཟེར་བའི་སྙན་ཞུ་ཕུལ་ཡི།

གཉིས་པ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་ནང་ མོས་མཐུན་བྱུང་མ་ཚུགས་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་གྲོས་ཆོད་ལུ་ སྤྱི་ཚོགས་ལྷན་ཞུགས་ཀྱི་གྲོས་བསྡུར་གྲོས་ཆོད།

ཚོགས་དཔོན་གྱིས་ བཀོད་ཁྱབ་ཚོགས་ཆུང་གི་གསུང་གྲོས་གནང་བའི་ རྒྱལ་ཡོངས་ཚོགས་སྡེའི་གྲོས་གཞི་ ༥ དེ་ལུ་ མོས་མཐུན་བྱུང་ཚར་ཏེ་ཡོདཔ་ལས་ ལོག་སྟེ་གསུངས་གྲོས་མི་གནང་དགོཔ་མི་དེ་ཡང་ གནད་དོན་འདི་ཚུ་ལུ་ བཀོད་ཁྱབ་ཚོགས་ཆུང་གིས་ གསུང་གྲོས་མ་བཏུབ་བཏུབ་འབད་གནང་སྟེ་ མོས་མཐུན་བྱུང་ཚར་ཚརཝ་ཨིནམ་ལས་ ན་ལས་མར་ མོས་མཐུན་བྱུང་མ་ཚུགས་པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ཚན་ལྷག་ལུས་ ༨ དང་ རྒྱལ་ཡོངས་ཚོགས་འདུའི་དོན་ཚན་ ༥ ལུ་ གསུང་གྲོས་གནང་ནི་ཟེར་གསུངས་ཡི།

༡. གྲོས་གཞི་གི་དོན་ཚན་༢ པ་ བགོ་དང་དཀྱི་ར་ ཆ་ཚང་དང་ཚུལ་མཐུན་འབད་དགོཔ།

ཚོགས་སྡེའི་ཁྲི་འཛིན་གྱི་ གྲོས་གཞི་འདི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ བརྩོད་བསྡུར་སྦོམ་འབད་དེ་ ཆ་འཇོག་གྲུབ་ཡོདཔ་ལས་ འདི་གི་དོན་ལུ་ རྒྱབ་ཁུངས་དང་འདྲཝ་སྦེ་ སྤྱི་ཚོགས་ལྷན་ཞུགས་ནང་ལུ་ འདི་གི་རྒྱབ་ཁུངས་བཟུམ་ཅིག་སྦེ་ཞུ་ནི་ཨིན་ཟེར་ཞུ་ཡི། འདི་ཡང་ སློབ་གྲྭ་ལ་ལུ་ཅིག་ནང་ལུ་ སློབ་ཕྲུག་ཚུ་གིས་ མགོ་ཏོ་ཁར་ སྐྱ་རིངམ་དང་ ལ་ལུ་ནང་སྐྱ་བཏོག་གི་འཕྲུལ་ཆ་གིས་ མགོ་ཏོ་ཁའི་སྐྱ་འདི་ གདམ་མེད་ས་མེད་ འཐུང་ཀུ་འབད་རང་བཞག་ནི་ཡོདཔ་ལས་ ལམ་ལུགས་འདི་ཤོ་སྙོམ་ཏོག་ཏོ་ཅིག་མེདཔ་ལས་ ཚུལ་མཐུན་ཅིག་བཟོ་དགོཔ་ཡོདཔ་ལུ་བརྟེན་ཨིན་ཟེར་ཞུ་ཡི། འདི་བཟུམ་འབད་ བགོ་དང་སྐྱི་ར་ཡང་ ཕྱད་ཀ་འབད་བཟོ་སྟེ་བགྱོནམ་ལས་ འདི་བཟུམ་མའི་ལམ་ལམ་འདི་གིས་ མ་འོངས་པའི་ན་གཞོན་ཚུ་གིས་ ང་བཅས་རའི་ལམ་སྲོལ་འདི་རང་ དེ་བཟུམ་ཅིག་ཨིནམ་འོང་ནི་མས་ཟེར་བའི་ མནོ་ལུགས་ལུ་འགྱུར་ནི་ཉེན་ཁང་འདུག་ཟེར་ཞུ་ཡི། འདི་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་ མ་འོངས་པའི་རང་དབང་རང་བཙན་འདི་ལུ་ཡང་ མཐོ་སྦོམ་འབད་རང་མི་ཕོག་ག་ མནོ་བའི་ཚ་འགྱང་ཡོདཔ་ལས་བརྟེན་ཨིན་ཟེར་ཞུ་ཡི། དེ་གིས་མ་ཚད་ སློབ་གྲྭ་ནང་གི་སློབ་ཕྲུག་གསརཔ་འཛུལ་འབད་བའི་སྐབས་ སློབ་དཔོན་ལ་ལུ་ཅིག་གི་ ཁོང་རང་གི་ཉེ་འཁོར་དང་ འཆམ་མཐུནམ་ཨིན་པ་ཅིན་ སློབ་ཕྲུག་དེ་ བྱ་སྤྱོད་ལག་འཁྱེར་ལེགས་ཤོམ་མེད་དེ་འབད་རུང་ འཛུལ་ཞུགས་ཚོགས་ཆུང་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་བཙུགས་དོ་ཡོདཔ་ལས་ ད་ལས་ཕར་ ལམ་ལུགས་ཤོ་མཚུངས་བཟོ་དགོཔ་འདི་ ཁག་ཆེ་བས་ཟེར་ཞུ་ཡི།

Page 64: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

60

འབུམ་སྡེ་གླིང་འཇམ་མཁར་འཐུས་མི།

སྐྱ་གི་རིང་ཚད་ཐད་ཁར་ལྷོདཔ་དང་ སློབ་གྲྭ་ཆེ་བ་ཚུན་ཚོད་རྐྱངམ་ཅིག་ཨིན་ན་ ཡང་ཅིན་ ལམ་ལུགས་འདི་ རྒྱལ་ཁབ་ནང་གི་མཐོ་རིམ་སློབ་གྲྭ་ཚུ་གིས་ཡང་ གནས་དགོཔ་ཨིན་ན་ ཁ་གསལ་ཅིག་མིན་འདུག་ཟེར་ཞུ་ཡི།

ཨ་ཐང་_ཐད་འཚོ།

སློབ་གྲྭ་ཁག་ནང་གི་སློབ་ཕྲུག་ཚུ་གིས་ སྐྱ་བཞག་ཐངས་ཀྱི་རིང་ཚད་འདི་ སྒེར་གྱི་སློབ་གྲྭ་དང་ གཞུང་གི་སློབ་གྲྭའི་སློབ་ཕྲུག་ཚུའི་བར་ན་ ཁྱད་པར་སྦོམ་ཞུགས་ཏེ་ཡོད་ཟེར་ཞུ་ཡི། འདི་ཡང་ སྒེར་གི་སློབ་གྲྭ་ཚུ་ནང་གི་སློབ་ཕྲུག་ཚུ་གིས་ ཁོ་རང་སྒེར་གྱི་ཐོག་ལུ་འབད་ནི་དེ་གིས་ སྐྱ་གི་རིང་ཚད་བཞག་དགོཔ་འདི་ལུ་ རྩ་ལས་རང་གནས་མི་བཏུབ་འོང་ཟེར་ཞུ་ཡི།བྱ་སྤྱོད་ལག་འཁྱེར་གི་ཐད་ཁར་ལྷོདཔ་དང་ ལེགས་ཤོམ་ཅིག་འབད་རང་ བརྟག་དཔྱད་འབད་དགོཔ་ཡོདཔ་ལས་ སློབ་དབུ་འཛིན་ཚུ་གིས་ བྱ་སྤྱོད་ལག་འཁྱེར་ཚུ་ ལེགས་ཤོམ་མེད་དེ་འབད་རུང་ སློབ་ཕྲུག་ཚུ་ ཁོང་རང་གི་སློབ་གྲྭ་ནང་འཛུལ་ཞུགས་འབད་བཅུག་མས་ཟེར་ཞུ་ཡི།

ལམ་གོང་_ཝང་ཅང་།

སྐྱའི་རིང་ཚད་དང་ སྒེར་དང་གཞུང་གི་སློབ་གྲྭའི་སློབ་ཕྲུག་ཚུའི་བར་ནང་ ཁྱད་པར་འཐོན་དགོཔ་མེད་ཟེར་ཞུ་ཡི་ ག་ཅི་འབད་ཟེར་བ་ཅིན་ སློབ་གྲྭ་ག་སྟེ་རང་འབད་རུང་ རྒྱལ་ཁབ་གཅིག་ནང་འབདཝ་ལས་ ལམ་ལུགས་གཅིག་ལུ་གནས་དགོཔ་དང་ སློབ་ཕྲུག་ཚུའི་བྱ་སྤྱོད་ལག་འཁྱེར་འདི་ཡང་ རང་སོའི་མཐུན་ལམ་དང་འཁྲིལ་ཏེ་ འབད་དོ་ཡོདཔ་ལས་ སློབ་ཕྲུག་གསརཔ་གནས་སོར་འོངམ་དང་ སློབ་ཕྲུག་དེ་གི་ བྱ་སྤྱོད་ལག་འཁྱེར་འདི་ལུ་ བརྟག་ཞིབ་ལེགས་ཤོམ་འབད་རང་འབད་དགོཔ་འདུག་ཟེར་ཞུ་ཡི།

ངང་ལམ་མཐུས་མི།

སྐྱ་གི་རིང་ཚད་གི་ཚད་གཞི་འདི་ལུ་ འབྲུག་གི་ཨ་ལོའི་ཨ་ལོའི་སྤྱི་ཚོགས་ནང་ལས་ མཐོ་རིམ་སློབ་གྲྭ་དང་ སྦྱོང་བརྡར་སྤེལ་ཁང་གི་སྦྱོང་བརྡར་པ་ཚུ་ལུ་ ཁྲིམས་ལུགས་བཟོ་དོ་བཟུམ་འགྱོ་དོ་ཡོདཔ་ལས་ འོས་འབབ་ཅིག་མི་མཐོང་མས་ཟེར་ཨིནམ་དང་ གྱོན་ཆས་བགོ་དང་དཀྱི་ར་ ཆ་ཚང་དང་ཚུལ་མཐུན་འབད་དགོཔ་དང་ སློབ་གྲྭ་ནང་སློབ་ཕྲུག་གནས་སོར་གསརཔ་འཛུལ་ཞུགས་འབད་བའི་སྐབས་ སློབ་ཕྲུག་འདི་གི་བྱ་སྤྱོད་ལག་འཁྱེར་འདི་ ལེགས་ཤོམ་དབྱེ་ཞིབ་མཛད་དགོཔ་དེ་འབདནི་ རྒྱབ་སྐྱོར་ཕུལ་ཚུགས་པས་ཟེར་ཞུ་ཡི། འདི་ལུ་ཚོགས་དཔོན་གྱིས་ དོན་ཚན་འདི་ ཆ་འཇོག་གི་དོན་ལུ་ འཐུས་མི་ཚུ་ལུ་ ལགཔ་ཡར་འཐུ་བཅུག་པའི་སྐབས་ འཐུས་མི་མང་མོས་ཐོག་ལུ་ གྲོས་ཆོད་འདི་ ཤེས་རིག་ལྷན་ཁག་ལུ་ཕུལ་དགོ་པའི་ མོས་མཐུན་བྱུང་ཡི།

Page 65: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

61

༢. གྲོས་གཞི་དོན་ཚན་ ༦ པ།

ཐིམ་ཕུག་ཚོགས་སྡེ་མཐུས་མི།

འབྲུག་གི་ཨ་ལོའི་སྤྱི་ཚོགས་གྱི་མཐུས་མི་ཚུ་ ཟླཝ་གཉིས་ཀྱི་བར་ནང་ཚར་རེ་ (video conference) ཐོག་མཛོམས་དགོཔ་དང་ གདོང་སྡེབ་(facebook page) དང་(WeChat)ཐོག་ དུས་རྒྱུན་གཞུང་འབྲེལ་དུ་ ཕྱེད་དགོ་པའི་ལས་རིམ་འདི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་གི་མཐུས་མི་ཚུ་ དེ་ལས་ དམངས་གཙོའི་སྡེ་འཕྲིན་འགོ་འདྲེན་པ་ཚུ་དང་ བཙག་འཐུ་ལྷན་ཚོགས་ཀྱི་བར་ན་ འབྲེལ་བ་འཐབ་ནི་ལུ་ ཕན་ཐོགས་སྦོམ་བྱུང་ནི་ཨིན་པས་ཟེར་ཞུ་ཡི།

འཁྲི་འཛིན་འོག་མ།

(video conference) གི་ལས་རིམ་འདི་ ཟླ་ངོ་གཉིས་ཀྱི་བར་ནང་ ཚར་རེ་འགོ་འདྲེན་འཐབ་ནི་དང་ འདི་ཡང་ གནང་བ་ག་དེ་འབད་གྲུབ་ཚུགས་ག་མི་ཤེས་ནི་ཨིནམ་ཚད་ (facebook page) དང་ (WeChat) དེ་གིས་ ང་བཅས་རང་མཐུས་མི་ཚུ་གི་བར་ནང་ འབྲེལ་བ་འཐབ་ཚུགསཔ་བཟོ་ནི་གི་དོན་ལས་ཨིནམ་ལས་ གནད་དོན་འདི་ འོས་འབབ་དང་ལེན་གྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ལུ་ གྲོས་འདེབས་ཕུལ་ནི་ལུ་ མོས་མཐུན་བྱུང་ཡི།

༣. གྲོས་གཞི་དོན་ཚན་ ༨ པ། འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་ ལོག་འགྱོ་སྐབས་ འབད་དགོ་པའི་འགན་ཁུར།

ཁྲི་འཛིན།

གྲོས་གཞི་འདི་ ང་ར་གིས་ཕུལཝ་ལས་བརྟེན་ གྲོས་གཞི་འདི་གི་རྒྱབ་ཁུངས་བཀོད་དགོཔ་འདི་ ང་རའི་འགན་འཁུར་ཨིན་ཟེར་ཞུ་ཡི། འདི་ཡང་ང་བཅས་མཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་འགྱོ་ཞིནམ་ལས་ ང་བཅས་རའི་འགན་འཁུར་འདི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ གནང་བ་ཞུ་སྟེ་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་འགོ་འདྲེན་ཐོག་ལུ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་མཐུས་མི་དང་ རྫོང་ཁག་འདི་ཁའི་ སློབ་གྲྭའི་ཡོངས་ཀྱི་ཡོངས་དཔོན་དང་ དམངས་གཙོའི་སྡེ་ཕྲན་གྱི་འགོ་འདྲེན་པ་ག་ར་ བཙག་འཐུ་དང་འབྲེལ་བའི་བྱ་སྒོའི་རིམ་པའི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་ ཡོངས་དཔོན་ཚུ་ལས་ གྲོས་ཞིབ་བསྡུ་ལེན་འབད་ནིའི་དོན་ལུ་ ཞལ་འཛོམས་འཚོགས་དགོཔ་འདུག་ཟེར་ཞུ་ཡི། གནད་དོན་འདི་ འཐུས་མི་མང་མོས་ཐོག་ལས་ བཙག་འཐུ་ལྷན་ཚོགས་ལས་གནང་བ་དང་ ལམ་སྟོན་ཚུ་ཞུ་ནིའི་དོན་ལུ་ གྲོས་འདེབས་འབད་ ཕུལ་ནི་ལུ་མོས་མཐུན་བྱུང་ཡི།

༤ གྲོས་གཞི་དོན་ཚན་ ༩ པ། སློབ་གྲྭ་ནང་ སྒྲིགས་ལམ་རྣམ་གཞག་སློབ་སྟོན་འབད་དགོཔ།

དབང་འདུས་ཕོ་བྲང་གི་ཚོགས་སྡེ་འཐུས་མི།སྒྲིགས་ལམ་རྣམ་གཞག་གི་སློབ་སྟོན་འདི་ སློབ་གྲྭ་ཁག་ལས་ཕར་ སྡེ་ཕྲན་གྱི་སྒོ་ལས་སློབ་སྟོན་འབད་སྲོལ་ཡོད་རུང་

Page 66: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

62

འདི་གིས་སློབ་ཕྲུག་ག་ར་ལུ་ ཁྱབ་མ་ཚུགསཔ་ལས་ སློབ་ཕྲུག་ག་ར་ལུ་ བདུན་ཕྲག་རེ་ལུ་ ཐུན་ཚན་ ༢ རེ་བཏོན་ཏེ་ སློབ་སྟོན་འབད་དགོཔ་འདུག་ཟེར་ཞུ་ཡི།

ར་དི་_སག་སྟེང་།

དབང་འདུས་ཕོ་བྲང་གི་འཐུས་མི་གིས་ཞུ་མི་ལུ་ རྒྱབ་སྐྱོར་ཡོདཔ་དང་ ཨིན་རུང་ ཐུན་ཚན་འདི་ ཚར་གཉིས་མིན་པར་ ཚར་གཅིག་གིས་བཏུབ་པས་ཟེར་ཞུ་ཡི།

ཨ་ཐང་_ཐད་ཚོ།

གནད་དོན་དེ་ སློབ་གྲྭ་ཆུང་བའི་གནས་སྟངས་ལུ་གཞི་བཞག་སྟེ་འབདཝ་ལས་ བདུན་ཕྲག་རེ་ལུ་ ཚར་གཉིས་མེན་པར་ ཚར་གཅིག་གིས་རང་བཏུབ་པས་ཟེར་ཞུ་ཡི། སློབ་གྲྭ་སྦོམ་ཚུ་ནང་ཨིན་པ་ཅིན་ དུས་ཚོད་མ་ལངས་པའི་དཀའ་ངལ་ལས་བརྟེན་ ཟུར་ཐེབ་ཀྱི་སློབ་སྟོན་ཚུ་ཡང་འབད་དེ་ཡོད་ཟེར་ཞུ་ཡི། སྤ་རོ་རྫོང་ཁག་གི་ཚོགས་སྡེའི་འཐུས་མི།

སྒྲིགས་ལམ་སློབ་སྟོན་འདི་ བདུན་ཕྲག་རེ་ལུ་ སློབ་སྟོན་ཚར་ ༢ འདི་དགོཔ་ཡོད་ཟེར་ཞུ་ཡི། སྒྲིགས་ལམ་སློབ་སྟོན་འདི་ཡང་ བཀབ་ནེ་བཀབ་ཐངས་གཅིག་ལུ་བརྩོན་ནི་མེན་པར་ གཞན་བཟའ་བཅའ་འགྲོ་གསུམ་ ས་ལོགས་པའི་ ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་འདི་ཚུ་ཡང་སློབ་སྟོན་འབད་དགོཔ་ལས་ དུས་ཚོད་ཀྱིས་མ་ལངས་པའི་དཀའ་ངལ་མ་པ་ལས་རང་མེད་ཟེར་ཞུ་ཡི།

བདེ་བ་ཐང་_སྒོམ་དར།

སྒྲིགས་ལམ་གྱི་སློབ་སྟོན་འདི་ གཙོ་བོ་རང་ རང་གི་སེམས་ཤུགས་ཡོདཔ་མེདཔ་ལུ་རགཔ་ལས། རང་ལུ་སེམས་ཤུགས་མེད་པ་ཅིན་ བདུན་ཕྲག་རེ་ལུ་ ཚར་གཉིས་གཉིས་དེ་རེ་ སློབ་སྟོན་འབད་རུང་ རང་གིས་ཤེས་མི་ཚུགས་ཟེར་ཞུ་ཡི།

ཨོ་རྒྱན་_འོད་གསལ་རྩེ།

སློབ་གྲྭ་ཁག་ལ་ལུ་ནང་ གཟའ་པ་སངས་ཀྱི་ཚེ་ སྒྲིགས་ལམ་རྣམ་གཞག་གི་སློབ་སྟོན་འབདཝ་ཨིན། འདི་ནང་ལུ་ བཀབ་ནེ་དང་ ར་ཅུ་བཀབ་ཐངས་རྐྱངམ་ཅིག་མེན་པར་ གཞན་ བཟའ་བཅའ་འགྲོ་གསུམ་ལ་སོགས་པ་ཚུ་ཡང་ སློབ་སྟོན་འབད་དགོཔ་འདུག་ཟེར་ཞུ་ཡི།

ཁྲི་འཛིན།བདུན་ཕྲག་རེ་ལུ་ སྒྲིགས་ལམ་གྱི་སློབ་སྟོན་འདི་ བདུན་ཕྲག་རེ་ལུ་ ཚར་གཉིས་དེ་རེ་དགོཔ་སྦེ་ཞུ་ཡི། སློབ་སྟོན་འདི་

Page 67: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

63

དུས་ཡུན་ཆུ་ཚོད་ ཕྱེད་ལས་བརྒལ་འབད་ནི་མེདཔ་ལས་ དུས་ཚོད་མ་ལངས་པའི་དཀའ་ངལ་མེད་ཟེར་ཞུ་ཡི། ཆོས་རྒྱུགས་རན་པའི་བསྒང་ལསནི་ སློབ་སྟོན་གཞན་གྱི་ལྭ་ག་ར་ བཀོག་བཞག་སྟེ་ ཆོས་རྒྱུགས་ལུ་གཙོ་བོ་སྟོན་ནི་ཡོད་ཟེར་ཞུ་ཡི།

མོང་སྒར་རྫོང་ཁག་གི་ཚོགས་སྡེའི་འཐུས་མི།

མོང་སྒར་འབྲིང་རིམ་སློབ་གྲྭ་བར་མ་ནང་ཨིན་པ་ཅིན་ བདུན་ཕྲག་རེ་ལུ་ སློབ་སྟོན་སྐར་མ་ ༤༠ གི་རིང་འབད་ནི་ཡོདཔ་དང་ བཀབ་ནེ་བཀབ་ཐངས་རྐྱངམ་ཅིན་མེན་པར་ གཞན་བཟའ་བཅའ་འགྲོ་གསུམ་གྱི་རིགས་ཡང་ལྷབ་ནི་ཡོད་ཟེར་ཞུ་ཡི། ནི་འབད་ནི་འདི་གིས་ བདུན་ཕྲག་རེ་ལུ་ ཚར་གཅིག་གིས་བཏུབ་པས་ཟེར་ཞུ་ཡི།

ར་དི་_སག་སྟེང་།

སློབ་གྲྭ་ནང་ལུ་ ལས་གཞན་སྡེ་ཕྲན་དང་ མཐུན་ལ་སོགས་པ་ལེ་ཤ་ཡོདཔ་ལས་ དུས་ཚོད་ཀྱི་མ་ལངས་པའི་དཀའ་ངལ་འདི་ངོ་མ་ར་ སློབ་ཕྲུག་སྒེར་པ་ཚུ་ལུ་བྱུང་འོང་ཟེར་ཞུ་ཡི། ནི་འབད་ནི་འདི་གིས་ བདུན་ཕྲག་རེ་ལུ་ ཚར་གཅིག་གི་བཏུབ་པས་ཟེར་ཞུ་ཡི།

གཞལམ་སྒང་རྫོང་ཁག་གི་ཚོགས་སྡེ།

བདུན་ཕྲག་རེ་ལུ་ ཚར་གཉིས་སློབ་སོྟན་འབད་མ་ཚུགས་པའི་དཀའ་ངལ་མི་འཐོན། ག་ཅི་འབད་ཟེར་བ་ཅིན་ སློབ་ཕྲུག་ཚུ་གིས་ དུས་ཚོད་ གནམ་མེད་ས་མེད་འཕྲོ་བརླག་བཏངམ་ཨིན་ཟེར་ཞུ་ཡི། འདི་ལུ་ཚོགས་དཔོན་གྱིས་ མང་མོས་ཀྱི་སྒོ་ལས་ ལགཔ་སེང་བཅུགཔ་དང་ བདུན་ཕྲག་རེ་ལུ་ སློབ་སྟོན་ཚར་གཉིས་དགོ་ཟེར་བའི་རྒྱབ་སྐྱོར་མངམ་ལས་ འདི་ལུ་གྲོས་ཆོད་གྲུབ་ཅི།

༥ གྲོས་གཞི་དོན་ཚན་ ༡༠ པ། སློབ་རིམ་༩ པ་དང་ ༡༠ ནང་ལུ་ ཚན་རིག་ཆོས་ཚན་གྱི་ཆོས་རྒྱུགས་དུས་ཡུན་དེ་ གཅིག་དང་ཕྱེད་ལས་ ༢ ལུ་ ཡར་སེང་འབད་དགོཔ།

ཨ་ཐང་_ཐད་འཚོ།

སློབ་རིམ་ ༩ པ་དང་ ༡༠ པའི་ཚན་རིག་ཆོས་ཚན་གྱི་ཆོས་རྒྱུགས་དུས་ཡུན་ཡར་སེང་གི་བསྐོར་ལས་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ལུ་འབྲེལ་བ་འཐབ་པའི་སྐབས་ དུས་ཡུན་དང་བསྟུན་པའི་དྲི་བ་ཡོདཔ་མ་ཚད་ དྲི་བ་ཡང་ མང་ཤོས་རང་ ལན་ཐུང་ཀུ་སྦེ་འབྲི་དགོཔ་ཡོད་ཟེར་སླབ་པའི་གནས་ཚུལ་ཞུ་ཡི།

རྩི་རང་རྫོང་ཁག་ཚོགས་སྡེའི་འཐུས་མི།དུས་ཡུན་འདི་ ཉུང་དྲགཔ་ལས་ འབྲི་ནིའི་རིག་རྩལ་མེད་པའི་སློབ་ཕྲུག་ཚུ་ལུ་ དཀའ་ངལ་སྦོམ་འཐོན་དོ་ཡོདཔ་ལས་

Page 68: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

64

སློབ་ཕྲུག་ཚུ་གིས་ ཆོས་ཚན་འདི་ལུ་ སྤྲོ་བ་མ་བསྐྱེད་མི་དེ་རང་ གནད་དོན་འདི་ལས་བརྟེན་འོང་ནི་བཟུམ་འདུག་ཟེར་ཞུ་ཡི།

སྨན་སྦི་_བཙན་མཁར།

ཆོས་ཚན་འདི་གི་ཆོས་རྒྱུགས་དུས་ཡུན་འདི་ ད་ལྟོ་གི་དུས་ཚོད་འདི་རང་ བཏུབ་པས་ཟེར་ཞུ་ཡི།

ལམ་གོང་_ཝང་ཅང་།

ཆོས་ཚན་འདི་ནང་གི་ཆ་རོགས་གཞན་ཚུ་ལུ་འདྲི་བལྟ་བའི་སྐབས་ ཆོས་རྒྱུགས་འདི་གི་དུས་ཡུན་ནང་ལུ་ ལན་ཚུ་འབྲི་ཚར་ནི་ལུ་ དཀའ་ངལ་མིན་པའི་སྐོར་ལས་སླབ་དོ་ཟེར་ཞུ་ཡི།

སྤ་རོ་གི་ཚོགས་སྡེའི་འཐུས་མི།

དུས་ཚོད་ཐུང་སུ་འབད་བཟོ་མི་འདི་རང་ སློབ་རིམ་ ༡༡ པ་ནང་ལུ་ སློབ་ཕྲུག་དྲག་པའི་ནང་ལས་དྲགཔ་ཚུ་ འཐུ་ནི་གིས་དོན་ལུ་ བཞག་བཞགཔ་འོང་ཟེར་ཞུ་ཡི།

ཨ་ཐང་_ཐད་ཚོ།

འབྲུག་ཆོས་རྒྱུགས་བཀོད་ཚོགས་ཀྱིས་ དྲི་བ་བཟོཝ་ད་རང་ དུས་ཡུན་དང་འཁྲིལ་བཟོ་དོ་ཡོདཔ་ལས་ ཡར་སེང་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།

ཐིམ་ཕུག་གི་ཚོགས་སྡེའི་འཐུས་མི།

གནད་དོན་འདི་ ཤེས་རིག་ལྷན་ཁག་ལུ་ཕུལ་ཏེ་ འོས་འབབ་ཀྱི་གཟིགས་ཞིབ་མཛད་དེ་ གལ་སྲིད་ངེས་བདེན་ཨིན་པ་ཅིན་ འགྱུར་བཅོས་བཟོ་གནང་དགོཔ་ལུ་ གྲོས་འདེབས་ཕུལ་རུང་ མ་བཏུབ་མིན་འདུག་ཟེར་ཞུ་ཡི།

སྒང་ཟུར་_སྨིན་རྒྱས།

དུས་ཡུན་འདི་ འབྲི་ནི་གི་དོན་ལུ་ ལངམ་སྦེ་ཐོབ་ལས་ ཡར་སེང་གི་དོན་ལུ་ གྲོས་བསྡུར་འབད་དགོཔ་ ག་ནི་ཡང་མེད་ཟེར་ཞུ་ཡི།གནད་དོན་འདི་ལུ་ གྲོས་ཐག་ཆོད་ནིའི་དོན་ལས་ འཐུས་མི་ཚུ་ལུ་ལགཔ་ཡར་སེང་ཐོག་ མང་མོས་བལྟ་བའི་སྐབས་ འབྲེལ་ཡོད་དབང་འཛིན་ལུ་ གྲོས་འབུལ་ཕུལ་ནི་ལུ་ མོས་མཐུན་བྱུང་ཡི།

Page 69: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

65

༦ གྲོས་གཞི་དོན་ཚན་ ༡༡ པ།

རྫོང་ཁག་ག་ར་ནང་ ན་གཞོན་ལུ་རིག་རྩལ་འབྱིན་ཚུགས་པའི་ མཐུན་རྐྱེན་ཆ་ཚང་ཡོད་པའི་ Youth Harmony Village རེ་གཞི་བཙུགས་འབད་དགོ།

ཨོ་རྒྱན་རྩེ་འོད་གསལ་རྩེ་འཐུས་མི།

སློབ་ཕྲུག་འདི་ཚུ་ གནམ་དགུན་གྱི་སྐབས་ལུ་ ལཱ་ངན་གྱིའབྲེལ་བ་མ་ཕབ་ཀྱི་དོན་ལུ་ ལས་རིམ་ཁག་མ་འདྲཝ་ལེ་ཤ་འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཞུ་ཡི།

བདེ་བ་ཐང་སྒོམ་དར་གྱི་འཐུས་མི།

གོང་གི་འཐུས་མི་གིས་ཞུ་མི་ལུ་ རྒྱབ་སྐྱོར་ཡོད་རུང་ Youth Harmony Village ་འདི་གི་ཐད་ དོགས་པ་ཡོད་ཟེར་ཞུ་ཡི།

སྤ་རོ་ཚོགས་སྡེའི་འཐུས་མི

Youth Harmony Village དང་ སྤྱིར་བཏང་གི་ Golden Youth Camp དང་འབྲེལ་ཡོད་ལས་རིམ་eཞན་ཡོད་མི་དང་མི་འདྲ་ཟེར་ཞུ་ཡི། ག་ཁྱབ་ཟེར་བ་ཅིན་ ན་གཞོན་གྲོང་ཁྱེར་ ན་ཐིམ་ཕུག་ལུ་དཔྱེ་བཞག་པ་ཅིན་ ན་གཞོན་ལུ་མཁོ་བའི་ མཐུན་རྐྱེན་ག་ར་ཚངམ་འབད་འདུག་ཟེར་ཞུ་ཡི། དཔེ་མཛོད་ཁང་ རྩེད་ཐང་ སྙན་ཆ་ག་ར་ ཚངམ་འབད་ཡོདཔ་ལས་ ལས་རིམ་གཞན་དང་མི་འདྲ་ཟེར་ སེལ་ཏེ་ཞུ་ཡི།

ཨ་ཐང་ཐད་ཚོ་འཐུས་མི།

རྒྱབ་སྐྱོར་འབད་ ནི་བཟུམ་གྱི་འཐུན་རྒྱེན་ཚང་བའི་ན་གཞོན་གྲོང་ཁྱེར་ གཞི་ཙུག་འབད་དགོཔ་འདུག་ཟེར་ཞུ་ཡི།

ནུབ་སྦི་བསྟང་སི་སྦི་གི་འཐུས་མི།

ཨ་ཐང་ཐད་ཚོ་གི་འཐུས་མི་གིས་ཞུ་མི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

ཐིམ་ཕུག་ཚོགས་སྡེ་གི་འཐུས་མི།

ན་གཞོན་ཚུ་ལུ་ གོ་སྐབས་འདྲ་མཉམ་ཐོབ་ནི་གི་དོན་ལུ་ གཞི་བཙུགས་འབད་དགོ་པའི་རྒྱབ་སྐྱོར་གྱི་ཞུ་བ་ཕུལ་ཡི།

Page 70: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

66

མོང་སྒར་ཚོགས་སྡེའི་འཐུས་མི།

ན་གཞོན་གྲོང་ཁྱེར་འདི་ རྫོང་ཁག་རེ་རེ་ནང་ རེ་རེ་གཞི་བཙུགས་འབད་ནི་མེན་པར་ ལུང་ཕྱོགས་ནང་ རེ་རེ་བཙུགས་རུང་ཡང་བཏུབ་འབད་ཟེར་ཞུ་ཡི། འདི་གི་གཞུང་གི་ཟད་གྲོ་མར་ཕབ་འབད་ནི་ལུ་ཡང་ཕན་ཐོག་ཟེར་ཞུ་ཡི།

ར་དི་སག་སྟེང་གི་འཐུས་མི།

རྫོང་ཁག་རེ་རེ་ནང་གཞི་བཙུགས་འབད་ད་པ་ཅིན་ ན་གཞོན་ལག་ལེན་འཐབ་མི་འོང་ག་མི་འོང་ག་སླབ་མི་ཤེས་ནི་ཨིནམ་ལས་ ཧེ་མ་རང་ ལུང་ཕྱོགས་རེ་ནང་རེ་རེ་བཙུགས་ཞིན་ན་ འགོར་ལས་འབད་ བལྟ་ཞིན་ན་ རྫོང་ཁག་རེ་རེ་ནང་བཙུགས་རུང་བཏུབ་པས་ཟེར་ཞུ་ཡི།

ཐིམ་ཕུ་གི་ཚོགས་སྡེ་འཐུས་མི།

ན་གཞོན་གྲོང་ཁྱེར་འདི་ རྫོང་ཁག་རེ་རེ་ནང་ ངེས་པར་དུ་དགོཔ་སྦེ་ཞུ་ཡི། མི་དབང་ཡབ་སྲས་ཀྱི་དགོངས་གཏད་འདི་ཡང་ ན་གཞོན་ཚུ་ལུ་ཨིནམ་ལས་ འདི་གི་ ན་གཞོན་ཚུ་ལུ་ ལ་ངན་ལས་བཀག་ཐབས་ཀྱི་ཕན་པ་ཡོད་ཟེར་ཞུ་ཡི། ཟད་གྲོ་ལུ་མ་ལྟ་བ་ འདི་གི་ཕན་ཐོགས་ལུ་བལྟ་དགོཔ་ཡོད་ཟེར་ཞུ་ཡི།

༧ ལྷག་ནི་གི་ལོ་འདི་ ད་ལས་ཕར་ཡང་ རྒྱུན་སྐྱོང་འབད་དགོཔ་དང་ སློབ་ཕྲུག་ཚུ་གི་དྲོ་པ་ཕུལ་བའི་གསལ་བཤད་ཀྱི་ཚབ་ལུ་ ཀི་དེབ་བསྐྱར་ཞིབ་འབད་བཅུག་དགོ་པའི་སྐོར།

ལྷ་མོའི་རྫིང་ཁ་གི་འཐུས་མི།

ལྷག་ནི་འདི་གི་ གནམ་མེད་ས་མེད་ཕན་ཐོགས་ཡོདཔ་ལས་ ལོ་དེ་ ད་ལས་ཕར་ཡང་བཞག་དགོཔ་འདུག་ཟེར་ཞུ་ཡི།

མནྜལ་སྒང་གི་འཐུས་མི།

ལྷག་ནི་འདི་གིས་ ཨ་ལོའ་རིག་པ་ལུ་ ཕན་པ་ཡོདཔ་ལས་ རྒྱུན་དུ་དགོཔ་འདུག་ཟེར་ཞུ་ཡི།

དཀར་སྦྱི་རྟ་ལོ་གི་འཐུས་མི།

ལྷག་ནང་གི་ལས་རིམ་འདི་ གནམ་མེད་ས་མེད་ཕན་ཐོག་ཅན་ཅིག་ཨིན་རུང་ ལས་རིམ་དེ་ཚུ་ རྒྱལ་ཡོངས་ཀྱི་སློབ་གྲྭ་ག་ར་ནང་ གཅིག་མཚུངས་འབད་དགོཔ་འདུག་ཟེར་ཞུ་ཡི།

Page 71: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

67

འདི་ལུ་ སྒང་ཟུར་སྨིན་རྒྱས་འཐུས་མི། འོད་གསལ་རྩེ་གི་འཐུས་མི། ར་དི་སག་སྟེང་གི་འཐུས་མི། ཚོགས་སྡེ་གི་ཁྲི་འཛིན་ཡོངས་ཀྱིས་ རྒྱབ་སྐྱོར་ཡོད་པའི་གྲོས་འདེབ་ སློབ་གྲྭ་ནང་ ཀི་དེབ་ལྷག་ནི་འདི་ སྲི་འབྱུས་དང་བཅསཔ་སྦེ་དགོཔ་འདུག་ཟེར་ཞུ་ཡི།

ཚོགས་དཔོན་འོག་མ་གིས་ གནད་དོན་འདི་ལུ་རྒྱབ་སྐྱོར་ཧྲིལ་བུ་ཕུལ་མི་ཚུགས་པས་ཟེར་ཞུ་ཡི། སློབ་གྲྭ་ནང་ལུ་རྒྱུན་སྐྱོང་མི་འོང་ནི་བཟུམ་མཐོངམ་ལས་ འདི་ལུ་ག་དེ་སྦེ་འོང་ག་དབྱེ་ཞིབ་འབད་དགོ་ནི་བཟུམ་མཐོང་མས་ཟེར་ཞུ་ཡི།

ལྷོ་ ཐིམ་ཕུག་གི་འཐུས་མི་གིས་ ལྷག་ནི་འདི་ ཡྟོན་ཀུན་གྱི་གཞི་ཟེར་དོ་བཟུམ་ ཀི་དེབ་ལྷག་ཞིནམ་ལས་སྐྱར་ཞིབ་འབད་དེ་གསལ་བཤད་འབད་ནི་རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་ཞུ་ཡི།

སྨན་སྦིས་ བཙན་མཁར་འཐུས་མི་གིས་ ལྷག་ནི་རིག་རྩལ་ཁག་ཆེཝ་མ་ཚད་ཕན་པ་ཡང་སྦོམ་ཡོད་ཟེར་ཞུ་ཡི།དབང་འདུས་ཚོགས་སྡེ་འཐུས་མི་གིས་ སློབ་གྲྭ་ཚུ་ནང་ ད་ལྟོ་ཚུན་ཚོད་ ཀི་དེབ་སྐྱར་ཞིབ་འབད་དེ་ གསལ་བཤད་འབད་མི་ག་ཡང་མ་འཐོང་། ཀི་དེབ་སྐྱར་ཞིབ་འབད་མི་གི་གཞན་ལུ་ཡྟོན་སྤེལ་ཚུགས་པའི་ཕན་པ་སྦོམ་འོང་ནི་མས་ཟེར་ཞུ་ཡི།བསམ་རྩེ་ཚོགས་སྡེ་འཐུས་མི་གིས་ ཀི་སྡེབ་ལྷག་ཞིནམ་ལས་སྐྱར་ཞིབ་འབད་མི་འདི་གིས་རང་གི་རྒྱུད་ལུ་ཕན་པ་ཡོདཔ་མ་ཚད་ གཞན་ལུ་ཡང་ཕན་པ་སྦོམ་འོང་ཟེར་ཞུ་ཡི།

སྤ་འགྲོ་འཐུས་མི་གིས་ གསལ་བཤད་འབད་མི་འདི་རང་ རང་གི་རྒྱུད་ལུ་ ཡྟོན་དང་བློ་སྤོབས་ཐོབ་ནི་ཨིནམ་ལས་ སློབ་ཕྲུག་ཚུ་གི་ ནང་པ་གསལ་བཤད་འབད་ནི་ཟེར་བའི་བསྒང་ལས་ དཔེ་མཛོད་ཁང་ནང་འགྱོ་ཞིམ་ལས་ དུས་སྡེབ་དང་ དཔེ་སྡེམ་ལ་སོགས་ཚུ་མེདཔ་བཏང་མས་ཟེར་ཞུ་ཡི།

ཚོགས་དཔོན་གྱིས་ གོང་གི་གནད་དོན་གུར་ རྒྱབ་འགལ་ཞུ་མི་ག་ཡང་མེདཔ་ལས་ འདི་ལུ་རྒྱབ་སྐྱོར་ཡོད་པ་ཅིན་ ཕྱག་ཡར་འཐུ་ཟེར་བའི་སྐབས་ལུ་ འཐུས་བརྒྱ་ཆ་ ༩༠ དེ་ཅིག་གི་རྒྱབ་སྐྱོར་ཡོདཔ་ལས་ ལྷག་ནི་ལོ་འདི་ ད་ལས་ཕར་ཡང་རྒྱུན་སྐྱོང་འབད་དགོཔ་དང་ སློབ་ཕྲུག་ཚུ་གིས་དྲོ་པ་ཨ་རྟག་རང་གསལ་བཤད་འབད་སྲོལ་ཡོད་འདི་ཚབ་ལུ་ཀི་སྡེབ་སྐྱར་ཞིབ་དགོ་པའི་གྲོས་ཆོད་གྲུབ།

༨ གྲོས་གཞི་ ༡༢ པ།

བཀྲིས་ཆོས་གླིང་འཐུས་མི་གིས་ ད་རེས་ནང་པར་ ན་གཞོན་བུམ་ཚུ་གིས་ དཀྱི་ར་འདི་ ཇག་མ་བཟུམ་མགྱོན་སྲོལ་འདུག་ རྒྱུ་མཚན་དེ་འབདཝ་ང་གི་རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

ཧ གི་ཚོགས་སྡེ་འཐུས་མི་གིས་ ང་རང་ཡང་བུམ་ཅིག་ཨིན་རུང་ གྲོས་གཞི་ཕུལ་མི་ཡང་ ང་རང་ཨིན་ཟེར་ཞུ་ཡི་ ད་རེས་ནང་པ་དཀྱི་ར་དཀྱིས་བའི་སྐབས་ལུ་ ཀོ་མ་ལ་སོགས་པ་བཀོད་སྲོལ་མེདཔ་ལས་ འཛམ་གླིང་ནང་ སེམས་ཅན་སྟག་ཡེལ་འགྱོ་དོ་བཟུབ་ འབྲུག་པའི་ཁྱད་ཆོས་ལམ་ལུགས་བཟང་པོ་ཚུ་མར་ཉམས་འགྱོ་ནི་ཉན་ཁག་འདུ་ཟེར་ཞུ་ཡི།

Page 72: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

68

བསམ་རྩེ་ཚོགས་སྡེ་འཐུས་མི་གིས་ འདི་ལུ་རྒྱབ་སྐྱོར་ཡོདཔ་མ་ཚད་ ཤུལ་ལས་ང་བཅས་ཚུ་གིས་མ་འོང་པ་ལུ་རང་གི་ཨ་ལོ་ཚུ་ལུ་ རང་གི་ལས་སྲོལ་འདི་ཨིན་ཟེར་བཏོན་ནི་ཡང་མི་འོང་མས་ཟེར་ཞུ་ཡི།

བསྒང་ཟུར་ སྨན་སྦིས་འཐུས་མི་གིས་ སློབ་ཕྲུག་ཚུ་གི་དོན་ལས་ཁྲིམས་ལུགས་ལོགས་སུ་གསརཔ་བརྩམས་པ་ཅིན་མི་དྲག་ག་ཟེར་ཞུ་ཡི།

ཐིམ་ཕུག་ཚོགས་སྡེ་འཐུས་མི་གིས་ ལོ་རྒྱུ་དོན་གྱིས་མ་བཤད་ན། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཟེར་དོ་བཟུམ་ ང་སློབ་གྲྭ་གི་སྒྲིགས་གོ་ཉོ་བར་འགྱོཝ་དང་ གྲ་གྲིག་སྦེ་བརྩེམས་ཡོད་པའི་གོ་དགོ་ནི་ཨིན་ན་ཟེར་འདྲི་བ་བཀོད་དེ། རྒྱུ་མཚན་འདི་འབད་ནི་འདི་གིས་་ཤུལ་ལས་་ང་བཅས་ཀྱི་ གོ་དང་དཀྱི་ར་གི་ བཟོ་བཀོད་སབྱང་ནི་གི་ཉེན་ཁ་འདུག་ཟེར་ཞུ་ཡི།

ལམ་གོང་ཝང་ཅང་།

གོ་ལ་བཙོང་ནི་རྐྱངམ་ཅིན་ལུ་ བཀག་ཆ་འབད་ནི་མེན་པར་ ལག་ལེན་འཐབ་མི་ཚུ་ཡང་ དབྱེ་དཔྱད་འབད་བ་ཅིན་མི་འདྲ་ག་ཟེར་ཞུ་ཡི།

ཨ་ཐང་ཐད་ཚོ།

བགོ་དང་དཀྱི་ར་འདི་ ཕྱི་རྒྱལ་རྒྱ་གར་ལས་ནང་འདྲེན་འབད་དོ་ཡོདཔ་ལས་ འདི་ལུ་ཡང་བལྟ་དགོཔ་ཅིག་ཡོད་ཟེར་ཞུ་ཡི། འབྲུག་ནང་འཁོད་ལས་ཐོན་པའི་བགོ་དང་དཀྱི་ར་གི་རིགས་དེ་ཙུ་ གནམ་མེད་ས་མེད་གོང་ཐོ་དྲགཔ་ལས་ ནང་འྡརེན་འབད་དགོ་པའི་རྒྱུ་གཅིག་འདི་འོང་ཟེར་ཞུ་ཡི།

ཁྲི་འཛིན།

བགོ་དང་དཀྱི་ར་ནང་འདྲེན་འབད་བའི་སྐབས་ གྲ་དུམ་སྦེ་ནང་འདྲེན་འབད་ཞིན་ན་ བཙེམ་ནི་འདི་་འབྲུག་ནང་འཁོད་ནང་ མང་ཤོས་འབྲུགཔ་གིས་བཙེམ་ནི་ཡོད་ཟེར་ཞུ་ཡི། ཨིན་རུང་ བཟོ་བཀོད་སྦྱང་ནི་གི་ཉེན་ཁ་ཡོདཔ་ལས་ ཉོ་བཙོང་འཐབ་མི་ག་ར་ལུ་ཕོག་ནི་ཨིནམ་ལས་ འདི་ལུ་ སློབ་ཕྲུག་རྐྱངམ་ཅིག་ཧེན་པར་ འབྲུག་མི་ག་ར་ ཟེར་ རྗོད་ཚིག་དེ་སོར་དགོ་པའི་གྲོས་འདེབ་ཕུལ་ཡི།འདི་ལུ་ མན་བི་བཙན་ཁར་གྱིས་ རྒྱབ་སྐྱོར་ཡོད་པའི་གུར་ གཙོབོ་ར་ རོགས་བཙོང་མི་ཚུ་གིས་ ཁོ་བསང་ལུ་བལྟ་སྟེ་ ག་དེ་འབད་ཡང་བཙོང་ནི་ཨིནམ་ལས་ ཉོ་མི་འདི་ལུ་ རག་ལས་ཟེར་ཞུ་ཡི།

སྤ་རོ།

ཚུལ་ལྡན་མེད་པའི་གོ་ལ་བཙེམ་མི་འདི་ ག་ར་ འཚེམས་རྐྱབ་མི་ཨིནམ་ལས་ ཁོང་ལུ་ཡང་ འགན་འཁུར་དང་འགན་ཁྲི་བཀོད་དགོཔ་འདུག་ཟེར་ཞུ་ཡི།

Page 73: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

69

གསུམ་པ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་ནང་ མོས་མཐུན་བྱུང་མ་ཚུགས་པའི་འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ལུ་ སྤྱི་ཚོགས་ལྷན་ཞུགས་ཀྱི་གྲོས་བསྡུར་ཟིན་བྲིས།

ཚོགས་དཔོན་གྱིས་ བཀོད་ཁྱབ་ཚོགས་ཆུང་གིས་བསྐྱར་ཞིབ་འབད་བའི་སྐབས་ མོས་མཐུན་བྱུང་མ་ཚུགས་པའི་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོངས་འདུའི་གྲོས་ཆོད་འདི་ དོན་ཚན་ཁག་ ༦ ཐོན་ཏེ་ཡོད་མི་ཚུ་གི་གྲལ་ལས་

༡. གྲོས་གཞི་དོན་ཚན་ ༡༨ པ། སྤྱིར་བཏང་གི་སློབ་དཔོན་མ་བཏང་པར་ ཆོས་ཚན་གྱི་མཁས་རིག་སློབ་དཔོན་བཏང་དགོཔ།

རྡོ་ཕུག་ཅན་-རྟ་ལྡིང།

སློབ་གྲྭ་ལས་ཕར་ སྤྱིར་བཏང་སློབ་དཔོན་མེན་པར་ ཆོས་ཚན་གྱི་མགས་རིག་ལྡན་པའི་སློབ་དཔོན་བཏང་དགོཔ་འདི་ ག་ནི་བ་ཁག་བས་ཟེར་ཞུ་ཡི། སྤྱིར་བཏང་སློབ་དཔོན་དེ་གིས་ ཨིན་སྐད་དང་རྫོང་ཁ་གཉིས་ཆ་རང་སྟོན་དགོཔ་ལས་ སློབ་དཔོན་འདི་གིས་ཆོས་ཚན་ག་ལུ་ གཙོ་བོ་བཏོན༌ཏེ་ ལཱ་འབད་དགོཔ༌ཨིན༌ན༌ལུ་ ཐོ་ཕོག་ནི་ཨིན་མས་ཟེར་ཞུ་ཡི།

ངང་ལམ།

ཤེས་རིག་ལྷན་ཁག་གིས་ ཆོས་ཚན་རེ་གི་དོན་ལུ་ སློབ་དཔོན་རེ་ཟེར་བའི་ སྲིད་བྱུས་བཟོ་དགོཔ་འདི་ ག་ནི་བ་ཁག་ཆེཝ་འདུག་ཟེར་ཞུ་ཡི། འདི་གིས་ ང་བཅས་རའི་ཤེས་རིག་གི་སྤུད་ཚད་ཡར་དྲག་བཟོ་ནི་དང་ སློབ་སྟོན་གྱི་གོ་སྐབས་ལུ་ཡང་ ཕན་ཐོག་འོང་ཟེར་ཞུ་ཡི།

ཐིམ་ཕུག་རྫོང་ཁག་ཚོགས་སྡེའི་འཐུས་མི།

སློབ་རིམ་འོག་མ་ནང་སྟོན་མི་སློབ་དཔོན་ཚུ་ཡང་ སློབ་རིམ་ ༡༠ པའི་ལན་ཤོག་ཚུ་ དབྱེ་ཞིབ་འབད་བར་འོང་དོ་ཡོད་མི་ལུ་བལྟ་བ་ཅིན་ ཆོས་ཚན་གྱི་མཁས་རིག་བཟོ་དགོཔ་འདི་ བདེན་རང་བདེན་པས་ཟེར་ཞུ་ཡི།

སྤ་རོ་རྫོང་ཁག་ཚོགས་སྡེའི་འཐུས་མི།

ལན་ཤོག་དབྱེ་ཞིབ་ཀྱི་ནང་ལུ་ ཆོས་ཚན་གྱི་སློབ་དཔོན་མཁས་མཆོག་ཚུ་རང་ བཏང་དགོཔ་འདི་ལུ་ ང་ལས་རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

གནད་དོན་འདི་ལུ་ ཚོགས་དཔོན་གྱིས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆོས་ཚན་མཁས་མཆོག་གི་སློབ་དཔོན་བཏང་དགོཔ་དང་ ལན་ཤོག་དབྱེ་ཞིབ་ནང་ཡང་ ཆོས་ཚན་མཁས་མཆོག་གི་སློབ་དཔོན་རང་ བཏང་དགོཔ་ཡོདཔ་ལུ་ གྲོས་

Page 74: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

70

འདེབས་ཕུལ་ནི་ལུ་ མོས་མཐུན་བྱུང་ཡི།

༢. གྲོས་ཞི་དོན་ཚན་ ༡༩ པ། སློབ་རིམ་ ༡༠ པའི་སློབ་ཕྲུག་ཚུ་ སློབ་གྲྭ་གནས་སོར་བཏང་པའི་སྐབས་ སློབ་གྲ་རེ་རེ་གི་ཁྱད་ཚད་ཐོག་མེན་པར་ སྤྱིར་བཏང་ཤོག་སྙོམས་ཀྱི་ཁྱད་ཚད་ཐོག་འབད་དགོཔ།

སྤ་རོ་རྫོང་ཁག་་དང་ལམ་གོང་ཝང་ཅང་།

གཞུང་གི་སློབ་གྲྭ་ནང་ སློབ་ཕྲུག་དེ་ཚུ་ སློབ་རིམ་ ༡༠ པ་ལས་ ༡༡ པ་ལུ་ གནས་སོར་གྱི་འཛུལ་ཞུགས་འབདཝ་དང་ སྐུགས་ཀྱི་ཚད་གཞི་འདྲ་མཉམ་མིན་འདུག་ཟེར་ཞུ་ཡི། དཔྱེ་འབད་བ་ཅིན་ སྤ་རོ་རྫོང་ཁག་ནང་འབད་བ་ཅིན་ སྐུགས་ཚད་ལེགས་ཤོམ་ཡོད་པའི་སློབ་ཕྲུག་ཚུ་ག་ར་འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་གོང་མ་ནང་ འགྱོ་དོ་ཡོདཔ་དང་ སྐུགས་ཚད་ལེགས་ཤོམ་མེད་པའི་སློབ་ཕྲུག་དེ་ཚུ་ ག་ར་ཤར་རི་འབྲིང་རིམ་སློབ་གྲྭ་གོང་མ་ནང་ བྱ་ཐབས་མེད་པར་ སྐུགས་ཚད་ཀྱི་གནས་སྟངས་ལས་བརྟེན་ འགྱོ་དགོཔ་འཐོན་དོ་ཡོདཔ་ལས་ ལམ་ལུགས་འདི་འདྲ་མཉམ་དང་ ཤོ་སྙོམས་མ་འགྱོ་བར་ཡོད་ཟེར་ཞུ་ཡི།

ཐིམ་ཕུག་ཚོགས་སྡེ་འཐུས་མི།

འདི་བཟུམ་གྱི་དཀའ་ངལ་འདི་ ཤར་ཕྱོགས་རྫོང་ཁག་གི་སློབ་གྲྭ་ཚུ་ནང་ཡང་ཡོདཔ་ལས་ འདི་ལུ་གཟིགས་དགོཔ་ཡོདཔ་ལས་ གཞུང་གི་སྐུགས་ཚད་ནང་ལུ་ཚུད་པ་ཅིན་ གཞུང་གི་སློབ་གྲྭ་ག་ར་ནང་ སྐུགས་ཚད་གཅིག་མཚུངས་སྦེ་ དང་ལེན་འབད་དེ་ སློབ་ཕྲུག་རང་སོའི་གདམ་ཁ་དང་འཁྲིལ་ སློབ་གྲྭ་གདམ་ཁ་འབྱིན་དགོཔ་འདི་ ཁག་ཆེ་བས་ཟེར་ཞུ་ཡི།གནད་དོན་འདི་ལུ་ འཐུས་མི་ཡོངས་ཀྱིས་ གཞུང་གི་སློབ་གྲྭ་ལས་ཕར་ སྐུགས་ཚད་ཤོག་སྙོམས་སྦེ་ ལག་ལེན་འཐབ་དགོཔ་ལུ་ རྒྱབ་སྐྱོལ་ཕུལ་ཏེ་ མོས་མཐུན་བྱུང་ཡི།

༣. གྲོས་གཞི་དོན་ཚན་ ༣༠ པ། ན་གཞོན་གྱི་སྐྱེལ་འདྲེན་གླ་ཆ་ ཡངས་ཆ་ ཡང་ན་ མར་ཕབ་གནང་དགོཔ། སློབ་ཕྲུག་ཚུ་ལུ་ སྐྱེལ་འདྲེན་དང་ གླ་འཁོར་གྱི་གླ་ཆ་ བརྒྱ་ཆ་ ༣༠ མར་ཕབ་འབད་དགོཔ།

ཐིམ་ཕུ་གི་ཚོགས་སྡེ།

ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱི་ལམ་ལུགས་ནང་ སློབ་ཕྲུག་དང་ན་གཞོན་ཚུ་ལུ་ གླ་ཆ་བརྒྱ་ཆ་ ༣༠ མར་ཕབ་འབྱིན་དགོཔ་སྦེ་ཡོད་ཟེར་ཞུ་ཡི། འདི་གི་དོན་ལུ་ གཞུང་གིས་ སློབ་ཕྲུག་ཚུ་གི་དོན་ལུ་ གླ་ཆ་མར་ཕབ་འབད་དེ་ སྐྱེལ་འདྲེན་སོ་སོ་འབད་རང་ འགོ་བཙུགས་པ་ཅིན་ཟེར་ཞུ་ཡི། ག་ཅི་འབད་ཟེར་བ་ཅིན་ གླ་ཆ་མར་ཕབ་འདི་ གླ་འཁོར་ཚུ་ལུ་འོས་འབབ་མེདཔ་ལས་བརྟེན་ཨིན་ཟེར་ཞུ་ཡི།

Page 75: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

71

དབང་འདུས་ཚོགས་སྡེའི་འཐུས་མི།

འབྲུག་མི་སློབ་ཕྲུག་ག་ར་ལུ་ ལག་ལེན་འཐབ་ནི་དེ་ བྱ་སྟབས་བདེ་ཏོག་ཏོ་ཅིག་ མི་འགྱོ་ནི་བཟུམ་མཐོང་དོ་ཡོདཔ་ལས་ ལམ་ལུགས་འདི་ལེགས་ཤོམ་འབད་ ལག་ལེན་འཐབ་ཚུགས་ཐབས་ལུ་ གཞུང་གིས་ཁ་ཐུགས་ལས་ ལམ་ལུགས་ཁ་གསལ་ཅིག་ བཟོ་དགོཔ་འདུག་ཟེར་ཞུ་ཡི།

ར་དི་_སག་སྟེང་།

གླ་ཆ་མར་ཕབ་ཀྱི་ཐད་ གླ་འཁོར་ཚུ་ལུ་ མི་བཏུབ་ཟེར་ཞུ་ཡི། ག་ཅི་འབད་ཟེར་བ་ཅིན་ ཁོང་གི་མི་ཚེ་རང་ གླ་འཁོར་ལུ་བརྟེན་སྐྱོང་དོ་ཡོདཔ་ལས་ ཁོང་གིས་དེ་བཟུམ་གྱི་ཞབས་ཏོག་ཕུལ་མི་ཚུགས་ནི་ཨིནམ་ལས་ མར་ཕབ་འབད་དགོཔ་མིན་འདུག་ཟེར་ཞུ་ཡི།

སྒང་ཟུར་_སྨིན་རྒྱས།

སློབ་ཕྲུག་ཚུ་ལུ་ གླ་ཆ་བརྒྱ་ཆ་ ༣༠ མར་ཕབ་སྦེ་འབྱིན་དགོ་པའི་སྐོར་ འབྲེལ་ཡོད་དབང་འཛིན་ལུ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ རང་སོའི་སློབ་གྲྭ་ལས་ངོ་པར་ལེན་ཏེ་ ལག་ལེན་འཐབ་རུང་ མ་བཏུབ་ཅིག་མེདཔ་བཟུམ་ཅིག་འདུག་ཟེར་ཞུ་ཡི།

དཀར་སྦྱི་_རྟ་ལོག།

གླ་ཆ་མར་ཕབ་ཀྱི་ཞབས་ཏོག་འདི་ སློབ་ཕྲག་ག་ར་གིས་ ཤོ་མཚུངས་སྦེ་ལག་ལེན་འཐབ་ནི་གི་དོན་ལུ་དང་ མི་དམངས་སྐྱེལ་འདྲེན་གྱི་འདེད་གཡོགཔ་ཚུ་གིས་ ངོས་ལེན་འབད་ཐབས་ལུ་ སློབ་གྲྭ་གིས་ ངོ་སྤྲོད་ལག་འཁྱེར་རེ་སྤྲོད་དགོཔ་འདུག་ཟེར་ཞུ་ཡི།

ལམ་གོང་_ཝང་ཅང་།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཁྲིམས་ལུགས་ཡོད་པ་ཅིན་ ལམ་སྟོན་ལོགས་སུ་འབད་བཟོ་དགོཔ་མིན་འདུག་ཟེར་ཞུ་ཡི། དེ་ལུ་ཚིག་བསྒྱུར་འབད་དེ་ གླ་འཁོར་མེན་པར་ མི་དམངས་སྐྱེལ་འདྲེན་ཟེར་ འཕྲི་སྣོན་འབད་དགོཔ་འདུག་ཟེར་ཞུ་ཡི། གླ་ཆ་ཡངས་ཆ་གི་ཞབས་ཏོག་ཞུ་མི་ཨིན་ཟེར་ ལམ་སྦུག་ན་ ངོ་པར་དཔྱངས་སྡོད་རུང་ གླ་འཁོར་འདེད་གཡོགཔ་ཚུ་གིས་ མིག་ཏོ་རང་མ་བལྟ་བར་ ཡར་སོང་བའི་བསྒང་ལས་ སྐྱེལ་འདྲེན་མ་ཐོབ་པའི་དཀའ་ངལ་འབྱུང་ནི་གི་ཉེན་ཁ་ཡོད་ཟེར་ཞུ་ཡི།

སྨན་སྦི་_བཙན་མཁར།ཁྲོམ་ཁར་ལུ་ཨིན་པ་ཅིན་ སྐྱེལ་འདྲེན་གྱི་ཞབས་ཏོག་ཐོབ་ནི་ལུ་ དཀའ་ངལ་ག་ནི་ཡང་མེད་རུང་ ས་གནས་གཞན་ཁར་

Page 76: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

72

དེ་བཟུམ་མའི་སྐྱེལ་འདྲེན་ཞབས་ཏོག་ལངམ་སྦེ་མེད་ཟེར་ཞུ་ཡི།

འབུམ་སྡེ་གླིང་_བྱམས་མཁར།

ཁྲོམ་གྱི་སྐྱེལ་འདྲེན་གྱི་ཞབས་ཏོག་འདི་ ཧེ་མ་ལས་རང་ སློབ་ཕྲུག་ཚུ་ལུ་ གླ་ཆ་གོང་ཉུང་སུ་འབད་ཡོད་ཟེར་ཞུ་ཡི། ཁྲི་འཛིན།

གླ་ཆ་མར་ཕབ་ནི་ལུ་རྒྱབ་སྐྱོར་མེད་པའི་ཁར་ གླ་འཁོར་ཚུ་ལུ་འོས་འབབ་རང་མེདཔ་མ་ཚད་ མི་དམངས་སྐྱེལ་འདྲེན་གྱི་ཞབས་ཏོག་འདིནི་ གོང་ཉུང་སུ་སྦེ་འདུག་ཟེར་ཞུ་ཡི།

དཀར་སྦྱི་_རྟ་ལོག།

སློབ་ཕྲུག་ཚུ་ལུ་ གླ་ཆ་མར་ཕབ་ཀྱི་ཁྲིམས་ལུགས་འདི་ ཧེ་མ་ལས་རང་ཡོདཔ་ཨིན་པ་ཅིན་ དཀའ་ངལ་འདི་རང་ འདེད་གཡོགཔ་ཚུ་གིས་ སློབ་ཕྲུག་ཨིན་ན་མེན་ན་ ངོས་འཛིན་འབད་ཚུགསཔ་དང་ མ་ཚུགསཔ་འདི་ཨིནམ་འོང་ནི་བཟུམ་ཅིག་འདུག་ཟེར་ཞུ་ཡི།

གནད་དོན་འདི་གི་གྲོས་ཆོད་འདི་ སློབ་ཕྲུག་ཚུ་ལུ་ སྐྱེལ་འདྲེན་གྱི་གླ་ཆ་ཡངས་ཆ་ ཡང་ན་ མར་ཕབ་ཀྱི་བསྐོར་ལས་ འབྲེལ་ཡོད་དབང་འཛིན་ལུ་ བལྟ་རྟོག་དང་ དང་ལེན་གྱི་ཆེད་དུ་ གྲོས་འབུལ་ཕུལ་ནི་ལུ་ མང་མོས་ཀྱི་གྲོས་ཆོད་བྱུང་ཡི། ༤. གྲོས་གཞི་དོན་ཚན་ ༤༥ པ། མཐའ་ཟུར་སློབ་གྲྭ་ཁག་ཚུ་ནང་ སྒེར་པ་ཚུ་ལུ་ཡང་ ཉི་མའི་ལྟོ་ཐོབ་ནི་ཡོདཔ་བཟོ་

དགོ།

ན་ནོང་_ཤུ་མར་འཐུས་མི།

མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ ལམ་ཐག་རིང་ས་ལས་འོང་དགོ་ནི་འདི་གིས་ སློབ་ཕྲུག་སྒེར་པ་ཚུ་ལུ་ ཉི་མའི་ལྟོ་ཐོབ་ནི་ཡོདཔ་ཅིག་བཟོ་བ་ཅིན་ གནམ་མེད་ས་མེད་བཀྲིན་ཆེ་ནི་མས་ཟེར་ཞུ་ཡི།

བསྒང་ཟུར-སྨིན་སྦིས་འཐུ་མི།

འདི་ལུ་ང་གིས་བལྟ་རུང་ འོས་འབབ་སྦོམ་འཐོངམ་ལས་ ཨ་ལོ་ཚུ་ལམ་ཐག་རིང་ས་ལས་ འོང་དགོཔ་འབད་ནི་འདི་གིས་ སློབ་ཁང་ནང་འབད་རུང་ ལེགས་ཤོམ་སྦེ་དཔེ་ཆ་ལུ་ སྤྲོ་བ་མ་སྐྱེད་པར་ལུས་ནི་ཉེན་ཁ་ཡང་ཡོད་ཟེར་ཞུ།

Page 77: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

73

ལྷོ་ཐིམ་ཕུག་འཐུས་མི།

གྲོས་གཞི་འདི་ ང་གི་འཕུལ་ཕུལཝ་ཨིནམ་ལས་ ད་རེས་ནངས་པར་ མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ སློབ་གྲྭ་ལས་ ཀི་ལོ་མི་ཀྲར་ ༣ ལས་ལྷག་ཏེ་ཡོད་པ་ཅིན་ ཐོབ་ཨིན་པས་ཟེར་ཞུ་ཡི།

ཐིམ་ཕུག་གི་ཚོགས་སྡེའི་འཐུས་མི།

ཧེ་མ་འབད་འབད་བ་ཅིན་ འཛམ་གླིང་བཟའ་སྤྱོད་ལས་རིམ་ཡོདཔ་ལས་ ད་རེས་ནངས་པ་ རྒྱལ་ཁབ་ཡར་རྒྱས་འགྱོ་བའི་དུས་སྐབས་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་འདི་གནང་ནི་མིན་འདུག་ དེ་འབདཝ་ལས་ གཞུང་གི་སློབ་གྲྭ་ལྟེ་བ་བཙུག་ནི་སྦེ་ཡོདཔ་ལས་ དཀའ་ངལ་རང་བཞིན་གྱིས་རང་ སེལ་འགྱོ་ནི་ཨིནམ་ལས་ ང་བཅས་ཀྱི་གསུང་གྲོས་གནང་དགོཔ་མིན་འདུག་ཟེར་ཞུ་ཡི།

དཀར་སྦྱི_རྟ་ལོག།

ང་བཅས་ཆ་ཁྱབ་ཀྱི་སློབ་གྲྭ་ལྟེ་འདི་ མཐའ་ཟུར་ནང་བཙུགས་དགོཔ་སྦེ་གསུང་གྲོས་གནང་ཡི་ དེ་འབད་ནི་འདི་གིས་ གསུངས་གྲོས་གནང་དགོཔ་མིན་འདུག་ཟེར་ཞུ་ཡི།

བར་རྡོ་_ཀྲོང།

འདི་ལུ་ང་གིས་ འོས་འབབ་མ་མཐོངམ་ལས་ ས་ཐག་རིང་ས་ལས་འོང་མི་སློབ་ཕྲུག་ཚུ་ གཞུང་པའི་གྲངས་སུ་བཙུགས་དོ་ཟེར་ཞུ་ཡི།

ཐིམ་ཕུག་གི་ཚོགས་སྡེའི་འཐུས་མི།

སློབ་གྲྭ་འདི་ རང་གི་སྤྱི་འོག་དང་རྒེད་འོག་ནང་ཨིན་པ་ཅིན་ གཞུང་པའི་གྲངས་སུ་བཙུགས་ནི་མེད་ཟེར་ཞུ་ཡི།

འབུམ་སྡེ་གླིང་_བྱམས་མཁར།

མཐའ་ཟུར་གྱི་སློབ་ཕྲུག་ཚུ་ ས་ཐག་རིང་ས་ལས་འོང་མི་སྒེར་པ་ཚུ་ལུ་ ཉི་མའི་ལྟོ་ཐོབ་ནི་ཡོད་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཞུ་ཡི། གནད་དོན་འདི་གུར་ གསུངས་གྲོས་ཡུན་རིང་གནང་པའི་ཤུལ་ལུ་ ཚོགས་དཔོན་གྱིས་ མཐའ་ཟུར་གྱི་སློབ་གྲྭ་ ས་ཐག་རིང་ས་ལས་འོང་མི་སྒེར་པ་ཚུ་ལུ་ ཉི་མའི་ལྟོ་ཐོབ་ནི་ཡོད་མི་ལུ་ རྒྱབ་སྐྱོར་ཡོད་པ་ཅིན་ ལགཔ་ཡར་འཐུ་ཟེར་བའི་སྐབས་ འཐུས་མི་མང་མོས་ཐོག་ལས་ཆ་འཇོག་གྲུབ་ཅི།

Page 78: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

74

༥. གྲོས་གཞི་དོན་ཚན་ ༤༦ ། ཐིམ་ཕུག་ལུ་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གི་དོན་ལས་ ན་གཞོན་དཔལ་རི་ཁང་བཟུམ་གྱི་སྡོད་གནས་ཐེབས་བཟོ་དགོཔ།

རྡོ་ཕུག་ཅན-རྟ་ལྡིང་།

ན་གཞོན་དཔལ་རི་ཁང་བཟུམ་གྱི་སྡོད་གནས་ཐེབས་བཟོ་གནང་པ་ཅིན་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་ལུ་ ཕན་པ་སྦོམ་འོང་ནི་མས་ཟེར་ཞུ་ཡི།

བསྒང་ཟུར་ སྨན་རྒྱས།

ང་གིས་འབད་བ་ཅིན་ ན་གཞོན་དཔལ་རི་ཁང་བཟུམ་ སྡོད་གནས་ཐེབས་བཟོ་དགོ་པའི་འོས་འབབ་མ་མཐོང་ཟེར་ཞུ།

ལམ་གོང་_ཝང་ལྕང་།

རང་གི་མཐའ་དོན་ལུ་བལྟ་ནི་མེན་པར་ གཞན་རྫོང་ཁག་གི་གནས་སྟང་ཚུ་ ག་བཟུམ་ཡོདཔ་ཨིན་ན་མ་ཤེས་པས་ཟེར་ཞུ།

ཁྲི་འཛིན།

རང་གི་མཐའ་དོན་དང་གཞན་གྱི་མཐའ་དོན་ཟེར་མེན་པར་ ན་གཞོན་ག་ར་ལུ་ ཕན་པའི་ཐུགས་བསམ་བཞེས་དགོཔ་འདུག་ཟེར་ཞུ་ཡི་ ན་གཞོན་དཔལ་རི་ཁང་བཟུམ་ཡོད་པ་ཅིན་ ན་གཞོན་ལཱ་གཡོག་འཚོལ་མིཚུ་ལུ་ གོང་ཚད་མར་ཕབ་ཀྱི་ཐོག་ལས་ ཐོབ་དོ་ཡོདཔ་ལས་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་ལུ་ ཕན་པ་སྦོབ་ཡོདཔ་ལས་བཙུགས་དགོཔ་འདུག་ཟེར་ཞུ་ཡི།

དབང་འདུས་ཚོགས་སྡེའི་འཐུས་མི།

ཁྲི་འཛིན་གྱིས་ཞུ་བ་ཕུལ་མི་ལུ་ ང་ལས་ཡང་རྒྱབ་སྐྱོར་ཡོདཔ་དང་ གོང་ཚད་མར་ཕབ་སྦེ་ཡོདཔ་ལས་ ཐིམ་ཕུག་ལུ་སྡོད་མི་ན་གཞོན་ཚུ་གིས་ ལོག་སྤྱོད་འབད་ནིའི་ཉེན་ཁག་ཡོདཔ་ལས་ ང་གིས་འབད་བ་ཅིན་ གནད་དོན་འདི་ལུ་འཕྲི་སྣོན་འབད་དེ་ ཐིམ་ཕུག་སྡོད་མི་མ་ཡིན་པའི་ ས་ཐག་རིང་ས་ལས་འོང་མི་ ན་གཞོན་ཚུ་གི་དོན་ལུ་ཟེར་ བཀོད་པ་ཅིན་དྲག་ནི་མས་ཟེར་ཞུ་ཡི།

ཐིམ་ཕུག་རྒྱལ་ཡོངས་ཚོགས་སྡེ་འཐུས་མི།

དབང་འདུས་ཚོགས་སྡེའི་འཐུས་མི་གིས་ཞུ་མི་ལུ་ ང་ལས་རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི། འདི་ལུ་ཚོགས་དཔོན་གྱིས་ འཕྲི་སྣོན་འདི་ལུ་ རྒྱབ་སྐྱོར་ཡོད་པ་ཅིན་ ལགཔ་ཡར་འཐུ་ཟེར་བའི་སྐབས་ འཐུས་མི་ཚུ་གིས་ མང་མོས་ཀྱིས་ཐོག་ལས་

Page 79: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

75

རྒྱབ་སྐྱོར་འབད་དེ་ འཕྲི་སྣོན་ལུ་ཆ་འཇོག་གྲུབ་ཅི།

བཞི་པ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་ནང་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ཀྱི་དོན་ཚན་ལ་ལུ་ གནད་དོན་ཤོ་མཚུངས་ཡོད་མི་ གཅིག་བསྡོམས་འབད་་ཡོད་མི་ཚུ།

༡. གྲོས་གཞི་དོན་ཚན་ ༤༧ པ་ ཕམ་ཡ་བྲལ་བརྟེན་ བཟའ་ཚང་བརྟན་ཏོག་ཏོ་མེདཔ་ ཟེར་མི་འདི་ གྲོས་གཞི་དོན་ཚན་ ༤ པ་ ན་གཞོན་ལ་ལུ་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད་པར་ ཡོན་ཏན་སྦྱང་ནི་ལུ་དཀའ་ངལ་ཡོདཔ་ ཟེར་མི་གཉིས་ཀྱི་གྲོས་ཆོད་ གཅིག་བསྡོམས་འབད་བཏོན་དགོཔ་ལུ་ མོས་མཐུན་བྱུང་ཡི།

ལྔ་པ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཚོགས་ཆུང་གིས་ དམིགས་བསལ་ཞལ་འཛོམས་ནང་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་གསུམ་ལུ་ རྒྱབ་ཁུངས་སྒྲིང་སྒྲིང་མེད་པར་ ཕྱིར་བཏོན་འབད་ཡོད་མི།

༡. གྲོས་གཞི་གི་དོན་ཚན་༢༦ པ་ རྒྱལ་ཁབ་ནང་ ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་དང་འཁྲིལ་ ན་གཞོན་སློབ་ཕྲུག་བུམོ་ཚུ་ལུ་ ལས་རིམ་འདྲ་མིན་སྣ་ཚོགས་ཚུ་ནང་ བཅའ་མར་གཏོགས་བཅུག་དགོཔ། ཟེར་མི་འདི་གི་གྲོས་ཆོད་འདི་ “སློབ་ཕྲུག་བུམོ་ཚུ་གིས་ བུཚ་དང་འདྲ་མཉམ་སྦེ་རང་ བཅའ་མར་གཏོགས་བཅུག་ནི་གི་ སེམས་ཤུགས་བསྐྱེད་བཅུག་ནིའི་ཐབས་ཤེས་བཏོན་དགོཔ་ལུ་ གྲོས་ཐག་ཆོད་ཅི།” ཟེར་མི་འདི་ ཕྱིར་བཏོན་ལུ་ མོས་མཐུན་བྱུང་ཡི།

༢. གྲོས་གཞི་དོན་ཚན་ ༤༡ པ་ བཅའ་ཁྲིམས་ཚུ་ རྒེད་འོག་ཚུ་ནང་བཀྲམ་སྤེལ་འབད་མི་འདི་ དབྱིན་སྐད་ཐོག་མིན་པར་ རྫོང་ཁའི་ཐོག་ལས་ པར་བསྐྲུན་འབད་བཀྲམ་སྤེལ་འབད་དགོཔ། ཟེར་མི་འདི་གི་གྲོས་ཆོད་འདི་ རྫོང་ཁ་དང་དབྱིན་སྐད་གཉིས་ཆ་རའི་ཐོག་ལས་ཟེར་བཙུགས་དགོཔ་ལུ་གྲོས་ཆོད་གྲུབ། ཟེར་མི་འདི་ ད་ལྟོ་དེ་འབད་རང་ལག་ལེན་འཐབ་དོ་ཡོདཔ་ལས་བརྟེན་ ཕྱིར་བཏོན་གྱི་མོས་མཐུན་བྱུང་ཡི།

༣. གྲོས་གཞི་གི་དོན་ཚན་ ༤༢ པ་ མི་སྡེ་ལྟེ་བ་ཚུ་ནང་ཡོད་པའི་མཁོ་ཆས་མཐུན་རྐྱེན་ཚུ་ གོང་ཚད་མར་ཕབ་གནང་དགོཔ། ཟེར་མི་གི་གྲོས་ཆོད་འདི་ བརྒྱ་ཆ་༢༠ ལུ་ཕབ་ཆ་འབད་དགོཔ་ལུ་ ཆ་འཇོག་གྲུབ་ཅི། ཟེར་མི་འདི་ཡང་ ད་ལྟོ་གོང་ཚད་མར་ཕབ་ཐོག་ལུ་རང་ཡོདཔ་ལས་ ཕྱིར་བཏོན་ལུ་ མོས་མཐུན་བྱུང་ཡི།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ལྷན་ཞུགས་ཀྱི་གྲོས་ཆོད།

༡ སློབ་ཕྲུག་ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་འཛུལ་ཞུགས་ཀྱི་ལོ་ཚད་འདི་ ད་ལས་ཕར་ སྐྱེས་ལོ་༦ ལས་ ༥ ལུ་ མར་ཕབ་འབད་དགོཔ་དང་ གལ་སྲིད་ འདི་ལུ་ འོས་འབབ་མེད་པ་ཅིན་ སྐྱེས་ལོ་༦ འདི་ གཞུང་དང་སྒེར་གྱི་སློབ་གྲྭ་ཆ་མཉམ་ནང་ལུ་ ཤོག་མཚུངས་འབད་དགོཔ།

༢ རྫོང་ཁའི་ཆོས་ཚན་འདི་ སློབ་རིམ་བློ་གསར་ལས་ འབྲིང་རིམ་གོང་མ་ཚུན་ རྩ་བའི་ཆོས་ཚན་འབད་ལྷབ་ནི་

Page 80: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

76

ཡོདཔ་མ་ཚད་ རིག་གཞུང་མིན་པའི་མཐོ་རིམ་སློབ་གྲྭ་ཚུ་ནང་ལུ་ ལོ་ངོ་གསུམ་པ་ཚུན་ལྷབ་དགོཔ། ༣ ས་གནས་མཐའ་ཟུར་གྱི་ན་གཞོན་ལ་ལུ་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད༌པར༌ ཡོན་ཏན་སྦྱང་ནི་ལུ་དཀའ་ངལ་ཡོད་མི་

ཚུ་ འབྲེལ་ཡོད་འགདན་པ་ཚུ་གིས་ དབྱེ་ཞིབ་མཛད་དེ་ སློབ་གྲྭ་ལྟེ་བ་ནང་བཙུགས་དགོཔ། ༤ ཆང་དང་སྨྱོ་རྫས་ལ་སོགས་པ་ལུ་ ལང་ཤོར་ཐལ་ཡོདཔ་ལས་ བསླབ་སྟོན་པའི་ མཐུན་ཚན་ཡར་སེང་འབད་

དགོཔ་མ་ཚད་ རྫོང་ཁག་རེ་རེ་ནང་ལུ་ ན་གཞོན་བསྐྱར་གསོ་ལྟེ་བ་རེ་ཡང་ གཞི་བཙུགས་གནང་དགོཔ་དང་ རྫོང་ཁག་རེ་ནང་ རྩེད་རིག་གི་མཐུན་རྐྱེན་གང་མང་གནང་དགོཔ་མ་ཚད་ ན་གཞོན་ ཆང་དང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ འབྲེལ་ཡོད་སླབ་དཔོན་ཚུ་གིས་ ངོས་འཛིན་འབད་དེ་ ཁྲིམས་སྲུང་དང་ ན་གཞོན་གྱི་མཐུན་འབྲེལ་ (PYP) ཟེར་བའི་ལས་རིམ་ནང་ བཅའ་མར་གཏོགས་བཅུག་དགོཔ།

༥ སློབ་གྲྭའི་ཉེ་འདབ་ལུ་ཡོད་པའི་ཚོང་ཁང་ཚུ་ནང་ ཆང་དང་སྨྱོ་རྫས་ཀྱི་རིགས་ བཙོང་མ་ཆོག་པའི་ལམ་ལུགས་ཧེ་མ་ལས་ཡོད་མི་འདི་ འབྲེལ་ཡོད་འགན་འཛིན་པ་ཚུ་གིས་ དབྱེ་ཞིབ་མཛད་གནང་དགོཔ” ཟེར་ཆ་འཇོག་གྲུབ་ཅི།

༦ སློབ་ཕྲུག་ན་གཞོན་བུམོ་ལ་ལུ་ ལོ་ན་ཆུང་ཀུའི་བསྒང་ལས་ གཉེན་རྐྱབ་དོ་ཡོད་མི་ཚུ་དང་ ལུས་འབྲེལ་དང་འབྲེལ་བའི་ཤེས་ཡོན་ལེགས་ཤོམ་མ་ཐོབ་པའི་དཀའ་ངལ་སེལ་ཐབས་ལུ་ གསོ་བའི་ཁ་ཐུགས་ལས་ཡང་ ཤེས་ཡོན་སྤེལ་དགོཔ་དང་ ཕ་མའི་བསླབ་བྱ་ཚུ་ བྱིན་དགོ་པའི་ཐབས་ལམ་བཏོན་དགོཔ།

༧ སློབ་གྲྭ་ཁག་ཚུ་ནང་ ཆོས་ཚན་དང་འབྲེལ་བའི་མཐུན་རྐྱེན་མཁོ་ཆས་ཚུ་ ལངམ་འབད་རང་གནང་དགོཔ།༨ སློབ་གྲྭའི་ངལ་གསོ་སྐབས་ སློབ་ཕྲུག་ཚུ་གིས་ ཤེས་རིག་ལྷན་ཁག་དང་འབྲེལ་ཡོད་ལྷན་ཁག་ཚུ་གིས་ གནས་

སྐབས་ཀྱི་ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་དགོཔ།༩ ཤེས་ཡོན་ཁ་སྐོང་དང་ལཱ་གཡོག་བར་ན་ རྟགས་མཐུན་མ་ཚུགསཔ་ལས་ ཆོས་ཚན་རྐྱངམ་ཅིག་ལུ་ གཙོ་བོ་སྟོན་

ནི་མེན་པར་ སློབ་རིམ་༧ པ་ཡན་ཆད་ལུ་ ཚོང་འབྲེལ་དང་འབྲེལ་བའི་ ཚོགས་ཕྲན་གཞི་བཙུགས་གནང་དགོཔ། ༡༠ སློབ་གྲྭ་ནང་ལུ་ སློབ་ཕྲུག་ན་གཞོན་ཚུ་གིས་ བགོ་དང་དཀྱི་ར་འདི་ ཆ་ཚང་དང་ཚུལ་མཐུན་འབད་དགོཔ་འདི་ལུ་

ཤེས་རིག་ལྷན་ཁག་གིས་ ལམ་ལུགས་སྒྲིང་སྒྲིང་བཟོ་གནང་དགོཔ། ༡༡ འབྲུག་གི་ཨ་ལོའི་སྤྱི་ཚོགས་གྱི་མཐུས་མི་ཚུ་ ཟླཝ་གཉིས་ཀྱི་བར་ནང་ ཚར་རེ་ (video conference)

ཐོག་མཛོམས་ཚུགས་ཐབས་ལུ་ གདོང་སྡེབ་(facebook page) དང་(WeChat)ཐོག་ དུས་རྒྱུན་དུ་གཞུང་འབྲེལ་དུ་ ཕྱེད་ཚུགས་ནིའི་དོན་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐབས་ཤེས་བཏོན་གནང་དགོཔ།

༡༢ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་ ལོག་འགྱོ་སྐབས་ འབད་དགོ་པའི་འགན་ཁུར་ཚུ་གི་ལམ་སྟོན་ཅིག་ བཙག་འཐུ་ལྷན་ཚོགས་ཀྱིས་བཟོ་དགོཔ།

༡༣ སློབ་རིམ་༩ པ་དང་ ༡༠ ནང་ལུ་ ཚན་རིག་ཆོས་ཚན་གྱི་ཆོས་རྒྱུགས་དུས་ཡུན་དེ་ གཅིག་དང་ཕྱེད་ལས་ ༢ ལུ་ ཡར་སེང་འབད་དགོཔ།

༡༤ སྤྱིར་བཏང་གི་སློབ་དཔོན་མ་བཏང་པར་ ཆོས་ཚན་གྱི་མཁས་རིག་སློབ་དཔོན་བཏང་དགོཔ།༡༥ སློབ་རིམ་ ༡༠ པའི་སློབ་ཕྲུག་ཚུ་ སློབ་གྲྭ་གནས་སོར་བཏང་པའི་སྐབས་ སློབ་གྲ་རེ་རེ་གི་ཁྱད་ཚད་ཐོག་མེན་

པར་ སྤྱིར་བཏང་ཤོག་སྙོམས་ཀྱི་ཁྱད་ཚད་ཐོག་འབད་དགོཔ།༡༦ སློབ་ཕྲུག་ཚུ་ལུ་ སྐྱེལ་འདྲེན་གླ་ཆ་ བརྒྱ་ཆ་ ༣༠ མར་ཕབ་འབད་དགོཔ་ལུ་ འབྲེལ་ཡོད་དབང་འཛིན་ལུ་ བལྟ་

རྟོག་དང་ དང་ལེན་འབད་དགོཔ། ༡༧ མཐའ་ཟུར་སློབ་གྲྭ་ཁག་ཚུ་ནང་ ས་ཐག་རིང་ས་ལས་འོང་མི་ སློབ་ཕྲུག་སྒེར་པ་ཚུ་ལུ་ཡང་ ཉི་མའི་ལྟོ་ཐོབ་ནི་

ཡོདཔ་བཟོ་དགོཔ།

Page 81: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

77

༡༨ ཐིམ་ཕུག་ལུ་སྡོད་མི་མ་ཡིན་པའི་ ས་ཐག་རིང་ས་ལས་འོང་མི་ ན་གཞོན་ཚུ་གི་དོན་ལུ་ ན་གཞོན་དཔལ་རི་ཁང་བཟུམ་གྱི་སྡོད་གནས་ཐེབས་བཟོ་དགོཔ།

༡༩ རྫོང་ཁག་ག་ར་ནང་ ན་གཞོན་ལུ་རིག་རྩལ་འབྱིན་ཚུགས་པའི་ མཐུན་རྐྱེན་ཆ་ཚང་ཡོད་པའི་ Youth Har-mony Village རེ་གཞི་བཙུགས་འབད་དགོཔ།

༢༠ ལྷག་ནི་ལོ་འདི་ ད་ལས་ཕར་ཡང་ རྒྱུན་སྐྱོང་འབད་དགོཔ་དང་ སློབ་ཕྲུག་ཚུ་གི་དྲོ་པ་ཕུལ་བའི་གསལ་བཤད་ཀྱི་ཚབ་ལུ་ ཀི་དེབ་བསྐྱར་ཞིབ་འབད་བཅུག་དགོ།

༢༡ ཚུལ་མིན་གྱི་བགོ་དང་དཀྱི་ར་འདི་ བཙོང་མི་དང་ ལག་ལེན་འཐབ་མི་གཉིས་ཆ་ར་ལུ་ བཀག་སྡམ་འབད་དགོཔ།

***

Page 82: འབྲུ ག་གི ་ཨ་ལོའི ་སྤྱི ་ཚོགས ...bcp.ecb.bt/downloads/BCP-Procedings - 1st session.pdfད་རང་ ས ར་ཐ ས་མ་མ

78